མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་མི་མང་གིས་བོད་དང་བོད་མིའི་ཐོག་ལྟ་སྣང་མཐོང་ཕྱོགས།

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཕུར་བུའི་ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ། ཕྱི་སྡོད་རྒྱ་རིགས་དགེ་རྒན་ཆེན་མོ་གསུམ་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲུ་ཞུ་བ་རྣམས་ལ་རྒྱ་རིགས་ཚོས་བོད་མིའི་ཐོག་འཛིན་པའི་ལྟ་སྟངས་སྐོར་ལ་གཏམ་བཤད་སྤེལ་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ།  ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དབུ་བཞུགས་ཐོག ཆེད་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲུ་ཞུ་བ་རྣམས་ལ། ཨ་རིའི་སི་ཊི་ཡུ་ནི་ཝར་སི་ཊི་ནིའུ་ཡོག་གཙུག་ལག་སློབ་གྲྭའི་ (City University of New York) དགེ་རྒན་ཆེན་མོ་སྐུ་ཞབས་པེ་ཊར་ཀོང་ (Peter Kwong) དང་སྐུ་ཞབས་ཤ་མིང་ (Xia Ming) གཉིས་དང་། ཨ་རིའི་ཌེ་ལ་ཝར་མངའ་སྡེའི་གཙུག་ལག་སློབ་གྲྭའི་ (Delaware State University) དགེ་རྒན་ཆེན་མོ་སྐུ་ཞབས་ཁྲན་ཡིང་ཧུང་(Chen yinghong)་བཅས་ནས། ༼རྒྱ་ནག་མི་མང་གིས་བོད་དང་བོད་མིའི་ཐོག་ལྟ་སྣང་མཐོང་ཕྱོགས༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་གྲུབ་རྗེས། ཚོགས་བཅར་བ་རྣམས་ཀྱི་དྲི་བར་ལན་འདེབས་ཀྱང་བྱས་ཡོད་འདུག

གཏམ་བཤད་དབུ་འཛུགས་ཀྱི་ཐོག་མར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། ཨ་རི་ནས་འདི་གར་ཕེབས་པའི་རྒྱ་རིགས་མཁས་བ་དེ་གསུམ་ནི་ཤེས་ཡོན་ཅན་དང་བསམ་བློ་གུ་ཡངས་ཅན་ཡིན་པས། ཁོ་ཚོ་བརྒྱུད་ནས་རྒྱ་མིའི་སྤྱི་ཚོགས་ནང་བོད་པའི་འཐབ་རྩོད་ཀྱི་ངོ་བོ་དང་གནས་སྟངས་འགྲེལ་བཤད་ཡག་པོ་རྒྱག་ཐུབ་པའི་རེ་བ་གནང་གི་ཡོད་ལ། ད་ཐེངས་ཁོ་ཚོ་རང་ངོས་ནས་འགྲོ་སོང་བཏང་སྟེ་དྷ་རམ་ས་ལར་ཕེབས་པར་ཧ་ཅང་དགའ་སྤྲོ་ཆེན་པོས་བསུ་བ་བྱེད་བཞིན་ཡོད་སྐོར་གསུང་ཡོད་པ་དང་། དེ་བཞིན། ཕྱི་དྲིལ་ཡིག་བསྒྱུར་སྡེ་ཚན་གྱི་འགན་འཛིན་བུ་ཆུང་བསོད་ནམས་ལགས་ཀྱིས་ཚོགས་ཞུགས་པ་ཡོངས་ལ། ཨ་རིའི་སློབ་ཆེན་ཁག་གི་ནང་དགེ་རྒན་ཆེན་མོ་བའི་ལས་ཀ་གཉེར་བཞིན་པའི་ཕྱི་སྡོད་རྒྱ་རིགས་མཁས་པ་དེ་གསུམ་ངོ་སྤྲོད་གནང་ཡོད་པ་རེད།

གཏམ་བཤད་སྐབས་སྐུ་ཞབས་ཁྲན་ཡིང་ཧུང་གིས། “ ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་མི་རིགས་ཚོ་དང་ཐུག་འཕྲད་ཀྱི་གོ་སྐབས་གང་མང་འཚོལ་ཐབས་གནང་སྟེ། ཁོང་གིས་རྒྱ་ནག་མི་མང་ལ་ཡིད་ཆེས་དམ་ཟབ་ཡོད་པ་གསལ་སྟོན་གནང་བཞིན་ཡོད།” ཅེས་བརྗོད་དེ། ཉེ་ལམ་༸གོང་ས་མཆོག་ཡུ་རོབ་ཁུལ་དུ་ཆིབས་སྒྱུར་སྐབས་བཀའ་སློབ་ཅིག་སྩལ་བའི་སྐབས། རྒྱ་རིགས་ཤིག་གིས་ཁོང་གི་ཕྱག་ལ་ཡི་གེ་ཞིག་ཕུལ་བའི་ནང་། རྒྱ་རིགས་དེས་ཐོག་མའི་ཆར་བོད་རྒྱ་མི་རིགས་དབར་དང་། རྒྱ་ནག་གཞུང་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་དབར་གྱི་འབྲེལ་ལམ་སྐོར་གང་ཡང་ཤེས་ཀྱི་མེད་པ་དང་། རྗེས་སུ་བོད་པ་ཞིག་བརྒྱུད་དེ་༸གོང་ས་མཆོག་གིས་འཛིན་པའི་དབུ་མའི་ལམ་གྱི་བཞེངས་ཕྱོགས་སྐོར་གོ་ཐོས་བྱུང་རྗེས། རྒྱ་རིགས་དེས་༸གོང་ས་མཆོག་གི་དབུ་མའི་ལམ་དེ་རྒྱ་ནག་སྐམ་སའི་རྒྱ་རིགས་ཚོས་ཤེས་རྟོགས་བྱུང་པ་ཡིན་ན་བོད་མི་ཚོའི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེད་ཡོང་རྒྱུ་ཡིན་པའི་བསམ་ཚུལ་འཁོད་ཡོད་པ་དེ་དཔེ་མཚོན་དུ་དྲངས་ནས། མ་འོངས་པར་བོད་རྒྱ་མི་རིགས་བར་འབྲེལ་གང་མང་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་བརྗོད་འདུག

 དེ་རྗེས་སྐུ་ཞབས་པེ་ཊར་ཀོང་གིས་དེང་སྐབས་རྒྱ་རིགས་ས་ཡ་ ༤༠ ཙམ་རྒྱ་ནག་གི་ཕྱི་ལ་གནས་སྡོད་བྱེད་བཞིན་པའི་ཁྲོད་ནས་ས་ཡ་ ༢༠ ཙམ་ཕྱི་ལོ་ ༡༩༧༨ རྗེས་ནས་ཕྱི་ལ་གནས་སྤོར་བྱས་པ་དང་། དེང་སྐབས་འཛམ་གླིང་ནང་རང་ཡུལ་བཞག་ནས་གཞན་ཡུལ་དུ་གནས་སྡོད་བྱེད་མཁན་མང་ཤོས་དེ་རྒྱ་རིགས་ཆགས་ཡོད་པ།  ཕྱིར་སྡོད་རྒྱ་རིགས་དེ་དག་རྒྱལ་ཁབ་ ༡༥༠ ཙམ་གྱི་ནང་ཡོད་པ་དང། དུས་རབས་ ༡༩ དཀྱིལ་ཙམ་ནས་རྒྱ་རིགས་ཕོན་ཆེན་ཕྱིར་སྡོད་བྱ་རྒྱུ་འགོ་བཙུགས་ཡོད་པ་དང་། སྔར་རྒྱ་རིགས་རྩ་བ་ནས་མེད་ས་ལྷོ་ཨ་ཕི་རི་ཀའི་ནང་དུའང་ད་སྐབས་རྒྱ་རིགས་ ༡༠༠༠ ཙམ་དང། ཨི་སི་རེལ་ནང་དུ་རྒྱ་རིགས་ ༣༨༠༠༠ ཙམ། ཨར་ཇེན་ཊི་ནའི་ནང་དུ་རྒྱ་རིགས་སྟོང་ཕྲག་འགའ་ཤས་བཅས་ཡོད་པར་མ་ཟད།   འདས་པའི་ལོ་རྒྱུས་ཁྲོད་ཕྱིར་སྡོད་རྒྱ་རིགས་ཚོས་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་སོགས་ལ་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་སྐོར་ངོ་སྤྲོད་དང་སྦྲགས། ཁོས་ “ ཕྱིར་སྡོད་རྒྱ་རིགས་ཚོས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཐོག་འཛིན་པའི་བསམ་ཚུལ་མཁྲེགས་པོ་ཡོད། ཁོ་ཚོས་གྲངས་ཉུང་མི་རིགས་ཀྱི་གནད་དོན་རྣམས་དེ་ཙམ་གལ་གནད་ཆེན་པོ་མ་རྩིས་པར་སྣང་མེད་གཏོང་གི་ཡོད།  དེར་བརྟེན་ཁོ་ཚོར་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་སྐོར་ལ་རྒྱུས་མངའ་དེ་ཙམ་ཡོད་པ་མ་རེད།  ཡིན་ནའང་། ཕྱིར་སྡོད་རྒྱ་རིགས་ཚང་མའི་བསམ་ཚུལ་གཅིག་མཚུངས་མ་རེད།” ཅེས་བརྗོད་ཡོད་པ་རེད།

མཇུག་མཐར་སྐུ་ཞབས་ཞཱ་མཱེན་གྱིས་གཏམ་བཤད་སྐབས། “འདི་ལོར་གནད་དོན་གལ་གནད་ཅན་བཞི་ཙམ་བྱུང་ཡོད་པ་ནི། ༸གོང་ས་ཏཱ་ལའི་བླ་མ་མཆོག་ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་ཕེབས་པ་དང། བཀའ་ཁྲི་གསར་པ་བསྐོ་གཞག་གནང་བ། བཙན་བྱོལ་བོད་མི་ཚོས་དམངས་གཙོ་ཆ་ཚང་ཞིག་ལོངས་སུ་སྤྱོད་ཐུབ་པ། དེ་བཞིན་རང་ལུས་མེར་སྲེག་བཏང་སྟེ་བོད་མི་ཚོས་ཡར་ལངས་བྱས་པ་བཅས་ཡིན། དེར་བརྟེན་གནད་དོན་གཙོ་གྲས་བཞི་པོ་འདིས་ཕྱི་ནང་གི་བོད་མི་ཚང་མར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། ” ཅེས་བརྗོད་དེ། བོད་ཀྱི་འཐབ་རྩོད་དེ་འགྲོ་བ་མིའི་ཐོབ་ཐང་ཙམ་མ་ཡིན་པར། ཆོས་དད་དང་རིག་གཞུང་། མི་རིགས་ཀྱི་ངོ་བ་སྲུང་སྐྱོབ་བཅས་ཡིན་སྟབས། དེང་སྐབས་བོད་ཀྱི་གནས་སྟངས་དེ་དཀའ་ངལ་ཆེན་པོ་ཞིག་གི་འོག་ཡོད་པའི་ངོས་འཛིན་གནང་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།
 
 

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 2

  1. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    དེའི་རྒྱུ་མཚན་ནི་བོད་རྒྱའི་གནད་དོན་ཐག་གཅོད་ཐད་ལ་བོད་མི་ཆབ་སྲིད་པ་ཡིན་ཟེར་མཁན་ཚོ་དང་ལས་ཀྱི་སྣེ་མོ་བ་ཚོ་ལས་བོད་རྒྱ་གཉིས་ཀར་འདི་ཚོར་ཤེས་རྟོགས་མཐུག་པོ་དང་ཟབ་མོ་འདུག་པས་ཡིན།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    བོད་ཀྱི་མཁས་བླུན་མང་པོ་ཕྱིའི་ཡུལ་གྲུ་གང་སར་འགྲོ་ཐབས་དང་དེར་སྐད་ཆ་བཤད་སྐབས་འཚོལ་བཞིན་འདུག རྒྱ་མི་མང་པོས་རྒྱ་གར་གྱི་སྐྱབས་བཅོལ་བོད་མིའི་ཚོགས་སྡེ་ཁག་ཏུ་ཡོང་ནས་སྐད་ཆ་རེ་བཤད་སྐབས་འཚོལ་བ་དང་། ཞོར་ནས་༸གོང་ས་མཆོག་ལ་མཇལ་ཐབས་འཚོལ་གྱི་འདུག
    ང་རྒྱའི་མཁས་པ་ཡིན་ཟེར་མཁན་འདི་ཚོ་དྷ་སའི་བོད་མིའི་སྒྲིག་འཛུགས་ནང་དུ་འཛུལ་ཡོང་གི་འདུག་པའི་སྣང་བ་ཞིག་སྟེར་གྱིན་འདུག་ལ། དེ་མཚུངས་ཞེད་སྣང་ཞིག་ཀྱང་ངང་གིས་སྐྱེས་ཡོང་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese