མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཀོ་རེ་ཡའི་འབྱུང་འགྱུར་ལ་ལྷག་པའི་དྲི་རྟགས།

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཀོ་རེ་ཡའི་སྲིད་དབང་གཅིག་སྡུད་པ་ཀེམ་ཇོང་ཨེལ་གློ་བུར་དུ་འདས་གྲོངས་ཕྱིན་པ་དེས། བྱང་ཀོ་རེ་ཡའི་དམར་ཤོག་གཞུང་སྲ་བརྟན་དང་ཀེམ་ཁྱིམ་རྒྱུད་ཀྱི་དབང་ཆ་རྒྱུན་གནས་ཐུབ་མིན་ལ་དྲི་བ་ཆེན་པོ་ཞིག་ལྷག་ཡོད་པ་མ་ཟད། རྒྱ་ནག་དང་ཨ་རི་གཉིས་ཀྱི་འཐབ་རྩོད་ཅིག་ཏུའང་གྱུར་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་བྱང་ཀོ་རི་ཡའི་དམར་ཤོག་གཅིག་སྡུད་མགོ་གཙོ་ཀེམ་ཇོང་ཨེལ་མེ་འཁོར་དུ་བསྡད་དེ་ས་གནས་སུ་རྟོག་ཞིབ་ལ་བསྐྱོད་པའི་ལམ་བར་དུ་སྙིང་ནད་བྱུང་ནས་འདས་གྲོངས་སུ་ཕྱིན་ཡོད་ཅིང་། ཁོང་འདས་གྲོངས་སུ་ཕྱིན་ཏེ་ཉིན་གཉིས་ཀྱི་རྗེས་སུ་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཀེམ་འདས་གྲོངས་ཕྱིན་པའི་གནས་ཚུལ་ཐོན་འཕྲལ་ལྷོ་ཀོ་རི་ཡའི་རྒྱལ་ཁབ་བདེ་འཇགས་ལས་དོན་ཚོགས་འདུ་བསྡུ་སྐོང་བྱས་ཡོད་འདུག་ལ། ཉི་ཧོང་སྲིད་གཞུང་གིས་ཀྱང་རྒྱལ་ཁབ་བདེ་འཇགས་ཀྱི་ཚོགས་འདུ་བསྐངས་ཡོད་པ་རེད།

བྱང་ཀོ་རི་ཡའི་དམར་ཤོག་སྲིད་འཛིན་ཀེམ་ཇོང་ཨེལ  (Kim Jong Il) ནི་ད་ལྟ་ལོ་ ༦༩ ཡིན་པ་དང་། ཕྱི་ལོ་ ༡༩༩༤ ལོར་ཁོ་རང་གི་ཕ་ཀེམ་ཨེལ་སུང་ (Kim Il-sung) འདས་རྗེས་བྱང་ཀོ་རིའི་ཆེས་མཐོའི་དབང་འཛིན་པར་གྱུར་ཏེ་ད་ལྟའི་བར་གཅིག་སྡུད་སྲིད་དབང་བཟུང་ཡོད་པ་རེད། ཀེ་ཇོང་ལ་ ༢༠༠༨ ལོར་སྙིང་ནད་ཚབས་ཆེན་ཞིག་འཕར་རྗེས་ཁོས་རང་གི་བུ་གསུམ་པ་ཀེམ་ཇོང་ཨུན་ (Kim Jong-un) སྲིད་དབང་རྒྱུད་འཛིན་པར་གསོ་སྐྱོང་བྱས་ཡོད་པ་རེད། ཆབ་སྲིད་དབྱེ་ཞིབ་པ་དག་གིས་ཀེམ་ཇོང་ཨེལ་གྱིས་འདས་པའི་ལོ་གཉིས་ནང་རྒྱ་ནག་ཏུ་ལྟ་སྐོར་ལ་ཐེངས་འགར་བསྐྱོད་པ་དེ་ནི། རང་ཉིད་ཀྱི་བུའི་སྲིད་དབང་རྒྱུན་འཛིན་ཐད་རྒྱ་གཞུང་གི་རྒྱབ་སྐྱོར་ཐོབ་ཆེད་ཡིན་པར་ངོས་འཛིན་བྱས་ཡོད་པ་རེད། ཀེམ་འདས་གྲོངས་ཕྱིན་པར་ཡུལ་མི་སྟོང་ཕྲག་མང་པོས་མྱ་ངན་དང་ངུ་འབོད་བྱས་ཡོད་པ་དེར། དཔྱད་བརྗོད་པ་དག་གིས་སྔོན་མ་མའོ་ཙེ་ཏུང་དང་ཀེམ་ཇོང་སུང་སོགས་གཅིག་སྡུད་དབང་འཛིན་པ་དག་འདས་གྲོངས་སྐབས་མི་མང་གིས་མྱ་ངན་ངུ་འབོད་བྱས་པའི་སྣང་ཚུལ་ལྟར་བྱུང་པ་ཞིག་ཡིན་པར་བརྗོད།

ཀེམ་ཇོང་ཨེལ་འདས་གྲོངས་སུ་གྱུར་རྗེས་གཞུང་གི་བརྙན་འཕྲིན་ནས། བྱང་ཀོ་རེ་ཡའི་ཚོགས་པ་དང་དམག་དཔུང་། མི་མང་བཅས་ཀེམ་ཇོང་ཨེལ་གྱི་བུ་ཀེམ་ཇོང་ཨུན་གྱི་མགོ་ཁྲིད་འོག་ཆིག་སྒྲིལ་བྱ་དགོས་པའི་བཀའ་ཁྱབ་བསྒྲགས་བྱས་ཡོད་ཀྱང་། བྱང་ཀོ་རེ་ཡའི་ཆབ་སྲིད་བརྟན་བརླིང་ཡོང་ཐུབ་མིན་དང་ཕ་ཤུལ་བུ་འཛིན་གྱི་སྲིད་དབང་གཅིག་སྡུད་རྒྱུན་གནས་ཐུབ་མིན་བཅས་ནི་ཛ་དྲག་གི་གནས་བབ་ཞིག་ཏུ་གྱུར་ཡོད་སྐོར་ཆབ་སྲིད་དཔྱད་བརྗོད་པ་དག་གིས་ཤུགས་ཆེན་གླེང་བཞིན་ཡོད་འདུག  དེ་སྔོན་ཀེམ་ཇོང་སུང་གིས་རང་ཉིད་ཀྱི་དབང་ཆ་སྲ་བརྟན་ཡོང་ཕྱིར་བུ་ཀེམ་ཇོང་ཨེལ་ལ་ལོ་ ༣༠ རིང་སྲིད་སྐྱོང་གི་སྦྱོང་བརྡར་སྤྲད་ཡོད་ཀྱང་། ད་ལྟའི་རང་ལོ་ ༢༧ ཙམ་ལ་སོན་པའི་ཀེམ་ཇོང་ཨུན་ལ་ལོ་ ༢ ཙམ་གྱི་སྦྱོང་བརྡར་ལས་རག་མེད་པ་མ་ཟད། ཁོའི་མདུན་དུ་ལྷག་པའི་དཀའ་ངལ་ཆེན་པོ་བཞི་ཙམ་ཡོད་འདུག དེ་བཞིན་ལེ་བྷེ་ཡ་དང་སེ་རི་ཡ། ཨེ་རན། ཨེ་རག་སོགས་ཀྱི་ད་ལྟའི་ཛ་དྲག་གི་གནས་བབ་འདི་མི་འགྱངས་པར་བྱང་ཀོ་རེ་ཡའི་རྒྱལ་ཁོངས་སུ་འབྱུང་རྒྱུར་སྔོན་དཔག་བྱེད་མཁན་མང་པོ་ཡོད་པ་རེད།

ཀེམ་ཇོང་ཨུན་གྱི་མདུན་དུ་ལྷག་པའི་དཀའ་ངལ་གཅིག་ནི་སྤུན་མཆེད་བར་གྱི་དབང་ཆའི་འཐབ་རྩོད་དང་ཁྱིམ་ཚང་ནང་ཁུལ་དུ་འགལ་ཟླ་ཡོད་པ། གཉིས་པ།ཚོགས་པ་དང་དམག་དཔུང་། འཛིན་སྐྱོང་བཅས་ཀྱི་ནང་ཁུལ་དུ་དབང་ཆའི་འཐབ་རྩོད་ཤུགས་ཆེན་ཡོད་པ་རྣམས་ད་སྔ་ཀེམ་ཇོང་ཨེལ་གྱི་བཙན་ཤུགས་འོག་མགོ་འབུར་ཐུབ་མེད་ཀྱང་། ལོ་ན་ཆུང་ཞིང་ཉམས་མྱོང་མེད་པའི་ཀེམ་ཇོང་ཨུན་གྱིས་ཁོང་ཚོར་སྟངས་འཛིན་བྱ་ཐུབ་མིན་གྱི་ཉེན་ཁའི་གནས་སུ་གྱུར་ཡོད། གསུམ་པ། ཆབ་སྲིད་ཚོགས་པ་དང་དམག་དོན་རྩ་འཛུགས་ལས་གཞན། ད་དུང་འཛིན་སྐྱོང་ནང་དུའང་ཆབ་སྲིད་ཙམ་མིན་པར་དཔལ་འབྱོར་སྲིད་ཇུས་སྒྱུར་བཅོས་བྱ་རྒྱུའི་གོ་སྐབས་ལ་སྒུག་སྡོད་མཁན་གྱི་ཤོག་ཁག་ཤུགས་ཆེན་པོ་ཡོད་པ། བཞི་པ། བྱང་ཀོ་རེ་ཡིས་སྤྱི་ཚོགས་དང་ཆབ་སྲིད་བཅོས་བསྒྱུར། རྡུལ་ཕྲན་ལས་གཞི་མཚམས་འཇོག་བཅས་མ་བྱས་པར་མུ་མཐུད་དམག་ཤུགས་འོག་བསྡད་ཚེ། ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་ཆེན་པོ་ཡོད་ནའང་། ཕྱོགས་གཞན་ཞིག་ནས་ལྷོ་ཀོ་རེ་ཡ་དང་ཨ་རི། ཉི་ཧོང་སོགས་ཀྱིས་གནོན་ཤུགས་སྤྲོད་པའི་སྲིད་ཇུས་ལངས་ཕྱོགས་འཛིན་རྒྱུ་ཡིན་པ་བཅས་རེད། ད་ལྟའི་ཆར་ཁེམ་ཇོང་ཨུན་གྱི་དབང་ཆ་སྲ་བརྟན་ཡོང་ཐུབ་མིན་དེ་ནི། གཙོ་བོ་ཁོང་གི་ཨ་ཞང་ཇང་སོན་ (Jang Song-thaek) དང་།  བྱང་ཀོ་རེ་ཡའི་དམག་སྤྱི་མཐོ་ཤོས་རེ་ཡོན་(Ri Yong) གཉིས་ཀྱི་རྒྱབ་སྐྱོར་ལ་རག་ལས་ཡོད་འདུག

ཀེམ་ཇོང་ཨེལ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་རྗེས། ལྷོ་ཀོ་རེ་ཡ་གཞུང་གིས་ད་ལྟའི་གནས་བབ་འདི་འདྲའི་འོག་བྱང་ཀོ་རེ་ཡ་ཞི་བདེ་བརྟན་བརླིང་ཡོང་དགོས་པ་དང་། མི་མང་གིས་གཞུང་དང་མཉམ་འབྲེལ་བྱ་དགོས་སྐོར་བརྗོད་ཡོད་ཀྱང་། ལྷོ་ཀོ་རེ་ཡས་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་ཚོགས་འདུ་བསྐངས་ཡོད་པ་མ་ཟད། མཐའ་མཚམས་དམག་ཤུགས་ཆེ་རུ་བཏང་ཡོད་པ་དེས་བྱང་ཀོ་རེ་ཡར་བརྡ་ལན་ཞིག་སྤྲོད་བཞིན་པའི་རྣམ་པ་མཚོན་ཡོད་པ་རེད། ཀོ་རེ་ཡ་ལྷོ་བྱང་གཉིས་བར་དུས་ཡུན་རིང་དམག་འཐབ་བྱུང་མྱོང་ཡོད་པ་མ་ཟད། ལོ་སྔོན་མར་བྱང་ཀོ་རེ་ཡས་ལྷོ་ཀོ་རེ་ཡའི་དམག་གྲུ་གཏོར་པ་དང་མཚོ་གླིང་དུ་དྲག་རྒོལ་བྱས་པ་ནས་བཟུང་ཕན་ཚུན་བར་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་ཡོད་པ་རེད།

དེ་བཞིན་ཀེམ་འདས་གྲོངས་སུ་གྱུར་རྗེས་ཨ་རིའི་ཕྱི་འབྲེལ་དྲུང་ཆེ་ཧཱེ་ལ་རེ་ཡིས། བྱང་ཀོ་རེ་ཡའི་མགོ་ཁྲིད་གསར་པས་ཁྱིམ་མཚེས་རྒྱལ་ཁབ་དག་དང་འབྲེལ་ལམ་འཕེལ་རྒྱས་ཐོག  མི་མང་གི་རང་དབང་དང་ཐོབ་ཐང་ལ་བརྩི་མཐོང་ཡོང་རྒྱུར་རེ་བ་བྱེད་ཀྱི་ཡོད་ལ། དེ་བཞིན་བྱང་ཀོ་རེ་ཡའི་མི་མང་ལ་ཨ་རིས་རྒྱབ་སྐྱོར་བྱ་རྒྱུར་གྲ་སྒྲིག་ཡོད་ཚུལ། མགོ་ཁྲིད་གསར་པས་རྒྱལ་ཁོངས་བདེ་འཇགས་དང་ཞི་བདེ། ཡུལ་ལུང་གི་དགེ་མཚན་སོགས་གཙོ་བོར་བཟུང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་།  ཨ་རིས་ལྷོ་ཀོ་རེ་ཡ་དང་ཉི་ཧོང་སོགས་རང་གི་ཕྱོགས་གཏོགས་རྒྱལ་ཁབ་དག་གི་བདེ་འཇགས་སྲིད་ཇུས་སྔར་བཞིན་གནས་རྒྱུ་ཡིན་པར་བརྗོད་འདུག  ཀེམ་འདས་པའི་གནས་ཚུལ་ཐོན་འཕྲལ་ཨོ་བྷ་མས་ཉི་ཧོང་སྲིད་བློན་དང་ལྷོ་ཀོ་རེ་ཡའི་སྲིད་འཛིན་སོ་སོར་ཁ་པར་བཏང་ཡོད་པ་དེའི་ཐད་ཆབ་སྲིད་དཔྱད་བརྗོད་དག་གིས་ལྟ་ཚུལ་སྣ་ཚོགས་འཛིན་གྱི་ཡོད་འདུག

ཕྱི་ཚེས་ ༡༩ ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་པེ་ཅིན་དུ་ཡོད་པའི་བྱང་ཀོ་རེ་ཡའི་གཞུང་ཚབ་ཁང་དུ་ཕྱིན་ཏེ་ཀེམ་འདས་གྲོངས་སུ་གྱུར་པར་མྱ་ངན་འཚམས་འདྲི་ཞུས་ཡོད་པ་དང་།  ཉིན་དེར་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱིས་བྱང་ཀོ་རེ་ཡའི་མི་མང་རྣམས་སྲིད་འཛིན་གསར་པ་ཀེམ་ཇོང་ཨུན་གྱི་མགོ་ཁྲིད་འོག་ཆིག་སྒྲིལ་བྱ་དགོས་པའི་སྐུལ་མ་བྱས་འདུག དེ་བཞིན་ཁུ་བྷ་(Cuba) དམར་ཤོག་གཞུང་གིས་ཀེལ་འདས་གྲོངས་ཕྱིན་པར་ཉིན་གསུམ་རིང་རྒྱལ་ཡོངས་མྱ་ངན་ཞུ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་འདུག

བྱང་ཀོ་རེ་ཡ་ནི་རྡུལ་ཕྲན་མཚོན་ཆ་མང་ཤོས་བཟོ་སྐྲུན་བྱེད་མཁན་དང་ཚོད་ལྟ་བྱེད་མཁན་ཞིག་ཡིན་ལ། འདས་པའི་ལོ་མང་རིང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་འབྲེལ་ལམ་ཆད་དེ། རྒྱ་ནག་གི་ཚོང་གྲོགས་ལེགས་ཤོས་ཤིག་ཏུ་གྱུར་ཡོད་ལ།  ཨེ་རག་དང་ལེ་བྷེ་ཡ་སོགས་ཀྱི་རྡུལ་ཕྲན་མཚོན་ཆའི་ཡོང་ཁོངས་ཆེ་ཤོས་ཤིག་ཀྱང་ཆགས་ཡོད་པ་རེད། ཆབ་སྲིད་དཔྱད་བརྗོད་པ་དག་གིས་ཨ་རིའི་གཞུང་གིས་གོ་སྐབས་འདི་དང་བསྟུན་ནས་བྱང་ཀོ་རེ་ཡས་རྡུལ་ཕྲན་མཚོན་ཆའི་ལས་གཞི་མཚམས་འཇོག་བྱ་རྒྱུར་མོས་མཐུན་ཡོང་ཐབས་དང་། ནུབ་ཕྱོགས་པའི་ཕྱོགས་གཏོགས་ཀྱི་གྲས་སུ་འདྲིད་ཐབས་བྱེད་ཀྱི་ཡོད་པར་གླེང་།

ཀེམ་ཇོང་སུང་ནི་ཕྱི་ལོ་ ༡༩༡༢ ལོར་སྐྱེས་ཤིང་ཁོང་གི་ཁྱིམ་རྒྱུད་དེ་ཀོ་རེ་ཡའི་སེ་ལཱ་རྒྱལ་རྒྱུད་ཅིག་ཡིན་པར་བརྗོད་ལ། ཁོང་ཆུང་དུས་ནས་དམར་ཤོག་ནང་ཞུགས་ཏེ་རང་ལོ་ ༡༤ སྟེང་བཙན་རྒོལ་དམག་དཔུང་དུ་ཞུགས། ལོ་ ༡༩ སོན་སྐབས་འཐབ་དམག་རྩ་འཛུགས་བྱས། ཉི་ཧོང་དང་ཨ་རིའི་བཙན་འཛུལ་འོག་ལོ་ ༢༠ ལྷག་རིང་རྒྱ་ནག་དང་ཨུ་རུ་སི་སོགས་དམར་ཤོག་རྒྱལ་ཁབ་ཁག་ཏུ་བྲོས་བྱོལ་གྱིས་རྒྱ་ནག་དང་ཨུ་རུ་སི་སོ་སོར་མཉམ་འབྲེལ་ཐོག ཉི་ཧོང་དང་ཨ་རིའི་བཙན་འཛུལ་ལ་ཁྱོ་ཤི་ང་གསོན་གྱི་དམག་འཐབ་བྱས་པ་དང་། ཁོང་ནི་སི་ཏཱ་ལེན་དང་མའོ་ཙེ་ཏུང་གཉིས་ལ་ལོ་ངོ་བཅུ་ཕྲག་མང་པོའི་རིང་འགྲོག་འདྲིས་དང་ཁོང་ཚོའི་ལྟ་གྲུབ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ཀེམ་ཇོང་ཨུང་ནི་བྱང་ཀོ་རེ་ཡ་དང་དེའི་གཞུང་འཛིན་ཚོགས་པ་སྟེ། ཀོ་རེ་ཡའི་ངལ་རྩོལ་ཚོགས་པ་(Workers Party of Korea) གསར་འཛུགས་བྱེད་མཁན་དང་། ༡༩༤༨ ནས་ ༡༩༧༢ བར་སྲིད་བློན་དང་། ༡༩༧༢ ནས་ ༡༩༩༤ལོར་འདས་གྲོངས་སུ་མ་ཕྱིན་བར་དུ་བྱང་ཀོ་རེ་ཡའི་སྲིད་འཛིན་བྱས་ཡོད་ལ། ༡༩༨༠ ལོར་ཁོང་གིས་བུ་ཆེ་བ་ཀེམ་ཇོང་རང་ཉིད་ཀྱི་དབང་ཆའི་རྒྱུད་འཛིན་པ་ཡིན་པར་ཁྱབ་བསྒྲགས་བྱས་འདུག

བྱང་ཀོ་རེ་ཡའི་ཡུལ་མི་ས་ཡ་ ༢༣ ལས་ས་ཡ་གཅིག་ཙམ་དམག་མི་ཡིན་ཞིང་། བྱང་ཀོ་རེ་ཡ་ནི་འཛམ་གླིང་གི་དམག་ཤུགས་ཆེ་ཤོས་ཨང་ ༥ ཆགས་ཡོད་འདུག ཐོན་སྐྱེད་ཤུགས་ཆེ་ཤོས་དམག་མིའི་མཁོ་ཆས་ཀྱི་རིགས་ཡིན་འདུག  མི་མང་གི་ཉིན་རེའི་འཚོ་བ་ནི་གཞུང་གི་སྟངས་འཛིན་འོག་གནས་ཡོད་པ་དང་། རྒྱལ་ཁོངས་ཐོན་སྐྱེད་ཕལ་ཆེ་བ་དམར་ཤོག་གཞུང་དང་ཀེམ་ཁྱིམ་རྒྱུད་ཀྱིས་བཟུང་ཡོད་སྟབས། མང་ཚོགས་ཕལ་ཆེ་བ་དབུལ་ཕོངས་དང་བཀྲེས་ལྟོགས་ཀྱི་དཀའ་ངལ་ཆེན་པོའི་འོག་གནས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས། 

 
 

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༡༧ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

མཆན། 6

  1. མངའ་རིས་བུ། says:
    ལོ་ 15 སྔོན།

    དམངས་གཙོ་དགོས་པ་ལ་མི་དམངས་ལ་ཡོན་ཏན་དང་དེ་བཞིན་ཆབ་སྲིད་གོ་རྟགས་ལེགས་པོ་ཞིག་ཚང་དགོས་པ་རེད། དེ་མིན་དམངས་གཙོ་དམངས་གཙོ་ཞེས་བརྗོད་ན་ཕན་གྱི་མ་རེད།
    དཔེར་ན། སྔོན་དུས་བལ་ཡུལ་ལ་རྒྱལ་པོ་འདས་པ་སོགས་ཀྱི་དུས་སུ་རྒྱལ་ཁབ་ལ་བརྟན་བརླིང་དང་མི་དམངས་ལ་བདེ་སྐྱིད་ཡག་པོ་གཅིག་ཡོད་པ་རེད། རྗེས་སུ་རྒྱ་གར་དང་ཨ་རི་བ་ལས་སོགས་ཀྱིས་རྒྱུད་བསྐུལ་གྱིས་དམངས་གཙོར་གྱུར་བ་རེད། ཡིན་ནའང་བལ་ཡུལ་རྒྱལ་ཁབ་དམངས་གཙོར་གྱུར་བ་དང་རྒྱལ་ཁབ་ལ་མི་བདེ་བའི་ལྟས་ཤརས་མགོ་བཙུགས་པ་རེད། དེ་ནས་བཟུང་བལ་ཡུལ་རྒྱལ་ཁབ་ནི་མི་གསོད་ཁྲག་སྦྱོར་དང་རྐུན་ཇག་ཁྲམ་གསུམ་ལྐོག་ཟ་རུལ་སུང་གིས་ནད་ངན་གྱིས་ཁྱབ་པར་བྱས་པ་རེད། དེ་ཚོ་ཚང་མ་དམངས་གཙོ་ཁ་ལ་ཁྱེར་ནས་བྱུང་བ་རེད།
    དམངས་གཙོ་ཡོང་་བ་ལ་དང་པོ་མི་དམངས་ལ་ཤེས་བྱ་ཡོན་ཏན་དང་ཆབ་སྲིད་ཀྱི་གནད་དོན་ལ་རྒྱུས་མངའ་ཆེ་ཙམ་ཞིག་མ་བྱུང་བའི་བར་དུ་དམངས་གཙོ་ནི་མིང་ཙམ་རེད། ད་བོད་མི་ཚོ་ལ་ཡིན་ནའང་དེ་འདྲ་མི་ཡོང་བའི་སྨོན་ལམ་ཡོད། སྔོན་དུས་༧གོང་ས་མཆོག་གིས་དབུ་ཁྲིད་དུས་མི་ཚོས་ཟེར་རྒྱུ་གཏམ་རྒྱུ་མང་པོ་མེད། ད་མི་ཡི་ལད་མོ་སྤྲེལ་གྱིས་བྱས་ཞེས་པ་ལྟར་དམངས་གཙོ་ཁ་ལ་ཁྱེར་གཏམ་བརྗོད་རང་དབང་དར་དུ་འཕྱར་ནས་དབུ་ཁྲིད་དང་པོ་བློ་སེང་ལ་གང་འདྲ་བཤད་ཡོང་གི་འདུག ཡག་པོ་མ་རེད། ད་ལྟ་གཉན་འཕྲང་ལ་ཐུག་དུ་ལག་གདངས་འབྲེལ་དགོས་པ་རེད་མ་གཏོགས་ཡག་པོ་མ་རེད

    Reply
  2. ཤིང་ལོ། says:
    ལོ་ 15 སྔོན།

    སུ་ཡིན་ནའང་སྟབས་མི་ལེགས་པ་དང་གྲལ་མི་འགྲིགས་པ་ཡོད།
    ང་ཚོས་ངེས་པར་དུ་རང་སྟེང་ནས་གནས་ཚུལ་ངན་པ་སྔོན་འགོག་ལ་འབད་དགོས།

    Reply
  3. ཐོ་རེངས། says:
    ལོ་ 15 སྔོན།

    བོད་མི་ཚོ་སེམས་པ་ཡག་པོ་རེད་ལྷོ་བྱང་ཀོ་རེ་ཡའི་ཆེན་དུ་སེམས་ཁྲལ་མང་པོ་བྱས་འདུག
    འོན་ཀྱང་དང་པོ་རང་ཉིད་བསྒྲལ་ནས་ད་གཟོད་གཞན་སྒྲོལ་ཚུལ་འདི་ནི་ཆབ་སྲིད་པའི་ལྟ་བ་རེད།
    དྲྭ་གྲོགས་བོད་རིགས་རྣམས་ཀྱིས་ནི་དང་པོ་གཞན་བསྒྲལ་ནས་ད་གཟོས་རང་ཉིད་གྲོལ་བར་འདོད་པ་འདི་བོད་མིའི་ཆབ་སྲིད་ལམ་ལུགས་ཡིན་པ་འདྲ།
    ཡང་ན་ཐེགས་ཆེན་བྱང་ཆུབ་སེམས་དཔའི་ཀུན་སློང་བཟང་པོ་ལ་སློབ་གཉེར་ཚད་མཐོ་བའི་རྟགས་ཞིག་རེད།
    གང་ལྟར་ཡང་བྱང་ཀོ་རེ་ཡ་ནི་འཛམ་གླིང་འདིའི་ཐོག་གི་དམག་དོན་སྟོབས་ཤུགས་ཨང་ལྔ་པ་རུ་སླེབས་ཚར་བར་རེད། སྐྱབས་བཅོལ་པ་ཞིག་གི་ཡན་ཡིན་རྒྱུ་རེད།
    སེམས་ཁྲེལ་མ་བྱེད་ལོ། །

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ལས་རེད། ལས་རེད། ཀིམ་ཇོང་གསུམ་དང་བྱང་ཀོ་རི་ཡེའི་ལས་རེད།

    Reply
  5. དོན་འགྲུབ། says:
    ལོ་ 15 སྔོན།

    ལྷོ་ཀོ་རི་ཡ་དང་བྱང་ཀོ་རི་ཡ་གཉིས་ཀྱི་བར་མཐུན་ལམ་བཟང་པོ་ཡོངས་བའི་སྨོན་འདུན་ཞུ།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    བྱང་ཀོ་རི་ཡ་ནི་དམར་ཕྱོགས་ནང་གི་སྙིང་རྗེར་འོས་པ་དེ་རེད། ད་ནི་གཉིད་ལས་སད་པའི་སྐྱེས་བུ་གོ་ཆོད་དུ་མ་ཞིག་ཡོད་ན་དམངས་གཙོའི་དར་ཆ་འཕྱར་རན་རེད། འདི་ད་ལྟ་དང་མ་འོངས་པའི་མདུན་ལམ་གྱི་ཆེད་དུའོ། ལྷ་རབ་བྱུང་ན་ལྷོ་བྱང་ཀོ་རི་ཡ་ཁྱིམ་ཚང་གཅིག་གྱུར་གནང་རྒྱུ་དེ་རེད། རེ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese