མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞིག་དམར་གསོད།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་མདོ་སྨད་ཀན་ལྷོ་བསང་ཆུ་རྫོང་ཨ་མཆོག་ཞང་གི་བོད་མི་ཞིག་དམར་གསོད་བཏང་ཡོད་འདུག

མདོ་སྨད་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༩ ཉིན་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཁོངས་ཀྱི་ལྷོ་རྒྱུད་དུ་ཡོད་པའི་ཨ་མཆོག་ཞང་གི་བོད་མི་ཆོས་འབྱོར་འབོད་པ་སྦག་སྦག་འཁོར་ལོར་ (འཕྲུལ་རྟ) ཞོན་ཏེ་བསང་ཆུ་རྫོང་ཐོག་ཏུ་ཡོད་པའི་བླ་བྲང་བཀྲ་ཤིས་འཁྱིལ་དུ་མཆོད་མཇལ་ཏུ་ཡོང་སྐབས། བསང་ཆུ་རྫོང་ཉེན་རྟོག་པས་བཀག་འགོག་དང་སུན་གཙེར་བཟོས་ཏེ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བསྐྱལ་མཐར། ཁོང་དང་ཉེན་རྟོག་པའི་བར་འཁྲུག་འཛིང་ཤོར་ཏེ། མཐའ་མར་ཉེན་རྟོག་མི་སྣས་ཁོང་དམར་གསོད་བཏང་ཡོད་འདུག

ཉེ་ལམ་ས་གནས་ཉེན་རྟོག་པས་ཆོས་འབྱོར་ལགས་ཀྱི་ནང་མིར་རྒྱ་སྒོར་ཁྲི་ ༡༡༠ ལྷག་སྤྲད་དེ་གནས་ཚུལ་ཞི་འཇམ་ཡོང་ཐབས་བྱས་ཡོད་ཀྱང་། ཆོས་འབྱོར་ལགས་ཀྱི་ནང་མིས་བོད་ཀྱི་ལུགས་སྲོལ་ལྟར་གྱོད་དོན་ཐག་གཅོད་བྱ་དགོས་པའི་རེ་འདུན་བཏོན་སྟེ་གནས་ཚུལ་ཐག་གཅོད་བྱས་ཡོད་འདུག    

ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་སྟེ། ༸གོང་ས་མཆོག་གིས་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་ཏེ་ལོ་ ༢༢ འཁོར་བའི་དུས་དྲན་དང་སྟབས་བསྟུན་ཏེ། རྒྱ་ནག་གཞུང་གིས་མདོ་སྨད་ཀན་ལྷོ་རྨ་ཆུ་རྫོང་དུ་དམག་མི་མང་དུ་བཏང་སྟེ་དམ་དྲག་དང་གང་བྱུང་བོད་མི་འཛིན་བཟུང་གིས་བོད་མི་ཚོར་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མཁན་དང་མེ་མདའ་ཡོད་པའི་ཁྱིམ་ཚང་གང་ཡིན་སོགས་ཀྱི་ཐད་གཅར་རྡུང་འདྲི་གཅོད་བྱས་ཡོད་པ་མ་ཟད། ཀན་ལྷོ་ཁུལ་གྱི་ས་གནས་གཞན་དུའང་གཅིག་མཚུངས་ཀྱིས་དམ་དྲག་བྱས་ཡོད་འདུག  

གསར་འགོད་པ། དོན་གོ   

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 6

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ནང་མིར་རྒྱ་སྒོར་ཁྲི་ ༡༡༠ ལྷག་སྤྲད། ཅེས་པ་འདི།
    འདི་ལྟར་འབྲི་དགོས་ཏེ། ནང་མིར་༼༡༡༠༠༠༠༠རྒྱ་སྒོར་༽རྒྱ་སྒོར་འབུམ་བཅུ་གཅིག་ལྷག་སྤྲད། ཅེས་འབྲི་མི་དགོས་སམ། ངས་འདིར་རྗོད་བྱེད་ཚིག་གི་འགྲོ་སྟངས་ཤོད་པ་ལས། བརྗོད་བྱ་དོན་གྱི་གྲངས་ཚད་འཇལ་བའི་བློ་གྲོས་ང་ལ་མེད།
    འབུམ་བཅུ་གཅིག་ཅེས་གོ་བདེ་བ་དེ་བཞག་ནས་ཁྲི་བརྒྱ་དང་བཅུ་འབྲི་ཚུལ་འདི་ནི་ཐབས་ལ་མི་མཁས་པའི་གནས་ཚུལ་གཏོང་སྟངས་ཅིག་ཆགས་པ་མིན་ནམ། ང་ནོར་ཡོད་ན་གསལ་བཤད་གནོངས་རོགས་གནང་། དོན་གོ་ལགས། །

    Reply
  2. ནད་པ says:
    ལོ་ 14 སྔོན།

    རྒྱ་སྒོར་ཁྲི་༡༡༠ ཁྱོན་ནས་ཡིན་གྱི་མ་རེད་བསམ་སོང་གང་ཡིན་ཟེར་ན་བོད་རང་སྐྱོང་ལྗོངས་ཁུལ་དུ་མོ་ཊ་སོགས་ཀྱིས་ཤེས་ཡོན་ཅན་དང་། མཐོ་རིམ་སློབ་མ་བསད་ན་མི་རིན་རྒྱ་སྒོར་ཁྲི་ ༢༥ ནས་ ༣༠ རེད།

    དེ་མིན་མི་དམངས་དཀྱུས་མ་ཞིག་བསད་ན་རྒྱ་སྒོར་ཁྲི་ ༢༠ ཙམ་རེད། ཡིན་ནའང་བོད་ཀྱི་གྲྭ་བཙུན་ཤི་སྨད་བྱུང་ན་ཁྲིམས་ཁང་ནས་རྒྱ་སྒོར་༥༠༠ སྤྲད་ན་འགྲིག་གི་ཡོད་རབས་འདུག

    Reply
  3. ཤར་མདའ། says:
    ལོ་ 14 སྔོན།

    གང་ལྟར་རྒྱ་ནག་དམར་གཞུང་གི་ཆབ་སྲིད་ཀྱི་སྲིད་འཇུས་ཀྱི་དབང་གི་བོད་མི་ཚོ་མཉམ་ཆུང་ཆུང་ཡིན་པ་ཤེས་གསལ་རེད།   འོན་ཀྱང་ཁོང་ཁྲོས་དབང་དུ་མ་སོང་བར་རང་ནུས་གང་ཡོད་ཀྱི་དྲང་བདེན་གྱི་ལམ་ནས་ཐག་གཅོད་ཡག་པོ་ཞིག་ཡོང་ཐབས་དང་རྒྱ་མི་རིགས་དང་བར་འགལ་བ་མ་སོང་བ་ཞིག་གནང་གལ་ཆེ་བ་རེད།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མི་གཉིས་ཁོང་ཁྲོ་ལངས་ནས་དམར་རྫིང་ལས་གྲོངས་པ་ཡིན་ན་གནལ་ཚུལ་གཞན་ཅིག་རེད། འོན་ཀྱང་རྒྱ་གཞུང་གི་ཉེན་རྟོག་པས་བོད་པ་བོད་ཡུལ་དུ་དམར་གསོད་བཏང་བ་ཡིན་ན། མི་མང་ཡར་ལངས་དགོས་རེད་མ་གཏོགས། ཉིན་གཅིག་རང་ཉིད་ཀྱང་་་་་་

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    མ་གཞི་བྱས་ན་བསད་སོང་བའི་མི་ཡར་སློང་ཐབས་བྲལ་བ་དང་དེའི་དགེ་རྩ་སོགས་ལ་བསམ་ན་སྟོང་འཇལ་བས་ཆོག་པར་བྱས་ཆོག་ན་ཡང། བོད་ཀྱི་གནས་སྟངས་སྤྱི་དང་འབྲེལ་ནས་གནད་དོན་འདི་རིགས་ལ་བལྟ་དུས། འདི་རྒྱ་མི་ཕལ་བ་ཞིག་དང་འཐབ་པ་མིན་པར་གཞུང་གི་ཉེན་རྟོག་པས་མི་སྲོག་རྩེ་སྤྱད་བྱེད་ཚུལ་ལ་ངོ་རྒོལ་ཆེན་པོ་བྱེད་དགོས། མི་མང་གིས་ཞི་བའི་སྐད་འབོད་བྱེད་དགོས། གནད་དོན་འདི་རིགས་ལ་མེ་སྒང་ལ་སྣུམ་བཤོ་བར་འགྱུར་རྒྱུར་ཁོ་ཚོ་དངངས་འཚབ་ཡོང་གིན་ཡོད། དེ་བས་མེ་ཆུང་ཐོག་ལ་གསོད་ཐབས་བྱེད་ཀྱིན་ཡོད་པ་རེད།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    ( ཉེ་ལམ་ས་གནས་ཉེན་རྟོག་པས་ཆོས་འབྱོར་ལགས་ཀྱི་ནང་མིར་རྒྱ་སྒོར་ཁྲི་ ༡༡༠ ལྷག་སྤྲད་དེ་གནས་ཚུལ་ཞི་འཇམ་ཡོང་ཐབས་བྱས་ཡོད་ཀྱང་། ཆོས་འབྱོར་ལགས་ཀྱི་ནང་མིས་བོད་ཀྱི་ལུགས་སྲོལ་ལྟར་གྱོད་དོན་ཐག་གཅོད་བྱ་དགོས་པའི་རེ་འདུན་བཏོན་སྟེ་གནས་ཚུལ་ཐག་གཅོད་བྱས་ཡོད་འདུག ) ཅེས་པ་ལྟར་ན། རྒྱ་སྒོར་འབུམ་བཅུ་གཅིག་ཟེར་དུས་ཉུང་ཉུང་ཞིག་རྩ་བ་ནས་མ་རེད། རྒྱ་དམར་གྱིས་དེ་ལྟར་སྤྲད་པ་དངོས་འབྲེལ་ཡིན་ནམ།
    ངས་བལྟས་ན་དེ་འདྲ་ཡིན་གྱི་མ་རེད། རྒྱ་མིས་བོད་མི་ཚོར་འབུ་སྲིན་གྱི་འདུ་ཤེས་ལས་འཇོག་གི་མེད་པ་ཀུན་གྱིས་མཁྱེན་གསལ་རེད།

    གཞན་ཡང་གྱོད་དོན་བཞིན་གནས་ཚུལ་ཐག་གཅོད་བྱས་ཡོད་ན་ཐག་གཅོད་ཇི་ལྟར་བྱས་མིན་ཁ་གསལ་ཞིག་མཁོ་སྤྲོད་བྱེད་ཐུབ་ན་ཡག་པོ་འདུག དེ་མིན་གནས་ཚུལ་ཁུངས་ལྡན་མེད་ཚེ་ཁ་ཁྲལ་འཇལ་བ་ཙམ་བྱས་ན་དགོས་པ་ཆེས་མ་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese