མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རེས་གཟའ་ལྷག་པ་ནམ་ཡིན་ལ་མ་ཎི་ཕྲེང་སྐོར་རེ་འདོན་རྒྱུ་མ་བརྗེད།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp
རེས་གཟའ་སྤེན་པའི་ཞོགས་པར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ལོ་ ༡༩༨༩ ལོར་༧གོང་ས་མཆོག་ལ་འཛམ་གླིང་ནོ་བྷེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་གནང་སྟེ་ད་བར་ལོ་ངོ་༢༢འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་སྟབས་བདེ་ཞིག་ཚོགས་སོང་།  
དེ་རིང་ཞོགས་པའི་ཆུ་ཚོད་ ༩ བའི་སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ ༢༢ འཁོར་བའི་དུས་དྲན་སྲུང་གཙི་བྱས་སོང་། མཛད་སྒོའི་སྐུ་མགྲོན་དུ་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་གཉིས་དང་། བཀའ་བློན་ཁྲི་པ་གཙོས་ལྷན་ཁང་ཁག་གི་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཞོན་དང་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྲི་ཞུ་ལས་བྱེད། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། བཞུགས་སྒར་ཉེ་འཁྲིས་ཀྱི་སློབ་གྲྭ་ཁག་གི་སློབ་མ་དང་སེར་སྐྱ་མི་མང་བཅས་མི་མང་  ༢༠༠ ལྷག་འདུ་འཛོམས་ཐོག་དུས་དྲན་སྲུང་གཙི་གནང་སོང་། 
མཛད་སྒོའི་ཐོག་མར་བོད་གཞུང་ཟློས་གར་ཚོགས་པའི་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གྱེར་འདོན་དང་འབྲེལ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བསྒྲེངས་འཛུགས་གནང་རྗེས། མི་མང་ཡོངས་ཀྱིས་བོད་ནང་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་པ་ཡོངས་ལ་མྱ་ངན་གུས་འདུད་ཞུས་ཤིང་། བོད་གཞུང་ཟློས་གར་ཚོགས་པས་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཀྱི་བསྟོད་དབྱངས་བཅས་སྔོན་འགྲོའི་མཛད་རིམ་གྲུབ་རྗེས། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས།བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་དཔར་བསྐྲུན་འགྲེམས་བྱས་པའི་༼བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད་དང་གསུང་རྩོམ་ཕྱོགས་བསྡུས༽དེབ་ཕྲེང་དྲུག་པ་དང་། ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་ ༼ སྲིད་གཞུང་ཞིབ་བསྡུར༽། བོད་ཀྱི་དཔེ་མཛོད་ཁང་གི་ངག་རྒྱུན་ལོ་རྒྱུས་སྡེ་ཚན་ནས་དཔར་འགྲེམས་བྱས་པའི་ནོར་ཝེ་གནས་སྡོད་པ་སྐུ་ཞབས་ཐུབ་བསྟན་བསྟན་འཛིན་ལགས་མི་ཚེའི་ལོ་རྒྱུས་ ༼སྐུ་ཚེའི་ལོ་རྒྱུས་མཐོང་ཐོས་མྱོང་ཚོར༽། མཱ་སུ་རི་གཏན་སློབ་ཀྱི་བོད་དགེ་བསམ་གླིང་ཚེ་རིང་ལྷ་མོ་ལགས་ཀྱིས་བརྩམས་པས་༼ ཀྱག་ཀྱོག་ཆེ་བའི་མི་ཚེ་ལམ་བུ༽། འཕྲོད་བསྟེན་ལས་ཁུངས་ཀྱི་ཊི་བྷི་ནད་གཞི་དང་སྨྱོ་རྫས་ངན་གོམས་སྔོན་འགོག་བསླབ་བྱའི་གློག་བརྙན་༼ཀྱེ་མ། ལམ་ནོར་གྱི་སྐྱོ་གདུང་༽བཅས་སོགས་དབུ་འབྱེད་གནང་བ་མ་ཟད། བོད་གཞུང་གི་བགྲེས་ཡོད་སྲི་ཞུ་ལས་བྱེད་གསུམ་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ཞབས་ལོ་ ༢༥ འཁོར་བའི་ལས་བྱེད་གསུམ་བཅས་ལ་ལེགས་གསོལ་བྱ་དགའི་གསོལ་རས་བཅས་བསྩལ་སོང་། 
དེའི་རྗེས་བཀའ་བློན་ཁྲི་པ་མཆོག་གིས་བཀའ་ཤག་གི་གཏམ་བཤད་ཡིག་ཐོག་ནས་སྦྱར་ཀློག་གནང་སོང་། ཐེངས་འདིའི་བཀའ་ཤག་གི་གཏམ་བཤད་ནང་འདི་ལོ་༸གོང་ས་མཆོག་གིས་བོད་མིའི་འཐབ་རྩོད་རྒྱུན་གནས་དང་བོད་མི་རྣམས་རང་རྐྱ་འཕེར་བ་ཡོང་རྒྱུ་དང་། ཆོས་ལུགས་རིས་མེད་ཀྱི་མང་གཙོའི་སྤྱི་ཚོགས་བསྐྲུན་ཐབས། ཆོས་དང་སྲིད་ཀྱི་དབང་ཆ་ཐ་དད་དབྱེ་རྒྱུའི་རླབས་ཆེའི་དགོངས་གཞིའི་འོག མི་ལོ་བཞི་བརྒྱར་ཉེ་བའི་དགའ་ལྡན་ཕོ་བྲང་གཞུང་གི་སྒྲིག་འཛུགས་ལ་བསྒྱུར་བཅོས་ཀྱིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་བ་སོགས་ལས། ྋགོང་ས་མཆོག་མང་ཚོགས་ཀྱི་བདེ་དོན་ཁོ་ནར་དགོངས་པ་བཞེས་མཁན་གྱི་བླ་མེད་དབུ་ཁྲིད་ཡིན་པ་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་གསལ་རྟོགས་དང་གུས་བཀུར་བྱེད་ཡུལ་ཆགས་ཡོད་པ། ཉེ་སྔོན་ཕྱི་ཟླ་ ༩ ཚེས་ ༢༤ ཉིན་ྋགོང་ས་མཆོག་གིས་རྒྱལ་བའི་ཡང་སྲིད་སྐོར་གྱི་བཀའ་ཡིག་ལ་བཀའ་ཤག་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་དང་། ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ྋགོང་ས་མཆོག་ཁོ་ན་ལས་རྒྱ་ནག་གཞུང་ལ་ཆོས་དང༌ལོ་རྒྱུས། བཟང་སྤྱོད་སོགས་གང་ཐད་ནས་ཐེ་བྱུས་གང་ཡང་མེད་པར། ྋགོང་ས་མཆོག་གིས་ཐག་གཅོད་ལམ་སྟོན་ཇི་གནང་ལ་བོད་མི་ཡོངས་ནས་མཐའ་གཅིག་ཏུ་བརྩི་བཀུར་དང་ལེན་དང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་དང་བླ་སྤྲུལ། སྐུ་ཚབ་བཅས་འདུས་པའི་ཆོས་ཚོགས་ཐེངས་བཅུ་གཅིག་པར་གཏན་འབེབས་བྱུང་བའི་གྲོས་ཆོད་དང༌། ཟུར་རྒྱན་གྲོས་ཆོད་ཁག་ལ་རྒྱབ་སྐྱོར་ཞུ་རྒྱུར་ནན་སྐུལ་བཅས་གནང་འདུག
བཀའ་ཁྲི་མཆོག་གིས་སྦྱར་ཀློག་གནང་དོན། “ དེ་རིང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་ཡིན་སྟབས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་གནང་ནས་མི་ལོ་དྲུག་ཅུ་བརྒལ་ཡང༌། བློ་ཕམ་པ་ཞིག་ལ་བོད་ནང་ལོ་རེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་ནི་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་དང༌། ཁྱད་པར་ ༢༠༠༨ ལོའི་ཞི་བའི་གྱེན་ལངས་རྗེས་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་བའི་དབང་གིས་བྱུང་ཡོད། བོད་ས་ཡོངས་སུ་ལག་བསྟར་བྱེད་བཞིན་པའི་ཆབ་སྲིད་ཀྱི་དམ་དྲག་དང༌། ཆོས་དད་རང་དབང་བརྡལ་བཤིག ཁོར་ཡུག་ཉམས་ཆགདཔལ་འབྱོར་དང་རིག་གཞུང་དབྱེ་འབྱེད་སོགས་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་བརྡལ་བཤིག་ཚབས་ཆེན་བཏང་བ། ད་ལོ་གཅིག་པུར་བོད་མི་ ༡༢ ཀྱིས་རང་ལུས་མེར་བསྲེགས་བཏང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དང༌། དེའི་ཁོངས་ནས་བདུན་འདས་གྲོངས་སུ་གྱུར་ཡོད” ཅེས་དང་། “ ཉེ་སྔོན་བཀའ་བློན་ཁྲི་པ་ཨ་རི་དང་ཡུ་རོབ་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་ཕེབས་སྐབས་གནད་ཡོད་མི་སྣ་མང་པོ་དང་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་འགྲེལ་བརྗོད་ཞུས་པར། ཁོང་ཚོས་སེམས་ཁུར་ཤུགས་ཆེ་གནང་བ་མ་ཟད། བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་དང༌། གྲོས་མོལ་གྱི་ལམ་ནས་བོད་དོན་གང་མྱུར་འགྲིག་ཆགས་ཡོང་ཐབས་བྱེད་དགོས་པའི་རྒྱབ་སྐྱོར་གནང་གི་འདུག ཨ་རིའི་ཕྱི་སྲིད་བློན་ཆེན་ལྕམ་ཁི་ལིན་ཌོན་གྱིས་ “ཉེ་སྔོན་བོད་ནང་ན་གཞོན་ཚོས་རང་ལུས་མེར་བསྲེགས་བཏང་ནས་ངོ་རྒོལ་བྱེད་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་སེམས་འཚབ་ཆེན་པོ་བྱུང” ཞེས་སོགས་གསུངས་ཡོད། ཡིད་སྐྱོའི་དོན་རྐྱེན་དེ་དག་ལ་ྋགོང་ས་མཆོག་ཀྱང་ཐུགས་འཚབ་ཆེན་པོ་གནང་གི་འདུག ནང་པ་ཞིག་ཡིན་པའི་ཆ་ནས་ྋགོང་ས་མཆོག་གིས་ཚེ་སྲོག་ལ་རྩ་ཆེར་དགོངས་ཀྱི་ཡོད་སྟབས་བོད་མི་ཚོས་ཉེན་ཚབས་ཆེ་བའི་ལས་འགུལ་རིགས་སྤེལ་རྒྱུར་རྒྱབ་སྐྱོར་གནང་གི་མེད་པ་ཕྱི་ལོ་ ༢༠༠༨ ལོའི་ཞི་བའི་གྱེན་ལངས་སྐབས་དང༌། དེ་མཚུངས་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་རིམ་པའི་སྐབས་བཀའ་སློབ་ལམ་སྟོན་སྔ་རྗེས་ཕེབས་པ་རྣམས་ནན་བརྗོད་དང་འབྲེལ། བཀའ་བློན་ཁྲི་པས་ཀྱང་འདི་ལོ་ཕྱི་ཟླ་ ༥ པའི་ནང་ལྡི་ལིར་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་ཡོང་བའི་འབོད་སྐུལ་ཇི་ཞུས་འགྲེལ་བརྗོད་ཞུས་པ་ཡིན། གང་ལགས་ཤེ་ན། ང་ཚོའི་ལས་འགུལ་མུ་མཐུད་གནས་པར་ཁོང་ཚོ་འཚོ་གནས་དགོས་པ་ཡིན། དེར་བརྟེན་བོད་ཕྱི་ནང་གཉིས་སུ་འཁོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་བོད་མིའི་ཕུགས་རྒྱང་རིང་པོའི་ཁེ་ཕན་ཆེད་ཤེས་ཡོན་ཐོག་ནུས་ཤུགས་བསྒྲིལ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཤེས་ཡོན་ཅན་གྱི་མི་སྣ་གང་མང་སྐྱེད་སྲིང་ཐུབ་ན་ང་ཚོའི་ལས་འགུལ་མུ་མཐུད་སྲ་བརྟན་ཡུན་གནས་ཡོང་ཐུབ” ཅེས་བསྒྲགས་སོང་།
གཏམ་བཤད་ཀྱི་མཇུག་ཏུ། བོད་མི་ཡོངས་ཀྱིས་རེས་གཟའ་ལྷག་པ་ནམ་ཡིན་ལ་ྋགོང་ས་མཆོག་གི་སྐུ་ཚེ་བརྟན་པ་དང་། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་དང་ཁོང་ཚོའི་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་ཆེད། མ་ཎི་དང་དེ་འབྲེལ་གཟུངས་སྔགས་ཕྲེང་སྐོར་རེ་འདོན་གནང་ཡོང་བའི་འབོད་སྐུལ་ཞུས་འདུག་ལ། རྒྱ་ནག་གཞུང་ལ་བོད་པའི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་དང་། དྲག་གནོན་གྱི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་གིས་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་བྱ་དགོས་པའི་རེ་སྐུལ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཆེད་ཞིབ་འཇུག་མི་སྣ་གཏོང་དགོས་པ་དང་། རང་དབང་ཅན་གྱི་གསར་འགོད་པ་དང་རྒྱ་རིགས་ཤེས་ཡོན་ཅན་ཚོ་ཡང་འགྲོ་སྐྱོད་ཐུབ་པའི་འབོད་སྐུལ་བཅས་ཞུས་འདུག
དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གཏམ་བཤད་སྦྱར་ཀློག་གནང་སོང་། ཐེངས་འདིའི་སྤྱི་འཐུས་ལྷན་ཚོགས་ཀྱི་གཏམ་བཤད་ནང་དུའང་གོང་མཚུངས་ལྟར།
༸གོང་ས་མཆོག་གིས་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ལ་གཟིགས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་དབུ་འཁྲིད་ཀྱི་ཐུགས་འགན་ཡོངས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མགོ་འཁྲིད་ཚོར་རྩིས་སྤྲོད་གནང་ཡོད་ཀྱང་། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་ཀྱི་མཚན་ཐོག་ནས་བོད་མིའི་བསམ་སྤྱོད་ཡར་རྒྱས་དང་། ཆོས་རིག་སྲུང་སྐྱོབ་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་སུ་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིར་ལམ་སྟོན། བོད་དང་བོད་མིའི་ཆེད་རྒྱལ་སྤྱིའི་དབུ་འཁྲིད་རྣམ་པ་དང་གལ་ཆེའི་མི་སྣ་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་སོགས་ཀྱི་མཛད་འགན་མུ་མཐུད་བཞེས་རྒྱུའི་ཞལ་བཞེས་ཐོབ་པར་བཀའ་དྲིན་རྗེས་དྲན་བཅས་ཞུས་འདུག
ས་བྱི་ཞི་རྒོལ་ཆེན་མོ་ནས་བཟུང་བོད་ནང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་པ་དང་། ལྷག་པར་དུ་འདི་ལོ་ཕྱི་ཟླ་ ༣ པ་ནས་རྒྱ་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་རྒྱུན་འཛིན་ལག་བསྟར་མུ་མཐུད་བྱས་པར་བརྟེན། བཟོད་ཐབས་བྲལ་ཏེ་བོད་མི་གཞོན་སྐྱེས་ཚོས་རང་ལུས་ཞུགས་འབུལ་གནང་བའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་བྱུང་ཡོད་ཅེས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་ནས་ཟླ་འདིའི་ཚེས་ ༡ ཉིན་ཆབ་མདོ་གྱིང་ཐང་གྲོང་ཚོའི་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་བར་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༢ ཙམ་གྱིས་སྐུ་ལུས་མེར་བསྲེགས་བཏང་བའི་ལོ་རྒྱུས་རགས་བསྡུས་བཅས་བཀོད་འདུག
 
གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Farmers in Tibet: In the first seven months of this year over 500,000 rural Tibetan labourers have been pushed into military-style training centres.AP
Mobile App

རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་སྙན་ཐོ་བཏོན།

ཆུ་ཚོད་ ༧ སྔོན་ལ།
རྒྱ་ནག་པེ་ཅིན་ནས་ཡིན་པའི་ཁྲིམས་རྩོད་པ་ཏུང་ཕུང་ལགས་ཀྱིས་བོད་ཀྱི་མཚོ་སྔོན་པོའི་འབྲོག་ཁུལ་ནས་གནས་ཚུལ་སྤེལ་བ། ཁོང་གི་བརྙན་ལམ་གྱི་པར།
Mobile App

འབྲོག་མང་བཙན་གྱིས་གནས་སྤོར་བཏང་བ་དང་གུན་གསབ་སྤྲོད་ཀྱི་མེད་པ་སོགས་ཀྱི་གནད་དོན་ལ་རོགས་རམ་བྱེད་ཀྱི་འདུག

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་སྐུལ་ཞུ་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཞལ་གྲངས་ ༥༤ ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ནས་བླངས། ༢༠༢༦།༡།༢༢
༸གོང་ས་མཆོག གསར་འགྱུར།

དགེ་འདུན་པ་ཞལ་གྲངས་ ༥༤ ལ་དགེ་སློང་གི་སྡོམ་པ་བསྩལ། 

༢༠༢༦/༠༡/༢༢
*As of December 1, 2025 | Total imprisoned: 330 journalists. Chart: Charles SpicerSource: The Committee to Protect Journalists
Mobile App

འདས་ལོར་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དེ་རྒྱ་ནག་རེད་འདུག

༢༠༢༦/༠༡/༢༢
རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་མགོ་འཛུགས་གནང་། ༢༠༢༦།༡།༢༡-༢༦  པར་ཚོགས་ཆུང་གིས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་འཚོག་གི་འདུག 

༢༠༢༦/༠༡/༢༢

མཆན། 15

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རང་གི་སྲོག་ལུས་གཉིས་པ་མེད་པར་བཟོས་ཟིན་ན་སུའི་ཆེད་དུ་འགྲོ་བ་མིའི་ཐོབ་ཐང་རྩོད་དགོས་སམ། འདས་པའི་བོད་མི་དཔའ་བོ་ཚང་མར་གུས་བཏུད་ཡོད། འོན་ཏང་བསྟན་པ་ཆབ་སྲིད་གང་གི་ཆེད་དུའང་རང་ལུས་མེར་བསྲེགས་གཏོང་དགོས་དོན་ཡོད་མ་རེད། བོད་ཀྱི་དཔའ་བོ་རྣམས་རྒྱལ་གྱུར་ཅིག །

    Reply
  2. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    བཙན་བྱོལ་ནང་རྟག་ཏུ་ལྷག་དཀར་བརྩི་ཐུབ་ན་ཡག་པོ་འདུག

    Reply
  3. བློ་བཟང་། says:
    ལོ་ 14 སྔོན།

    སྤྱིར་བཀའ་ཤག་འདིར་རྒྱབ་སྐྱོར་ཡོད་ཀྱང་།་བོད་ནང་གི་བོད་མིས་ཚེ་སྲོག་མཆོད་མེད་ཕུལ་དུས་དེ་ནི་༧་གོང་ས་མཆོག་གིས་རྒྱབ་སྐྱོར་མེད་མདོག་བཤད་པ་ནི་རང་ལ་སྙིང་སྟོབས་མེད་པའི་ཉམས་རྒྱ་ནག་ལ་སྤྲད་ཟིན་པ་ཡིན།ད་ནི་རེ་བ་ཞིག་མེད་ཀི་འདོད།དེ་ལས་ལྷ་བཟང་ཚེ་རིང་གི་གཏམ་དེ་ཚོར་རིན་ཐང་ཆེ་ག

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    འགྲོ་བ་མའི་ཐོབ་ཐང་གི་དོན་ཚན་༣༠ལས་༣༠པ་དེ་ནི་ཁྱེད་རངགི་འགྲོ་བ་མའི་འི་ཐོབ་ཐང་དེ་སུས་འཕྲོག་མོ་ཆོག་པ་དེ་རེད། གཞན་པ་དེ་ཚོ་བོད་སྐད་དུ་གང་དང་ཡིན་ནམ།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ཁུག་རྟ་ལགས་་་་ཉིས་ཤས་༧གོང་དུ་ཁྱོད་ཀྱིས་སྲིད་འཛིན་བློ་བཟང་སེང་གེས་ཕར་རྒྱུགས་་་་བཙན་བྱོལ་གཞུང་གི་ཐག་གཅོད་ཚང་མ་ངས་བྱེད་ཀྱི་རེད་ཞེས་གསུངས་ཀྱི་འདུག་ཟེརནས་་་་སྐད་ཆ་ཙམ་ཡང་ཡག་པོ་མི་བཤད་མདོག་བསྒྲབས་ནས་དགག་པ་བརྒྱབས་སོང་།
    དེ་རིང་ཡང་བློ་བཟང་སེང་གེས་ཁྱོད་ལ་བོད་ཡིག་སློབ་སྦྱོང་བྱེད་ཀྱི་ཁས་ལེན་ཡོད་པའི་ཟོལ་ཞིག་བཤད་ཀྱི་འདུག ཡག་ཉེས་ཁྱོད་ཀྱིས་ཅི་ཞིག་བཤད་ཀྱི་ཡོད་དམ། དོན་དག་ངོ་མ་གང་རེད་དམ།
    བློ་བཟང་སེང་གེས་ཁོད་ཀྱི་སྐུ་མདུན་དུ་བོད་ཡིག་སྦྱངས་ཀྱི་ཁས་ཇི་ལྟར་ལེན་གྱི་འདུག་གམ། ཉན་འདོད་ཆེ་ཁུ། ཁུག་ཁུག་ལོ་ལོ།།

    Reply
  6. ཤར་སྐྱེས། says:
    ལོ་ 14 སྔོན།

    བཀའ་ཁྲིའི་གསུང་བཤད་དང་།
    དྲྭ་འབུའི་གཏམ་བཤད་བཅས་བཀླགས་ཟིན།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས། འབྲི་འདོད་པ་ལ་ཤར་ཕྱོགས་ཁུག་རྟགས་ཞེས་བཀོད་ཐལ་ཤོར་འདུག་པ་དགོངས་འགལ་མེད་པ་ཅིག

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟགས།
    ཁྱེད་རང་གི་བོད་ཡིག་གནས་ཚད་དེ། ག་ཚད་ཙམ་ཡོད་དམ། གཞན་ལ་སི་ཏུ་འགྲེལ་ཆེན་རང་རྐྱ་འཕེར་བ་སློབ་འཁྲིད་བྱེད་ཐུབ་པའི་བོད་ཡིག་ཤེས་ཚད་ཡོད་པེ། ཡོད་ན་ཁྱེད་སྒྲ་མདོ་གང་རུང་གཅིག་གང་ལེགས་ཤེས་བགྱིད་ཡོད་པ་རེད།
    མེད་ན་རང་གདོང་མེ་ལོང་ལ་བལྟས་ནས། རང་ཉིད་བོད་ཡིག་དང་བོད་སྐད་ཡར་རྒྱས་བཏང་ན་མི་མཛེས་སམ། ང་ཚོའི་བཀའ་ཁྲི་བློ་སེང་ལགས་ཀྱི་བོད་ཡིག་དང་བོད་སྐད་ཀྱི་སྐྱོན་གཅིག་པུ་བཙལ་ནས་དུས་ཚོད་བཏང་ནས་མ་བསྡད་ན་མི་ལེགས་སམ། །ཧ་ཧ་ཧ། །

    Reply
  9. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ད་ཐེངས་ཀྱི་གཏམ་བཤད་འདི་ལ་དངོས་གནས་མཁས་པ་ངོ་མ་ཟམ་གདོང་རིན་པོ་ཆེའི་དྲི་མ་ཞིག་འདུག གོ་ཐོས་བྱས་ན་ཁ་སང་བཀའ་ཁྲི་ཉམས་ཅན་ཉམས་དགའ་བོས་བོས་བོད་ཡིག་ཀློག་སྟངས་ཅུང་ཡར་རྒྱས་སུ་ཕྱིན་འདུག་ཟེར། དེ་ཡག་པོ་རེད། ང་ལ་ཁས་བླངས་པ་བཞིན་ཁོམ་ལུང་ནམ་བྱུང་ལ་བོད་ཡིག་སྦྱངས་རྒྱུ་མ་བརྗེད་ལོ། དེ་ལྟར་བྱས་ན། པར་དེའི་སྟེང་རྫིག་ཉམས་དེ་འདྲ་བསྟན་ན་ཆོག་ཆོག་ཡིན་ནི་རེད།

    Reply
  10. རུ་གསར་ཚང་། says:
    ལོ་ 14 སྔོན།

    གོང་གི་བཀའ་ཁྲིའི་མདུན་གྱི་རྒྱལ་རྟགས་གཤམ་གྱི་”བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་”ཅེས་པའི་མཐའ་ལ་ཚེག་ལྷག་ཅིག་ཤད་ལྷག་ཅིག་འཇོག་དགོས་དོན་གང་ཡིན་ནམ། འདི་མ་དག་པ་རེད་དམ་མཚོན་དོན་དམིགས་བསལ་བ་ཞིག་ཡོད་པ་རེད། དེ་ནས་གོང་གསར་འགྱུར་ཁ་བྱང་ནང་དུ་མ་བརྗེད་ཟེར་བ་དེ་ཡང་མ་རྗེད་ཅེས་སྐུལ་ཚིག་བྲི་དགོས་པ་མིན་ནམ། གསར་འགྱུར་དངོས་གཞིའི་ནང་ན་ཡིག་ནོར་མང་པོ་འདུག འོན་ཀྱང་། གཞན་པ་མི་ཡོང་ན་ཁ་བྱང་དག་མོ་ཞིག་བྲི་རྒྱུ་བདག་གི་རེ་བ་ཡིན།

    Reply
  11. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    དགུན་སྔོན་ནམ་མཁའི་ཡངས་རེད། །
    མཐའ་ཡས་རྒྱ་མཚོའི་ཟབ་རེད། །
    ཁ་བ་དཀར་བོའི་མདངས་རེད། །
    ཐུགས་རྒྱུད་ཟག་མེད་ཁམས་རེད། །

    ཉི་མ་ཟླ་བའི་འོད་རེད། །
    དར་ཡུག་དཀར་བོའི་འཇམ་རེད། །
    ཚིགས་དྲུག་སྨྱུག་མའི་དྲང་རེད། །
    མཁས་བཙུན་བཟང་བོའི་ཏོག་རེད། །

    ཤེས་རབ་གློག་གི་མྱུར་རེད། །
    མཁྱེན་རབ་ནམ་མཁའི་མཛོད་རེད། །
    དུས་གསུམ་གཟིགས་པའི་སྤྱན་རེད། །
    ཀུན་མཁྱེན་ཡེ་ཤེས་དབྱིངས་རེད། །

    ཆུ་བོ་རྣམ་བཞིའི་རྒྱུན་རེད། །
    དངོས་གྲུབ་ལྷ་ཡི་ཆར་རེད། །
    དགོས་འདོད་འབྱུང་བའི་ནོར་རེད། །
    འཕྲིན་ལས་རྒྱ་མཚོའི་དཔལ་རེད། །

    སྐྱོབ་པ་ལྷ་མིའི་མགོན་རེད། །
    ཐབས་མཁས་ཐུགས་རྗེའི་གཏེར་རེད། །
    གངས་ཅན་འགྲོ་བའི་མ་རེད། །
    འགྲོ་དྲུག་འདྲེན་པའི་སྐྱབས་རེད། །

    གསུང་དབྱངས་ཚངས་པའི་མགུར་རེད། །
    ཟབ་གསལ་རིག་པའི་བཅུད་རེད། །
    ཕན་དང་བདེ་བའི་ལམ་རེད། །
    དུག་གསུམ་འཇོམས་པའི་སྨན་རེད། །

    བྱམས་ཆེན་མགོན་པོའི་ཐུགས་རེད། །
    བརྩེ་ཆེན་ཐུབ་པའི་ཞལ་རེད། །
    སྙིང་རྗེ་ཆེན་པོའི་གཟུགས་རེད། །
    གངས་རིའི་ལྷག་པའི་ལྷ་རེད། །

    ཞི་བདེའི་དེད་དཔོན་ཁྱོད་མཁྱེན། །
    གངས་རིའི་མགོན་པོ་ཁྱོད་མཁྱེན། །
    སྤྱན་རས་གཟིགས་དབང་ཁྱོད་མཁྱེན། །
    ༸བསྟན་འཛིན་རྒྱ་མཚོ་ཁྱོད་མཁྱེན། །

    Reply
  12. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    གཏམ་བཤད་སྦྱར་ཀློག་ཅེས་པ་སྒྲོགས་སྦྱངས་གནང་སོང་ཞེས་བྲིས་ན་འཚམས་པར་སྙམ།

    Reply
  13. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    མི་མང་༢༠༠ལྷག་དེ་༢༠༠༠ལྷག་ལོས་ཡིན།
    དེ་རིང་ཉིན་མོ་འདི་ང་ཚོའི་གཟི་བརྗིད་ཀྱི་ཉིན་མོ་ཞིག་དང་བཀའ་དྲིན་རྗེས་དྲན་གྱི་ཉིན་མོ་ཞིག་ཡིན། ང་ཚོའི་དེ་རིང་དང་སང་ཉིན་ལ་དྲན་སྐུལ་དང་ལམ་སྟོན་གྱི་ཉིན་མོ་ཞིག་ཡིན།

    Reply
  14. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    ཡིད་སྐྱོའི་དོན་རྐྱེན་དེ་དག་ལ་ྋགོང་ས་མཆོག་ཀྱང་ཐུགས་འཚབ་ཆེན་པོ་གནང་གི་འདུག ནང་པ་ཞིག་ཡིན་པའི་ཆ་ནས་ྋགོང་ས་མཆོག་གིས་ཚེ་སྲོག་ལ་རྩ་ཆེར་དགོངས་ཀྱི་ཡོད་སྟབས་བོད་མི་ཚོས་ཉེན་ཚབས་ཆེ་བའི་ལས་འགུལ་རིགས་སྤེལ་རྒྱུར་རྒྱབ་སྐྱོར་གནང་གི་མེད་པ་ཕྱི་ལོ་ ༢༠༠༨ ལོའི་ཞི་བའི་གྱེན་ལངས་སྐབས་དང༌། དེ་མཚུངས་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་རིམ་པའི་སྐབས་བཀའ་སློབ་ལམ་སྟོན་སྔ་རྗེས་ཕེབས་པ་རྣམས་ནན་བརྗོད་དང་འབྲེལ། བཀའ་བློན་ཁྲི་པས་ཀྱང་འདི་ལོ་ཕྱི་ཟླ་ ༥ པའི་ནང་ལྡི་ལིར་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་ཡོང་བའི་འབོད་སྐུལ་ཇི་ཞུས་འགྲེལ་བརྗོད་ཞུས་པ་ཡིན། གང་ལགས་ཤེ་ན། ང་ཚོའི་ལས་འགུལ་མུ་མཐུད་གནས་པར་ཁོང་ཚོ་འཚོ་གནས་དགོས་པ་ཡིན། དེར་བརྟེན་བོད་ཕྱི་ནང་གཉིས་སུ་འཁོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་བོད་མིའི་ཕུགས་རྒྱང་རིང་པོའི་ཁེ་ཕན་ཆེད་ཤེས་ཡོན་ཐོག་ནུས་ཤུགས་བསྒྲིལ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཤེས་ཡོན་ཅན་གྱི་མི་སྣ་གང་མང་སྐྱེད་སྲིང་ཐུབ་ན་ང་ཚོའི་ལས་འགུལ་མུ་མཐུད་སྲ་བརྟན་ཡུན་གནས་ཡོང་ཐུབ”

    Reply
  15. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    ཡ་ཡ་ཤེས་སོང་ང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese