མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མའི་དམག་དཔུང་ཕྱིར་འཐེན་གྱི་གཏམ་བཤད།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་ཉིན་ཨ་རིའི་མངའ་སྡེ་ཁཱ་རོ་ལེ་ནཱ་ནུབ་མའི་(North Carolina) ནང་ཡོད་པའི་ཨ་རིའི་དྲག་ཆས་དམག་དཔུང་གི་རྟེན་གཞི་ཧྥོར་ཌི་བྷི་རེ་གྷི (Fort Bragg) ནས་སྲིད་འཛིན་ཨོ་བྷ་མས་གཏམ་བཤད་ཅིག་སྤེལ་ཏེ། འབྱུང་འགྱུར་ཉིན་འགའི་ནང་ཨེ་རག་ཏུ་ཡོད་པའི་ཨ་རིའི་དམག་མི་རྣམས་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་གྱི་ཨོ་བྷ་མའི་གཏམ་བཤད་ནང་། ཁོང་ཐོག་མར་ཨ་རིའི་སྲིད་འཛིན་གྱི་འོས་གཞིར་ལངས་སྐབས་ཀྱི་རྩ་དོན་གཙོ་བོ་གཅིག་ནི་དམག་འཁྲུག་ལ་ངོ་རྒོལ་བྱ་རྒྱུ་དེ་ཡིན་པ་ལྟར། སྲིད་འཛིན་ཟུར་པ་བྷུ་ཤི་ཡི་སྐབས་སུ་ཨེ་རག་ནང་ཨ་རིའི་དམག་འཁྲུག་མགོ་བརྩམས་ཡོད་པ་ད་ནས་མཇུག་སྒྲིལ་རྒྱུ་དང་། དམག་འཁྲུག་ནང་ཞུགས་མཁན་ཨ་རིའི་དམག་མི་རྣམས་ལ་ཆེད་བསྟོད་དང་། རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་རང་སྲོག་ཤོར་པའི་དམག་མི་རྣམས་དང་ཁོང་ཚོའི་ནང་མི་དག་ལ་ཐུགས་གསོའི་རྗེས་དྲན་བྱས་ཤིང་། འདས་པའི་ལོ་དགུ་ཙམ་རིང་གི་དམག་འཁྲུག་མཇུག་སྒྲིལ་ཏེ། རྒྱལ་ཁའི་ངང་ཕྱིར་ལོག་རྒྱུར་ཕེབས་བསུ་ཞུས་ཡོད་པ་རེད། ཁོང་གིས། “ང་རང་སྤོབས་པ་ཆེན་པོས།ཁྱེད་ཚོའི་དམག་སྤྱི་ཞིག་དང་བླ་ན་མེད་པའི་ཨ་རི་བའི་ཚབ་བྱས་ཏེ་ཚིག་གཉིས་བརྗོད་རྒྱུ་ཡིན། ནང་དུ་ལོག་པར་དགའ་བསུ་ཞུ།ནང་དུ་ལོག་པར་དགའ་བསུ་ཞུ” ཞེས་བརྗོད་འདུག

ཉིན་དེའི་གཏམ་བཤད་སྐབས་ཨོ་བྷ་མས་ཨེ་རག་ནང་གི་དམག་འཁྲུག་ནི་མ་འོངས་པར་ལོ་རྒྱུས་ཆགས་སྲིད་པ་དང་། དམག་འཁྲུག་ཁྲོད་དངོས་སུ་དམག་འཐབ་བྱེད་མཁན་ཚོའི་བྱས་རྗེས་ནི་མི་རབས་ནས་མི་རབས་པར་གནས་ངེས་པ། ཨ་རི་རྒྱལ་ཁབ་འདི་དཔའ་ངར་ལྡན་པའི་ཨ་རིའི་དམག་དཔུག་གི་སྟོབས་ཤུགས་ལ་རྟེན་ཡོད་པ། དེ་བཞིན་ཨེ་རག་ནང་གི་དྲག་སྤྱོད་ལ་ཁ་གཏད་བཅག་སྟེ་ཨེ་རག་རྒྱལ་ཁོངས་སྲ་བརྟན་དང་། ཨེ་རག་མི་མང་གིས་སོ་སོའི་མགོ་ཁྲིད་འོས་འདེམས་ཐུབ་པ་བཅས་ནི་ཨ་རིའི་དམག་དཔུག་གི་བྱས་རྗེས་ཡིན་པར་བསྒྲགས་འདུག གནད་དོན་དེའི་ཐད་ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས་ཨེ་རག་ནང་གི་དམག་འཁྲུག་མཇུག་སྒྲིལ་རྒྱུ་ནི་དུས་ལ་སླེབས་པ་ཞིག་དང་། ཨེ་རག་ནང་ཡོད་པའི་ཨ་རིའི་དམག་དཔུག་ཕྱིར་འཐེན་བྱ་རྒྱུ་དེ་ཨ་རིའི་མི་མང་གི་མངོན་འདོན་དང་གྲོས་ཚོགས་ཀྱི་ཐག་གཅོད་བཅས་ཡིན་པ་ལས། ཨོ་བྷ་མ་སྲིད་འཛིན་དུ་བསྡད་དེ་དམིགས་བསམ་ནུས་པ་ཐོན་པ་ཞིག་མིན་ཀྱང་། གནད་དོན་དེའི་ཐད་ཁོང་གིས་གོ་སྐབས་བཟུང་སྟེ་ཐེངས་རྗེས་མའི་སྲིད་འཛིན་འོས་བསྡུ་ལ་རྒྱབ་སྐྱོར་རག་ཐབས་བྱེད་ཀྱི་ཡོད་པའི་སྐོར་བརྗོད་ཡོད།

 ཕྱི་ཚེས་༡༣ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཨོ་བྷ་མ་དང་ཨེ་རག་སྲིད་བློན་མཱ་ལེ་ཀེ་(Nouri Maliki) གཉིས་ཐུག་འཕྲད་སྐབས།ཨོ་བྷ་མས་ཨ་རིས་མུ་མཐུད་ཨེ་རག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།ཨེ་རག་ནང་གི་ཨ་རི་དང་ཎཱ་ཊོ་དམག་དཔུང་ཕྱིར་འཐེན་བྱས་ཚེ།ཨེ་རག་གི་ཆབ་སྲིད་བརྟན་བརླིང་དང་རྒྱལ་མཚམས་སྲུང་སྐྱོབ་ཐད་དཀའ་ངལ་འཕྲད་རྒྱུ་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་པ་རེད།ཡིན་ནའང་། ཨ་རིའི་མི་མང་བརྒྱ་ཆ་༧༥ཨེ་རག་ནང་གི་ཨ་རིའི་དམག་དཔུག་ཕྱིར་འཐེན་བྱ་རྒྱུར་མོས་མཐུན་བྱས་ཡོད་འདུག

ཕྱི་ཟླ་ ༡༠ པའི་ཚེས་ ༢༡ ཉིན་ཕོ་བྲང་དཀར་པོ་ནས་སྲིད་འཛིན་ཨོ་བྷ་མས། འདས་པའི་ལོ་ ༩  ལ་ཉེ་བའི་རིང་ཨ་རིའི་དྲག་ཆས་དམག་དཔུང་ཨེ་རག་ (Iraq) ཏུ་བཏང་སྟེ། ཨ་རིའི་དམག་མི་དང་ཨེ་རག་མི་སེར་ཁྲི་ཕྲག་མང་པོའི་ཚེ་སྲོག་ཤོར་ཡོད་པ་མ་ཟད། ཨ་སྒོར་ཐེར་འབུམ་བརྒྱ་ཕྲག་མང་པོའི་འགྲོ་གྲོན་ཕྱིན་ཡོད་པ་རེད། ད་ལྟ་མགོ་བོ་གཟེངས་སུ་བཏེགས་ཏེ་འདི་ལོའི་ལོ་མཇུག་བར་ཨེ་རག་ནང་གི་ཨ་རིའི་དྲག་ཆས་དམག་དཔུང་ཡོད་ཚད་ཕྱིར་འཐེན་གྱིས།  ཨེ་རག་ནང་གི་ཨ་རིའི་དམག་འཁྲུག་མཇུག་བསྒྲིལ་རྒྱུ་ཡིན་པའི་ཁྱབ་བསྒྲགས་དང་དམ་བཅའ་གནང་ཡོད་པར་མ་ཟད།  ཐེངས་འདིའི་གཏམ་བཤད་ནི་ཁོང་གི་ ༢༠༠༨ ལོའི་སྲིད་འཛིན་འོས་འདེམས་སྐབས་ཀྱི་ཁས་ལེན་དང་དམ་བཅའ་ལག་བསྟར་བྱས་པ་ཞིག་ཡིན་ཚུལ་བསྟན་ཡོད་པ་རེད།

ཨེ་རག་ནང་ཨ་རི་དང་ནུབ་ཕྱོགས་པས་དམག་འཁྲུག་སློང་རྐྱེན་ནི།སྐབས་དེའི་ཨེ་རག་སྲིད་དབང་སྒེར་འཛིན་པ་སཱ་ཌམ་ཧུ་སེན་(Saddam Hussein) གྱིས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་དང་སྦས་སྐུང་བྱས་ཡོད་པ།ཨོལ་ཁཱ་ཊ་འཇིགས་སྐུལ་རིང་ལུགས་པ་དང་མཉམ་འབྲེལ་བྱེད་ཀྱི་ཡོད་པའི་ཉེས་མིང་འོགཨ་རི་དང་དབྱིན་ཇི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨེ་རག་ཏུ་དྲག་ཆས་དམག་དཔུང་བཏང་སྟེ།འདས་པའི་ལོ༩རིང་གི་དམག་འཁྲུག་དེ་མགོ་བརྩམས་ཡོད་ལ། སཱ་ཌམ་ཧུ་སེན་འཛིན་བཟུང་དང་དམར་གསོད་བཏང་ཡོད་ཀྱང་།རྡུལ་ཕྲན་མཚོན་ཆ་སྦས་སྐུང་བྱས་ཡོད་པའི་བདེན་དཔང་གང་ཡང་རྙེད་མེད།གནད་དོན་དེའི་ཐད་ལ་མི་མང་པོ་ཞིག་གིས་ཨ་རི་སོགས་ནུབ་ཕྱོགས་པས་སོ་སོའི་དམིགས་ཡུལ་བསྒྲུབ་ཕྱིར་གཞན་ལ་ཉེས་འཛུགས་བྱས་པ་ཞིག་ཡིན་པའི་སྐྱོན་བརྗོད་ཀྱང་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༠༣ ཟླ་ ༣ པའི་ཚེས་ ༡༩ ཉིན་ནས་ཨེ་རག་ནང་དམག་འཁྲུག་མགོ་བརྩམས་ཤིང་། སྐབས་དེར་ནུབ་ཕྱོགས་པའི་དྲག་ཆས་དམག་མི་ ༡༧༣༠༠༠ ཙམ་ཨེ་རག་ནང་བཏང་པའི་ཁྲོད་ ༡༥༠༠༠  ནི་ཨ་རིའི་དམག་མི་ཡིན་འདུག་ལ། ༢༠༠༧ ལོར་ཨེ་རག་ནང་ཨ་རིའི་དམག་ ༡༧༠༠༠༠ སླེབས་ཏེ་ཚད་མཐོ་ཤོས་ཆགས་ཡོད་ཀྱང་། རིམ་བཞིན་ཕྱིར་འཐེན་གྱིས་ད་ལྟ་ཨེ་རག་ནང་ཨ་རིའི་དམག་ ༥༥༠༠ ཙམ་ལྷག་ཡོད་པ་དེ་དག་ཉིན་འགའི་ནང་ཡོངས་སུ་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག  འདས་པའི་དམག་འཁྲུག་ཁྲོད་ཨ་རིའི་དམག་མི་ ༤༥༠༠ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། དམག་མི  ༣༠༠༠༠ ཙམ་ལ་རྨས་སྐྱོན་ཕོག་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 5

  1. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    མགོ་མཇུག་མི་མཐུན་པའི་སྐད་ཆ་དེ་ཚོར་ཞིབ་འཇུག་གནང་རོགས།

    གཞན་ཨ་རིས་དམག་མི་ཕྱིར་འཕེན་བྱས་པ་དེ་ཡང་ཁེ་བཟང་ཚང་མ་བླངས་ཚར་ནས་མ་ཡིན་ནམ། མ་གཞི་ནས་འཛམ་གླིང་ཆུང་ཆུང་འདི་ཕུ་དཀྲུགས་མདའ་དཀྲུགས་བྱེད་མཁན་གྱི་གཏེ་བོ་ངོ་མ་དེ་ཨ་རི་ཡིན་པ་སུས་མི་ཤེས།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཡིད་བཞིན་ནོར་བུ་རྒྱལ་བ་མི་གཅིག་རྒྱལ་བ་ཡིན་ནམ།
    བྷེན་ལཱ་ཏེན་ཕམ་པ་ཡང་མི་གཅིག་ཕམ་པ་ག་ལ་ཡིན།
    གཅིག་ནི་ཞི་བདེའི་མཚོན་རྟགས་དང་ཅིག་ཤོས་དྲག་པོའི་མཚོན་བྱེད་དེ།
    འདི་གཉིས་ཀྱི་རྒྱལ་ཕམ་ནི་ང་ཚོ་མིའི་རིགས་ཀྱི་རྒྱལ་ཕམ་ཡིན།
    རྒྱལ་ཕམ་འདི་ད་དུང་ཡུན་གྱིས་མུ་མཐུད་རྩོད་དགོས་པ་ཞིག་རེད།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    ཞི་བདེའི་གཟེངས་རྟགས་སྔོན་ལ་བཞེས། ཞི་བདེའི་མཛད་པ་རྗེས་སུ་སྟོན། འདི་ཡང་གཞན་དང་མ་འདྲ་བའི། །སྟག་རྒོད་ཨོཾ་ནི་པད་མའོ།།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ནག་རིལ་ཁྱོད་རྟག་ཏུ་རྒྱལ་འགྱུར་ཅིག དྲག་ལས་ཕམ་འགྱུར་ཅིག འཛམ་གླིང་ཞི་བདེ་རྒྱལ་འགྱུར་ཅིག བདེན་པ་མྱུར་དུ་རྒྱལ་གྱུར་ཅིག །

    Reply
  5. དམག་ལོག་ says:
    ལོ་ 15 སྔོན།

    ཨ་རིའི་འགྲོ་མང་པོ་བཏང་བའི་འབྲས་བུ་བྷེལ་ལ་ཏེན་གྱི་རོ་གཅིག་པུ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese