མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཀོ་རི་ཡའི་སྲིད་འཛིན་གྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་བྱང་ཀོ་རི་ཡའི་དམར་ཤོག་གཅིག་སྡུད་སྲིད་འཛིན་ཁཱེམ་ཅོང་ཨེལ་རླངས་འཁོར་དུ་བསྡད་དེ་ས་གནས་སུ་རྟོག་ཞིབ་ལ་བསྐྱོད་སྐབས། ལུས་ཟུངས་ཟད་དེ་གློ་བུར་འདས་གྲོངས་སུ་ཕྱིན་འདུག

ཕྱི་ཚེས་ ༡༧ ཉིན་བྱང་ཀོ་རི་ཡའི་དམར་ཤོག་གཅིག་སྡུད་མགོ་གཙོ་ཁཱེམ་ཅོང་ཨེལ་རླངས་འཁོར་དུ་བསྡད་དེ་ས་གནས་སུ་རྟོག་ཞིབ་ལ་བསྐྱོད་པའི་ལམ་བར་དུ་ལུས་ཟུངས་ཟད་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག ཁོ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བྱུང་མ་ཐག་བྱང་ཀོ་རི་ཡའི་དམག་ཁུལ་ལ་བཀའ་ནན་བསྒྲགས་ཏེ། རྒྱལ་ཁབ་བདེ་འཇགས་ལས་དོན་ཚོགས་འདུ་བསྡུ་སྐོང་བྱས་ཡོད་འདུག་ལ། གནས་ཚུལ་དེ་ཐོས་རྗེས་ཉི་ཧོང་སྲིད་གཞུང་གིས་ཀྱང་རྒྱལ་ཁབ་བདེ་འཇགས་ཀྱི་ཚོགས་འདུ་བསྐངས་ཡོད་འདུག

བྱང་ཀོ་རི་ཡའི་དམར་ཤོག་སྲིད་འཛིན་ཁཱེམ་ཅོང་ཨེལ (Kim Jong Il)་ནི་ད་ལྟ་ལོ་ ༦༩ ཡིན་པ་དང་། ཕྱི་ལོ་ ༡༩༩༤ ལོར་ཁོ་རང་གི་ཕ་རྒན་ཁཱེམ་ཨེལ་སུང་(Kim Il-sung)འདས་རྗེས་བྱང་ཀོ་རིའི་ཆེས་མཐོའི་དབང་འཛིན་པར་སྐོས་ཏེ་ད་ལྟའི་བར་གཅིག་སྡུད་སྲིད་དབང་བཟུང་ཡོད་པ་རེད། ཁཱེམ་ཅོང་ཨེལ་གྱིས་འདས་པའི་ལོ་གཉིས་ཀྱི་ནང་ཁོའི་བུ་ཁཱེམ་ཅོང་ཨཱན་ (Kim Jong-un) རང་ཉིད་ཀྱི་སྲིད་དབང་རྒྱུད་འཛིན་པར་གསོ་སྐྱོང་བྱས་ཡོད་པ་རེད། ཆབ་སྲིད་དབྱེ་ཞིབ་པ་དག་གིས་ཁཱེམ་ཅོང་ཨེལ་གྱིས་འདས་པའི་ལོ་གཉིས་ནང་རྒྱ་ནག་ཏུ་ལྟ་སྐོར་ལ་ཐེངས་འགར་བསྐྱོད་པ་དེ་ནི། རང་ཉིད་ཀྱི་བུའི་སྲིད་དབང་རྒྱུན་འཛིན་ཐད་རྒྱ་གཞུང་གི་རྒྱབ་སྐྱོར་ཐོབ་ཆེད་ཡིན་པར་ངོས་འཛིན་བྱས་ཡོད་པ་རེད།

ཟླ་འདིའི་ཚེས་ ༡༥ ཉིན་ཁཱེམ་ཅོང་ཨེལ་གྱིས་བྱང་ཀོ་རི་ཡའི་རྒྱལ་ས་ཕེན་རིང་(Pyongyang) ནང་གང་མགྱོགས་ལས་གཞི་མགོ་འཛུགས་འཆར་ཡོད་པའི་ཀོང་ཧྥུ་ས་ཁུལ་བཟོ་ཚོང་ལྟེ་གནས་ཞེས་པའི་གཞི་རྒྱ་ཆེ་བའི་ཁྲོམ་རའི་འཛུགས་སྐྲུན་དེར་སྐོར་བསྐྱོད་བྱས་ཡོད་པ་དང་། དེ་ནི་ཁོ་རང་ཡོངས་གྲགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པ་ཆེས་མཐའ་མ་དེ་ཆགས་ཡོད་འདུག 

 

གསར་འགོད་པ། ཚེ་རིང་རྒྱལ།  

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༢༡ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢༤ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 20

  1. ཐོ་ཐོ་རི། says:
    ལོ་ 14 སྔོན།

    སྲིད་འཛིན་ཁྱིམ་ཇི་འདས་གྲོངས་སུ་ཕྱིན་པའི་སྐོར་གསར་འགྱུར་རྒྱུད་ལམ་ཁག་ནས་གཅིག་རྗེས་གཉིས་མཐུད་སྤེལ་བར་དུས་མཚུངས་དམར་པོའི་དབང་ཤུགས་ཅན་གྱི་སྲིད་དབང་དེ་ཡང་འཇུག་བསྡུ་བྱུང་ན་སྙམས་པའི་སེམས་ཚོར་བྱེད་བཞིན་ནོ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མ་འོས་བུད་མེད་མང་པོ་ཉར་ནས་འཆལ་སྤྱོད་ཚད་ལས་འདས་པ་བྱས་ཡོད་པ་དང་། ཁོ་རང་གིས་རང་གི་མཛའ་གྲོགས་སྐུ་སྲུང་བ་ལ་ངའི་སྐོར་ང་མ་ཤི་བར་མ་བྲིས་ཨ་ཞེས་རེ་བསྐུལ་བྱས་པ་ལྟར་ཁོས་ཀྱང་། མའོ་སྡིག་ཆེན་སྡུག་ཤི་བརྒྱབ་རྗེས་ལ་བྲིས་པ་རེད།
    དེ་བཞིན་ཀི་ཇོང་ཁོས་ཀྱང་ཚུལ་འཆལ་བྱས་ནས་མིང་ཆད་མང་པོ་ཡོད་པ་ཀུན་གསལ་རེད། ད་ཡང་བུ་འདིས་ཀྱང་ག་རེ་བྱེད་ཡོང་སྙམ་ཞིང་ཡོད་རེད། ད་དུང་་་་་

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཕ་ཚ་བུ་རྒྱུད་ཀྱིས་རྒྱལ་སྲིད་སྐྱོང་སྟངས་དེ་ཡག་བཤད་བྱས་ན་དེ་སྔའི་ང་ཚོའི་བཙན་པོའི་སྲིད་སྐྱོང་ལམ་ལུགས་དང་མི་གཅིག་གམ།
    ད་དམར་པོ་ཡིན་ནའང་འདྲ། བཀས་བཀོད་རྒྱུད་འཛིན་པ་ཡིན་ནའང་འདྲ། གང་ལྟར་རང་གི་དམངས་ཀྱིས་ཁས་ལེན་དང་བརྩི་འཇོག་གནང་བ་ཡིན་ན་དེ་ག་རང་རེད། ངུ་འབོད་ཀྱིས་མྱ་ངན་ཞུ་ཚུལ་ཞིག་ཀྱང་ཡོད་པ་རེད།
    གང་ལྟར་ཁོང་རང་གི་རིན་ཐང་ངོ་མ་དེ་རང་གི་མི་དམངས་ཀྱིས་ག་ལེར་གསལ་བཤད་གནང་ཡོང་གི་རེད།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱ་དཔོན་ཧུ་ཅིན་ཐུང་ཧོབ་ཏག་མེད་པར་གྲོངས་ན་ངུ་མཁན་མང་ངམ་། དགའ་མཁན་མང་། སྡིག་ཆེན་ང་ནི་དགའ་མཁན་གྱི་གྲལ་དུ་བསྡད་ཡ་ཉན་ཁ་འདུག ཀིམ་ཇོང་གི་བུ་འདི་དམར་གསོད་བྱས་ནས་འགྲོ་མི་སྲིད་པ་ཡང་མིན་སྙམ་ལགས། གང་ལྟར་ཡང་བྱང་ཀོ་རི་ཡའི་ཡུལ་ལུང་འདི་ཡང་ཞི་བདེའི་ང་མང་གཙོ་དང་དཔལ་འབྱོར་ཡར་རྒྱས་གང་མགྱོགས་ཡོང་བའི་སྨོན་འདུན་ཡོད། འདས་པོ་ཁོང་ཡང་ཕྱི་མའི་སྐྱེ་བ་ད་ལྟའི་འདི་ལས་བཟང་བ་ཅིག་ལ་སྐྱེ་བར་ཤོག །

    Reply
  5. ཤར་མདའ། says:
    ལོ་ 14 སྔོན།

    འཛམ་གླིང་འདིའི་ཐོག་ཏུ་གནས་པའི་སེམས་ཅན་སུ་ཞིག་ཡིན་རུང་འཚོ་དགོས་པ་གལ་ཆེན་ཡིན་ནའང་ད་ལྟའི་བྱང་ཀོ་རི་ཡི་སྲིད་འཛིན་འདི་ལྟ་བུ་དམར་ཕྱོགས་པ་ཚོ་གཅིག་རྗེས་གཅིག་བྱས་ནས་སྔ་ལམ་དུ་ཕྱིན་པ་ཡིན་ན་རྒྱལ་ཁབ་དེ་ལ་འཆམ་མཐུན་གྱི་དུས་ཞིག་འབྱུང་ངེས་རེད།   གང་ལྟ་ད་སྐབས་དམར་ཕྱོགས་ཚང་གི་མགོ་གཙོ་རྣམས་ཕེབས་པས་དུས་ལ་བབ་འདུག་བསམ་བྱུང་།   ད་བྱང་ཀོ་རི་ཡ་མི་མང་ལ་བདེ་སྐྱིད་ཞིག་འབྱུང་བའི་སྨོན་འདུག་ཞུ།

    Reply
  6. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    དེ་སྔོན་མའོ་ཙེ་ཏུང་ཤི་དུས་ད་ཧོ་ར་ཀུ་ར་བཏབ་སྟེ་ངུ་ནི་མང་གི་ཟེར་གི་འདི་ད་སྒེར་གཅོད་པ་དག་གི་ཁྱད་ཆོས་རེད། ད་བལྟས་ཀྱིན་བལྟས་འཇིགས་སྣང་སྐྱེས་ཡོང་ག སྡེར་གཅོད་པ་དག་གིས་སྲིད་དབང་རྒྱུན་འཛིན་ཐུབ་པ་དེ་ད་བསླུ་བྲིད་འདི་ལ་རྟེན་ནས་བྱུང་བ་མ་ཡིན་ནམ།

    Reply
  7. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    སྨོན་ལམ་རྒྱག་འདོད་ན དམར་རྒྱུན་ཆེད་པར་ཤོག་ཅེས་་་་་
    དམར་དཔོན་ཡིན་ན་སེམས་གནག་པའི་ཁྱབཔོ དེ་ཚོར་ཕན་པའི་སྨོན་ལམ་འདེབས་པ་ནི མི་མང་བོར་མ་ཤི་དམྱལ་བ་མྱོང་འཇུག་འདོད་ཁོ་ན་ལས་མ་འདས་སོ

    Reply
  8. ཐ་ཧྭར་སྐལ་བཟང་། says:
    ལོ་ 14 སྔོན།

    ཁེམ་ཅང་ཨེལ་ཟེར་བ་འདི་ལ་དམྱལ་བའི་ཡུལ་ན་༼ སྐབས་འདི་ལ་དམྱལ་བ་ཟེར་བ་དེ་དངོས་གནས་ཡོད་པར་ཤོག་༽སྒུག་ཡོད་མཁན་གྱི་དགྲ་གྲོགས་མང་རྒྱུ་རེད།

    Reply
  9. གངས་འོད། says:
    ལོ་ 14 སྔོན།

    http://www.youtube.com/watch?v=pSWN6Qj98Iw&feature=g-logo&context=G269fe0bFOAAAAAAACAA

    Reply
  10. གངས་འོད། says:
    ལོ་ 14 སྔོན།

    ཁོང་མི་རླབས་ཆེན་ཞིག་ཡིན་ཚོད་འདྲ། དེ་མིན་ན་མི་མང་གིས་དེ་འདྲའི་མྱ་ངན་ཞིག་ཞུ་འདོད་ཡོད་ཀྱི་མ་རེད། གང་ལྟར་ཀྱང་མ་ཎི་ཕྲེང་སྐོར་འགའ་འདོན་རྒྱུ་མ་བརྗེད། ཨོཾ་མ་ཎི་པདྨེ་ཧཱུཾ། མགོན་པོ་འོད་དཔག་མེད་ཀྱིས་ལམ་སྣ་དྲོངས།
    འོག་གི་དྲ་ཐག་འདི་ཀོ་རི་ཡ་མི་མང་གིས་ཁོང་ལ་འཁྲེང་བའི་མཆི་མ་དང་འགྱོད་པའི་ངུ་རྒྱང་གི་ཁྲོད་ནས་སྐྱེལ་མ་བྱེད་བཞིན་པའི་(ངུ་རྫུ་ཡིན་མིན་མི་ཤེས། གང་ལྟར་ཀྱང་)ཡིད་སྐྱོ་བའི་རྣམ་པ་ཞིག་རེད།

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བྱང་ཀོ་རི་ཡའི་སྲིད་འཛིན་ཀིམ་ཁྱོད་སྡིག་པ་ཡག་སེ་བསགས་ནས་ཕྱིན་སོང་། མའོ་དང་ཁྱོད་གཉིས་དམྱལ་བར་ལྷུང་མེད་པར་ཤོག །

    Reply
  12. མངའ་རིས་བུ། says:
    ལོ་ 14 སྔོན།

    bbcworldnews.com
    picture ཞེས་པའི་ནང་དུ་གཟིགས་དང། ཁོང་ལ་དགའ་མོས་ཡོད་པའི་མི་དམངས་ས་ཡ་མང་པོས་རང་གི་ཕ་མ་ཤི་བ་ལྟར་གྱི་མྱ་ངན་ཞུ་བཞིན་པའི་གནས་ཚུལ་འདུག
    དེ་འདྲའི་སྡུག་བསྔལ་བྱེད་མཁན་རྒྱལ་ཁབ་སུ་ཞིག་གི་དབུ་ཁྲིད་ལ་བྱེད་ཀྱིན་འདུག་གམ།
    ཁོང་ཚོས་རང་གི་དབུ་ཁྲིད་ལ་དགའ་མོས་དང་བརྩེ་བ་ཡོད་པའི་བདན་རྟགས་རེད།
    ང་ཚོ་ནི་ཨ་རི་དང་ནུབ་པྱོགས་པའི་གཡོ་འོག་ཏུ་ཚུད་པ་ཞིག་དང་ཁོང་ཚོས་གསལ་བསྒྲགས་གང་བྱས་པ་ལས་གནས་ཚུལ་གཟན་མ་གོ་ཐོས་མེད་པས་རེད།
    རང་གི་དབུ་ཁྲིད་ཀྱི་མི་དམངས་ལ་སྡུག་པོ་བཏང་ཡོད་ན་ཁོང་ཚོ་ཅི་ཡིས་ཕྱིར་སྡུག་བསྔལ་བྱེད་ཀྱི་ཡོད་དམ།
    མཆན་འབྲི་མཁན་འགའ་ཞིག་གིས་བསམ་ཚུལ་ལ་བརྟེན་ནས་བྲིས་པ་ཡིན།

    Reply
  13. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    བཟང་གི སྡིག་ཅན་དེ་གྲོངས་ཤག ཡིན་ནའང་། ཁོང་གྲོངས་ནའང་དམངས་ལ་གཉའ་གནོན་དང་། སྲིད་དབང་སྒེར་འཛིན། དམར་ཤོག་གི་ལྟ་བ་རྒྱུན་མཐུད་ངེས་རེད། གང་ལ་ཞེ་ན། ཁིམ་ཅོང་ཨེལ་ལ་སྔ་མོ་ནས་ན་ཚ་ཕོག་ཡོད་སྟབས་ཁོང་གི་ནང་མི་ཚོས་སྔར་ནས་གྲ་བསྒྲིགས་ཡོད་འདུག
    རྒྱལ་སྤྱིའི་གསར་འགྱུར་SBSལྟར་ན། ད་རེས་ཨ་མི་རི་ཀའི་དྲུང་ཆེ་དང་། དེ་བཞིན་ཨོའུ་སུ་ཁྲོལ་ལེ་ཡའི་ཕྱི་སྲིད་བློན་ཆེན་སོགས་བྱང་ཀོ་རེ་ཡར་གསར་དུ་གྲོས་མོལ་གྱི་གོ་སྐབས་རྙེད་ཆེད། བྱང་ཀོ་རི་ཡའི་སྲིད་འཛིན། ཁིམ་ཅོང་ཨེལ་གྱི་ཕུང་པོ་དུར་འཇུག་གི་མཛད་སྒོར་མཉམ་ཞུགས་བྱ་ཐབས་བྱེད་ཀྱིན་ཡོད་འདུག། ཡིནའང་། དོན་དག་དེ་ཤིན་ཏུ་ཁག་པོར་སྣང་ངོ་།།

    Reply
  14. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    བཟང་གི། སྡིག་ཅན་དེ་གྲོངས་བཞག། ཡིན་ནའང་། ཁོང་གྲོངས་ན་ལས་མི་དམངས་ལ་གཉའ་གནོན་དང་། སྲིད་དབང་སྒེར་འཛིན། དམར་ཤོག་ཀྱི་ལྟ་བ་རྒྱུན་མཐུད་ངེས་རེད། གང་ཡིན་ཟེར་ན། ཁིམ་ཅོང་ཨེལ་ལ་སྔ་མོ་ནས་ན་ཚ་ཕོག་ཡོད་སྟབས་ཁོང་གི་ནང་མི་སྔར་ས་ནས་གྲ་འགྲིགས་ཡོད་འདུག།
    རྒྱལ་སྤྱིའི་གསར་འགྱུར་SBSལྟར་ན། ད་རེས་ཨ་མི་རེ་ཀའི། དྲུང་ཆེ་དང་། དེ་བཞིན་ཨོའུ་སུ་ཁྲོལ་ལེ་ཡའི། ཕྱི་སྲིད་བློན་ཆེན། སོགས། བྱང་ཀོ་རེ་ཡར། གསར་དུ་གྲོས་མོལ་བྱེད་པའི་གོ་སྐབས་བཙལ་ཆེད། བྱང་ཀོ་རེའི། སྲིད་འཛིན། ཁིམ་ཅོང་ཨེལ་གྱི་ཕུང་པོ་དུར་འཇུག་གི་མཛད་སྒོ་ཐོག་མཉམ་ཞུགས་བྱ་ཐབས་བྱེད་ཀྱིན་ཡོད་འདུག། དོན་དག་དེ་ཤིན་ཏུ་ནས་ཁག་པོ་ཡིན་པ་སྣང་།

    Reply
  15. ཤག་སྒང་པ། says:
    ལོ་ 14 སྔོན།

    བདེ་ལྡན་ཞིང་དུ་སྐྱེ་བར་ཤོག

    གསར་འགོད་པར་མཁོ་བའི་པར་ཤིན་ཏུ་ལེགས་པོ་ཞིག་ཐོབ་འདུག

    ལེགས།

    Reply
  16. ཀླུ་ བློ་བསམ། says:
    ལོ་ 14 སྔོན།

    མྱིང་ནག་ནོ་མ་གཏོགས་སེམས་དཀར་པོ་རེད་འདུག

    Reply
  17. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ཀླུ་བསམ་བློ་བ་ལགས། འདི་ལ་དོགས་པ་དང་ཐེ་ཚོམ་བྱ་དགོས་དོན་ཡོད་པ་མ་རེད། བོད་རང་གི་འགྲོ་སྟངས་ལྟར་བསྔོ་སྨོན་རེ་གསུང་བཞག་ན་འགྲིག་གི་རེད། དེ་ལས་ལྷག་ཅིག་ང་ཚོས་ག་རེ་བྱ།

    Reply
  18. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ཇི་སྐད་དུ
    ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི།།
    ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན།།
    དབུགས་རྔུབ་དབུགས་འབྱུང་གཉིད་ཀྱི་ལོག་པ་ལས།།
    སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ།།

    Reply
  19. ཀླུ་ བློ་བསམ། says:
    ལོ་ 14 སྔོན།

    དཀོན་མཆོག་མཁྱེན། ད་ཅི་ཟེར་དགོས་པ་འང་མི་ཤེས་ཀི

    Reply
  20. ནད་པ says:
    ལོ་ 14 སྔོན།

    བོད་ཀྱི་གནའ་རབས་བཀའ་གདམས་བླ་མ་དམ་པ་འགས་ཐུགས་སྨོན་གནང་བའི་སྐབས་ལ་ལར་མི་སྡིག་ཅན་ཚེ་ཐུང་ཤོག ཅེས་སྨོན་ལམ་བསྐྱོན་པའི་ལོ་རྒྱུས་མཇལ་རྒྱུ་ཡོད།

    ང་ཚོས་ཀྱང་སྲིད་དབང་སྒེར་སྤྱོད་དང་གང་དུ་དྲག་གནོན་བྱེད་ཀྱིན་རྒྱལ་ཁབ་དང་། ས་ཁུལ་གང་དུ་ཡིན་ཀྱང་དེར་ངོ་རྒོལ་དང་སྒེར་སྤྱོད་པའི་མི་དེ་དག་ཚེ་ཐུང་བའི་སྨོན་འདུན་ཞུ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese