མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲོལ་རྒྱུན་རིག་གཞུང་ངོ་སྤྲོད་ཆེད་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་སྔ་དྲོར་བོད་ཀྱི་ཟློས་གར་ཚོགས་པས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཞུ་བ་ཚོར་༼ སྣང་ས་འོད་འབུམ ༽གྱི་རྣམ་ཐར་འཁྲབ་སྟོན་བྱས་སོང་།   

དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་བོད་ཀྱི་ཟློས་གར་ཚོགས་པས་རྡོར་གདན་གཏེར་སྒར་དགོན་པའི་ཉེ་འགྲམ་བཀའ་རྒྱུད་སྨོན་ལམ་ཚོགས་རྭའི་ནང་། ཐེངས་འདིའི་དུས་དབང་ལ་ཕེབས་པའི་ཆོས་ཞུ་བ་རྣམས་ལ་བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད་ཀྱི་ཡ་གྱལ་༼སྣང་ས་འོད་འབུམ།༽འཁྲབ་སྟོན་གཟིགས་འབུལ་གནང་སོང་ལ། འཁྲབ་སྟོན་དབུ་འབྱེད་ཀྱི་སྐུ་མགྲོན་དུ་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ངག་དབང་ནོར་བུ་མཆོག་གཙོས། ཟློས་གར་ཚོགས་པའི་འགན་འཛིན་དང་འཁྲབ་སྟོན་པ། དེ་བཞིན་གཟིགས་མོ་བ་བཅས་མི་མང་ ༥༠༠ མ་ཟིན་ཙམ་ཕེབས་འདུག  

འཁྲབ་སྟོན་གྱི་ཐོག་མར་ལྷ་མོའི་རོལ་དབྱངས་དང་བཅས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་གསར་གཏོད་པ་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྐུ་བརྙན་གར་སྟེགས་སྟེང་གདན་ཞུ་དང་། སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་གནང་རྗེས་བོད་ནང་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་གཙོ་བོ་དམ་པ་རྡོ་རྗེ་མཁའ་འགྲོ་མཆོག་བཅས་ལ་སྐར་མ་གཅིག་རིང་ངག་བཅད་མྱ་ངན་གུས་འདུད་བཅས་གནང་སོང་།

དེ་ནས་སྐུ་མགྲོན་གཙོ་བོ་མཆོག་ནས་བོད་ཀྱི་ཟློས་གར་ཚོགས་པའི་ ༢༠༡༡ ལོའི་དབྱར་སྐྱིད་འོད་སྡེར་དབུ་འབྱེད་བཅས་གནང་རྗེས། བོད་ཀྱི་ཟློས་གར་ཚོགས་པའི་འགན་འཛིན་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ ༡༩༥༩ ལོའི་ཕྱི་ཟླ་ ༨ པའི་ཚེས་ ༡༡ ཉིན་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་པའི་སྐོར་དང་། ཐོག་མའི་དམིགས་ཡུལ།  ད་ལྟའི་བར་༸གོང་ས་མཆོག་གི་དགོངས་གཞི་ལྟར་བོད་ཀྱི་ཐུན་མིན་རིག་གཞུང་རྒྱུན་འཛིན་ཐོག་འབད་བརྩོན་གནང་བ་སོགས་ངོ་སྤྲོད་གནང་བྱུང་།  

ཁོང་གིས་མུ་མཐུད་དུ་ཐེངས་འདིའི་འཁྲབ་སྟོན་དེ་ནི་དཔལ་འབྱོར་བསྡུ་རུབ་ཀྱི་དམིགས་ཡུལ་མིན་པར། ཐེངས་འདིའི་དུས་འཁོར་དབང་ཆེན་སྐབས་བོད་ཕྱི་ནང་ཙམ་དུ་མ་ཟད། འཛམ་གླིང་གི་ཡུལ་ལུང་མང་པོའི་མི་གྲངས་ཁྲི་ཕྲག་མང་པོ་འཛོམས་ཡོད་པའི་གོ་སྐབས་དང་བསྟུན་ཏེ། བོད་ཀྱི་ལྷ་མོའི་སྒྱུ་རྩལ་གཙོས་བོད་མི་རིགས་ཀྱི་གཞས་སྣ་ཁག བོད་དང་བོད་ཀྱི་རིག་གཞུང་། ལྷག་པར་དུ་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་ལོ་རྒྱུས་ཁག་འཁྲབ་སྟོན་གཟིགས་འབུལ་ཞུ་རྒྱུ་ཡིན་སྐོར་དང་། འཁྲབ་སྟོན་འདི་བརྒྱུད་དེ་འཛམ་གླིང་ཡུལ་གྲུ་ཁག་གི་ཆོས་ཞུ་བ་རྣམས་ཀྱི་བོད་ཀྱི་རིག་གཞུང་ཁོ་ན་མིན་པར། ད་ལྟའི་བོད་ཀྱི་ཆབ་སྲིད་གནས་སྟངས་ལ་རྒྱུས་ལོན་དང་ཤེས་རྟོགས་ཡོང་རྒྱུར་ཕན་ནུས་ཆེན་པོ་ཡོད་ཚུལ་སོགས་བརྗོད་བྱུང་།

ཐེངས་འདིའི་དུས་དབང་སྐབས་བོད་ཀྱི་ཟློས་གར་ཚོགས་པས་དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ནས་ཕྱི་དྲོའི་ཆུ་ཚོད་ ༤།༣༠ བར་ཆོས་ཞུ་བ་རྣམས་ལ་༼སྣང་ས་འོད་འབུམ་གྱི་རྣམ་ཐར༽གཟིགས་འབུལ་གནང་སོང་བར་མ་ཟད། སང་ཉིན་ཕྱི་ཚེས་ ༣༡ ཉིན་དང་། ཕྱི་ཟླ་དང་པོའི་ཚེས་ ༡ ནས་ ༦ བར་ཀྱི་དགོང་དྲོའི་ཆུ་ཚོད་ ༦ པ་ནས་༼ འཛམ་གླིང་ཡང་རྩེའི་བྲོ་གཞས ༽ དང་བོད་ཀྱི་ཡུལ་གྲུ་ཁག་གི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་གནང་རྒྱུ་ཡིན་འདུག  ཕྱི་ཟླ་ ༡ པོའི་ཚེས་ ༢ དང་ ༣ བཅས་ཉིན་གཉིས་རིང་དམིགས་བསལ་བོད་ནས་ཕེབས་པའི་ཆོས་ཞུ་བ་རྣམས་ལ་འཁྲབ་སྟོན་གཟིགས་འབུལ་གནང་རྒྱུ་ཡིན་འདུག

རྡོར་གདན་གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༢༤ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 2

  1. དོན་འགྲུབ། says:
    ལོ་ 14 སྔོན།

    སྲོལ་རྒྱུན་རིག་གཞུང་ངོ་སྤྲོད་ཆེད་ཡིན་ན་དགའ་བ་ལ། རྒྱུ་ནོར་ཆེད་དུ་འབད་བརྩོན་ཁོ་ན་ཡིན་ན་སྐྱོ་བ་ལ། ཁྱད་པར་ཆོ་ཁའི་བར་དང་གསར་སྙིང་བར་ལ་ཕྱོགས་ལྷོང་བྱེད་ན་སྐྱོ་བ་ལ།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    བོད་གཞུང་ཟློས་གར་ཚོགས་པ་འདི་མི་དྲང་དང་། ཕྱོགས་ལྷུང་ཅན། དངུལ་འབའ་ཞིག་དོན་དུ་གཉེར་མཁན་གྱི་དངུལ་སྡུད་ཚོགས་པ་ཞིག་རེད། བོད་ནས་ཡོང་བའི་གདངས་སྙན་པོ་ཡོད་མཁན་ཚོ། ཟློས་གར་ནང་ཚུད་ཁག་པོ་རེད། གལ་སྲིད་ཚུད་ནའང་ཡུན་རིང་མ་འགོར་པར་ཕྱིར་ཕུད་གཏོང་གི་འདུག གདངས་སྙན་པོ་ཡོད་ན་ཕྲག་དོག་བྱེད་དེ་རྒྱའི་སྐད་གདངས་འདྲེས་པར་སྙད་འདོགས་ཀྱིན་ཡོད། ཁོང་ཚོས་དབྱིན་སྐད་ཀྱི་གདངས་དང་།  ཧིན་སྐད་འདྲེས་མའི་དབྱངས་ཆེད་མངགས་བསླབས་ཏེ། རྒྱུན་ལྡན་དུ་གཏོང་བཞིན་ཡོད།
    ད་དུང་ཡང་སྟོད་གཞས་མ་གཏོགས་ཆོལ་སུམ་གྱི་གཞས་སྣ་ཕུན་སུམ་ཚོགས་པར་སློབ་ཀྱི་མེད། ཟློས་གར་འདིར་རྒྱུས་ཡོད་ཚོས། དཔལ་འབྱོར་འདུ་འགོད་ཙམ་ལས། རིག་གཞུང་ཡར་རྒྱས་གཏོང་བའི་རེ་ཐག་གཏན་ཆད་དུ་སོང་འདུག་ཅེས་མཇུག་སྡོམ་གནང་བཞིན་ཡོད་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese