མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་གི་མཛད་རྗེས་གླེང་བ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་སྤེན་པའི་ཉིན་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག  བཞུགས་སྒར་མཚན་ཉིན་ཚོགས་ཁང་དུ་༸གོང་ས་མཆོག་གི་མཛད་རྗེས་གླེང་བའི་བགྲོ་གླེང་ཞིག་ཚོགས་སོང་།

ཁ་སང་ཕྱི་ཚེས་ ༡༠ ཉིན་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་གནང་ནས་ལོ་ ༢༢ འཁོར་བའི་དུས་དྲན་གྱི་མཛད་སྒོའི་སྐབས་དང་བསྟུན་ནས། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག  ཕྱི་དྲོའི་ཆུ་ཚོད་ ༣ སྟེང་བཞུགས་སྒར་མཚན་ཉིད་གྲྭ་ཚང་གི་ཚོགས་ཁང་དུ་༸གོང་ས་མཆོག་གི་མཛད་རྗེས་གླེང་བའི་བགྲོ་གླེང་ཞིག་ཚོགས་ཏེ། གདན་ཞུའི་བགྲོ་གླེང་པ་མཚན་ཉིན་གྲྭ་ཚང་གི་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་༼ ༸གོང་ས་མཆོག་དང་ནང་ཆོས༽ཞེས་པའི་བརྗོད་གཞི་དང་། བོད་ཀྱི་དུས་བབ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་༼ ༸གོང་ས་མཆོག་དང་དམངས་གཙོ༽དང་། ནོར་གླིང་མཐོ་སློབ་ལོ་རྒྱུས་དགེ་རྒན་ལྷ་ལུང་རྒྱལ་ལགས་ཀྱིས་༼ ༸གོང་ས་མཆོག་དང་བོད་ཀྱི་ལོ་རྒྱུས༽། བོད་གནས་ཉམས་ཞིབ་པ་ཚེ་རིང་རྡོ་རྗེ་ལགས་ཀྱིས་༼ ༸གོང་ས་མཆོག་དང་རྒྱ་ནག་མི་མང་༽བཅས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་རྗེས།  བགྲོ་གླེང་ལ་མཉམ་ཞུགས་གནང་མཁན་དག་གིས་༸གོང་ས་མཆོག་གི་མཛད་རྗེས་ལ་བསྔགས་པའི་སྙན་ངག་གྱེར་འདོན་བཅས་གནང་སོང་།

བགྲོ་གླེང་གི་ཐོག་མར་དབུ་མའི་ལམ་ལས་འགུལ་ཁང་གི་དྲུང་ཡིག་བློ་བཟང་ཆོས་འབྱོར་ལགས་ཀྱིས་མགོ་འཛིན་གཏམ་བཤད་དང་སྦྲགས། དེ་སྔོན་༸གོང་ས་མཆོག་གིས་ནོར་ཝེ་རྒྱལ་ས་ཨོ་སི་ལོར་ཞི་བདེ་གཟེངས་རྟགས་བཞེས་སྐབས་ཀྱི་གསར་འགོད་ལྷན་ཚོགས་སྟེང་། དེ་རིང་ང་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་བ་འདི་ནི། ངོས་དང་བོད་མི་ས་ཡ་དྲུག་གི་སྙིང་སྟོབས་ཡིན་པ་དང་། འདི་ལ་བརྟེན་ནས་རྒྱལ་སྤྱི་སྒང་བོད་དོན་རྒྱབ་སྐྱོར་ཐད་ཚ་རླབས་ཤིག་འཕྱུར་གྱི་རེད་ཅེས་གསུངས་པ་ལྟར། བཙན་བྱོལ་བོད་མིའི་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་ཕུལ་བ་དེས།  བོད་དོན་འཛམ་གླིང་སྒང་ཁྱབ་བསྒྲགས་དང་རྒྱལ་སྤྱིའི་སྒང་བོད་ཀྱི་འཐབ་རྩོད་ལ་སྔར་ལས་ལྷག་པར་རྒྱབ་སྐྱོར་ཡོང་བའི་སྒུལ་ཤུགས་གཙོ་བོ་ཞིག་ཏུ་གྱུར་ཡོད་པའི་སྐོར་ངོ་སྤྲོད་བྱས་སོང་། 

དེ་རྗེས་དབུ་མའི་ལས་འགུལ་ཁང་གི་སྤྱི་ཁྱབ་དྲུང་ཆེ་དང་བོད་མི་མང་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས། “ཕར་བལྟས་ཡོང་དུས་སྒང་ལ་དེ་རིང་གི་བགྲོ་གླེང་འདི་མི་ཉུང་ཉུང་ཤིག་དང་། གལ་ཆུང་བ་ལྟ་བུའི་བཟོ་ཞིག་འདུག་སྟེ། ཡིན་ནའང་། ང་ཚོའི་ངོས་ནས་ཆེ་བ་བཞི་ལྡན་ཞིག་ལ་ངོས་འཛིན་གནང་གི་ཡོད” ཅེས་བརྗོད་དེ།  བགྲོ་གླེང་བྱེད་སའི་གནས་ཀྱི་ཆ་ནས་༸གོང་ས་མཆོག་གིས་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་པའི་བཞུགས་སྒར་ཕོ་བྲང་གི་མཐའ་འཁོར་གྱི་གནས་ཁྱད་པར་ཅན་དང་། དུས་ཀྱི་ཆ་ནས་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཀྱི་དུས་དྲན་ཉིན་མོ་སྟེ་འཛམ་བུ་གླིང་ལ་རིན་ཐང་དང་བརྗོད་རིན་ཡོད་པའི་དུས་ཁྱད་པར་ཅན། བརྗོད་གཞི་ཡི་ཆ་ནས་ཀྱང་༸གོང་ས་མཆོག་གི་མཛད་པ་འཕྲིན་ལས་ཀྱི་སྒང་ལ་བགྲོ་གླེང་གི་བརྗོད་གཞི་ཁྱད་པར་ཅན།   བགྲོ་གླེང་བྱེད་པོའི་ཆ་ནས་དགེ་བཤེས་ཟླ་བ་ལགས་གཙོས་ཁོང་མཁས་དབང་རྣམ་པ་ནི་ང་ཚོ་བཙན་བྱོལ་ནང་ཡོངས་གྲགས་ཤིག་ཆགས་བསྡད་ཡོད་པ་བཅས། དེ་རིང་གི་བགྲོ་གླེང་དེ་ནམ་ཞག་རྒྱུན་གཏན་གྱི་བགྲོ་གླེང་དང་མ་འདྲ་བར་གལ་ཆེན་པོ་ཆགས་ཡོད་པར་མ་ཟད། བོད་ནང་ལ་ཆ་བཞག་ན་༸གོང་ས་ཆོག་གི་མཛད་རྗེས་སྐོར་བགྲོ་གླེང་གནང་རྒྱུའི་གོ་སྐབས་མེད་པར། ཐ་ན་༸གོང་ས་མཆོག་གི་སྐུ་པར་བཤམས་པ་ཙམ་གྱིས་ཀྱང་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པའི་གནས་སྟངས་དེ་འདྲ་ཞིག་ཆགས་བསྡད་ཡོད་སྟབས། ང་ཚོའི་ངོས་ནས་འདི་འདྲའི་བགྲོ་གླེང་གནང་རྒྱུ་བྱུང་བ་འདི་ནི་རྨད་དུ་བྱུང་བའི་སྐལ་བ་བཟང་པ་ཞིག་ཡིན་པར་ངོས་འཛིན་དང་། འདི་འདྲའི་སྐལ་བ་བཟང་པོའི་རྣམ་དཀར་དགེ་བའི་མཐུ་ལ་བརྟེན་ནས་༸གོང་ས་མཆོག་གི་སྐུ་ཚེ་སྐལ་བརྒྱར་བརྟན་པ་དང་། ཁོང་གི་ཐུགས་ཀྱི་དགོངས་བཞེད་ལྟར་བོད་གཞིས་བྱེས་ལྷན་འཛོམས་ཡོང་ཆེད། ང་ཚོ་ཚང་མས་བསམ་པ་བཟང་པོའི་སྒོ་ནས་རེ་བ་དང་སྨོན་ལམ་འདེབས་དགོས་པ་དེ་གལ་ཆེན་པོ་ཡིན་པའི་སྐོར་བརྗོད་སོང་།

 
གསར་འགོད་པ། ཚེ་རིང་རྒྱལ།
 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

ཆུ་ཚོད་ ༢ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣

མཆན། 4

  1. རྨོག་རུ་བསྟན་པ། says:
    ལོ་ 14 སྔོན།

    རྩོམ་རིག་གི་སློབ་དཔོན་དམ་པ་རྒན་ལྷ་མོ་སྐྱབས་དང་། ཨ་ལགས་ཡེ་ཤེས་ཚང་སོགས་ཕེབས་ཏེ་དགོངས་ཚུལ་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་ལས་དྲུང་འདི་ནི་ཤར་ཕྱོགས་ཁུག་རྟ་རེད། ཤར་ཕྱོགས་ཁུག་རྟ་ལ་མཚོན་ན་རང་ཉིད་ལ་རང་བདག་གི་འདུན་ལམ་དང་། རང་དབང་གི་བསམ་ཚུལ་གྱི་གླེང་སྟེགས་སོགས་གལ་ཆེ་བ་སྨྲོས་མེད་རེད།
    ཁོང་ཉིད་དབུ་མའི་ལམ་དུ་ཕེབས་ཏེ་རང་ཉིད་ཀྱི་གདོད་མའི་དམིགས་ཡུལ་མ་དོར་བའི་ཐོག་བོད་མི་རིགས་ཀྱི་ལས་དབང་ལ་བསམ་ཤེས་བྱེད་བཞིན་པར་ང་ཚོས་རྗེས་སུ་ཡི་རང་བྱེད་དགོས་པ་ཞིག་ཡིན།
    དེ་བཞིན་དྲ་གྲོགས་ཀརྨ་རྡོ་རྗེ་ལགས་ཕེབས་པར་འཚམས་འདྲི་ཞུ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མའོའི་རོ་འཇལ་འགྲོ་མཁན་ཉུང་ཉུང་མིན་པ་འདྲ། ༸གོང་ས་མཆོག་གི་མཛད་རྗེས་དང་བསྟོད་ཚིག་བྲིས་པ་དེ་བས་ཀྱང་ད་དུང་ཉུང་དྲགས་པའི་སྐྱོན་མི་འདུག་གམ། ལེགས་སོ་ལེགས་སོ་རིགས་ཀྱི་བུ་ཚོ། དེ་དེ་བཞིན་ནོ། ཞེས་བཟླ་རྒྱུ་ལས་མ་འདས་ལགས།

    Reply
  3. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 14 སྔོན།

    དྲུང་ཡིག་འདི་ཤར་ཕྱོགས་ཁུག་རྟ་མཆོག་ཨེ་རེད། ཡིན་ན་ཕྱག་ལས་གནང་བདེ་ས་ཞིག་ཐོབ་པར་སྙིང་ནས་རྟེན་འབྲེལ་ཞུ། སྨྱུག་ཐོགས་པ་ཚོས་གཅིག་གིས་གཅིག་ལ་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེ། ཡིན་ཡང་གཞི་རྩའི་བསམ་བློའི་ཕྱོགས་ནས་བློ་རྩེ་གཏོད་ས་མི་འདྲ་བ་ཡོད་ཆོག་པ་ཞིག་རེད།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ད་དུང་བརྗོད་གཞིའི་ནང་ལ། ༸རྒླ་བ་རིན་པོ་ཆེ་དང་ཆོས་ལུགས་ཁག ༸གོང་ས་མཆོག་དང་ཚན་རིག་པ། ལྷག་པར་དུ་ཡང་ཡིད་བཞིན་ནོར་བུ་དང་འཛམ་གླིང་ཞི་བདེ་ཟེར་བའི་བརྗོད་གཞི་འདི་ཡོད་ན་ཅི་འདྲ་བཟང་ཨང་སྙམ་པ་བྱུང། གང་ལྟར་དུས་ཚེས་བརྩི་སྲུང་གནང་བར་རྗེས་སུ་ཡི་རང་ཞུ།

    ཐབས་མཁས་ཐུགས་རྗེས་ཆོས་ལུགས་རིས་མེད་མཛད།
    རྣམ་དཔྱོད་མཆོག་གིས་ཚན་རིག་གྲོགས་སུ་བསུས།
    བྱམས་བརྩེ་ཆེན་པོས་འཛམ་གླིང་ཞི་བདེར་འཁྲིད།
    རླབས་ཆེན་མཛད་པ་འདི་གསུམ་གཞན་གྱིས་མིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese