མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་དབང་ཐོག་གི་དཀའ་ངལ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྡོར་གདན་དུས་དབང་ཐོག་ཆོས་ཞུ་བ་ཁག་ཅིག་ལ་འཐུང་ཆུ་དང་གློག དེ་བཞིན་གསང་སྤྱོད་འཁྲུད་ཁང་བཅས་ཀྱི་ཐད་ནས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་འདུག

རྡོར་གདན་དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཆོས་ཞུ་བ་རྣམ་ལ་གྲ་སྒྲིག་གནང་བའི་སྡོད་གུར་ཁག་ཏུ་ཉིན་འདི་འགར་ཆུ་དང་གློག གསང་སྤྱོད་བཅས་ཀྱི་དཀའ་ངལ་འཕྲད་ཀྱིན་ཡོད་པ་མ་ཟད། སྡོད་གུར་དང་གསུང་ཆོས་ར་བའི་ལམ་ཐག་རིང་དྲགས་པའི་དབང་གིས་དེ་སྔོན་སྡོད་གུར་སྔོན་མངགས་གནང་མཁན་མང་དག་ཅིག་གིས་གུར་ཕྱིར་སློག་བྱས་ཏེ། རྡོར་གདན་མཆོད་རྟེན་ཆེན་མོ་དང་གསུང་ཆོས་ར་བའི་ཉེ་འཁོར་གྱི་རྒྱ་གར་ཡུལ་མིའི་ཁང་པ་གླས་ཏེ་སྡོད་བཞིན་ཡོད་འདུག དེ་བཞིན། ཆོས་ཞུ་བའི་སྡོད་གུར་གྱི་འཁོར་ཡུག་གཙང་སྦྲ་མེད་པ་དང་། ཅ་དངོས་རྐུ་ལ་ཤོར་བ་སོགས་ཀྱི་གནས་ཚུལ་ཡང་མི་ཉུང་བ་ཞིག་འབྱུང་བཞིན་ཡོད་འདུག



འདིའི་ཐད་དུས་དབང་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་ཐུབ་བསྟན་བྱམས་པ་ལགས་སུ་བཅར་འདྲི་ཞུས་པར། གོ་སྒྲིག་ཚོགས་ཆུང་གིས་ཐོག་མར་ས་གནས་གཅིག་ཏུ་སྡོད་གུར་ ༢༠༠༠ ལྷག་ལས་རྒྱག་འཆར་མེད་ཀྱང་། གུར་སྔོན་མངགས་བྱེད་མཁན་ཇེ་མང་དུ་ཕྱིན་སྟབས། བདུན་ཕྲག་གཅིག་ལྷག་གི་རིང་མཱ་གྷ་ངྷ་གཙུག་ལག་སློབ་གྲྭའི་ཐང་ཆེན་གཙོས་པའི་ས་གནས་བཞིའི་ནང་གུར་ཇེ་མང་དུ་བཏང་སྟེ་མཐར་གུར་ ༣༥༠༠ ཙམ་རྒྱག་དགོས་བྱུང་ཡོད་པ་དང་། དེ་སྔ་གོ་སྒྲིག་ཚོགས་ཆུང་གི་གུར་དེ་ཕྱི་ཚེས་ ༢༥ ཉིན་གཏོང་རྒྱུ་བྱས་ཡོད་ཀྱང་། མི་མང་པོ་ཞིག་སྔ་མོ་ནས་འབྱོར་ཡོད་སྟབས། དེ་དག་གི་སྔ་ངལ་སེལ་ཆེད་དུས་བཅད་སྔ་བསྣུར་གྱིས་བགོ་འགྲེམས་བྱས་ཡོད་པ་མ་ཟད། གུར་ཕྱིར་རྩིས་སྤྲོད་བྱས་པ་དག་གུར་མ་རག་པ་ཚོར་སྤྲད་དེ་ཕན་ཚུན་ཁ་གསབ་ལྟ་བུ་ཡང་བྱས་ཡོད་འདུག

དྲུང་ཆེ་ཐུབ་བསྟན་ལགས་སུ་སྡོད་གུར་ནང་དཀའ་ངལ་འཕྲད་བཞིན་པ་དེ་དག་དུས་ཡུན་ག་ཚོད་ནང་སེལ་ཐུབ་མིན་དྲིས་པར་ཁོང་གིས་བརྗོད་དོན།  “ ཐེངས་འདིར་མི་འབོར་མང་པོ་དང་སྡོད་སྒར་གྱི་གྲངས་ཀ་མང་པོ་ཡིན་སྟབས། ལས་ཀའི་ཕྱོགས་ནས་ཆུ་ཚོད་འགོར་འགྱང་རིགས་ཡོང་གི་འདུག  ཡིན་ནའང་། ང་ཚོའི་ངོས་ནས་མངའ་སྡེ་གཞུང་གི་མི་སྣ་ར་འབྲེལ་བ་བྱས་ཡོད་སྟབས། ཆུ་དང་གློག་གི་དཀའ་ངལ་དེ་མགྱོགས་མྱུར་སེལ་ཐུབ་པ་རེད་ལ། བདེ་འཇགས་སྲུང་སྐྱོབ་ཀྱི་ཐད་ནས་ཀྱང་མངའ་སྡེ་གཞུང་གི་མངགས་གཏོང་བྱས་པའི་བདེ་སྲུང་མི་སྣ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དང་བླངས་བ་བཅས་གོ་སྒྲིག་བྱེད་བཞིན་པ་ཡིན། མི་མང་ཡོངས་ལ་གཅིག་གྱུར་གྱི་དཀའ་ངལ་ཞིག་ཡོད་པ་ནི། གསུང་ཆོས་ར་བ་དང་སྡོད་གནས་བར་ལམ་ཐག་རིབ་བ་དེ་ཡིན་སྟབས། ང་ཚོས་ད་ཆར་ཉིན་ལྟར་རླངས་འཁོར་ཆེ་བ་ཁག་གོ་སྒྲིག་གིས་མི་མང་སྐྱེལ་འདྲེན་བྱེད་བཞིན་ཡོད། གསུང་ཆོས་དངོས་གཞིའི་སྐབས་ཉིན་རེར་རླངས་འཁོར་ ༢༠ གཏོང་འཆར་ཡོད། གལ་སྲིད་ད་དུང་མ་འདང་ཚེ་རླངས་འཁོར་མང་དུ་གཏོང་རྒྱུ་ཡིན” ཞེས་བརྗོད་བྱུང་།



ཁ་སང་ཕྱི་ཚེས་ ༡ ཉིན་གསར་འགོད་པ་བསྐྱར་དུ་མི་མང་སྡོད་གནས་སུ་ཕྱིན་ཏེ། སྡོད་གུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་པ་སངས་ལགས་སུ་བཅར་འདྲི་ཞུས་པར། ཉེ་ལམ་གོ་སྒྲིག་ཚོགས་ཆུང་གིས་མི་སྟོང་ཕྲག་ ༤༠ ལྷག་གི་ཚད་གཞི་བཟུང་བའི་སྡོད་གུར་ཁག་ལས་མི་སྟོང་ཕྲག་ ༢༥ ཡས་མས་ཁེངས་ཏེ། སྤྱི་ཡོངས་ཀྱི་སྡོད་གུར་དཀའ་ངལ་སེལ་ཡོད་ཀྱང་། མངའ་སྡེ་གཞུང་ངོས་ནས་ཐོག་མའི་ཁས་ལེན་ལྟར་ལས་ཀ་ཏག་ཏག་མ་བསྒྲུབ་པའི་དབང་གིས། ད་ལྟའི་ཆར་འཐུང་ཆུ་དང་གསང་སྤྱོད་འཁྲུད་ཁང་ལ་ཆུ་མེད་པར་སྦུ་གུ་འགག་འགྲོ་བའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། གློག་གི་ཐད་ནས་ཀྱང་དེ་སྔ་མངའ་སྡེ་གཞུང་ལ་འབོད་སྐུལ་ཞུས་ཏེ་ཧིན་སྒོར་འབུམ་ ༤༠ ལྷག་གི་འགྲོ་སོང་བཏང་ཡོད་ཀྱང་། ད་ལྟ་གློག་དུས་ལྟར་གཏོང་མི་ཐུབ་པ་དང་ཡང་ཡང་ཆད་འགྲོ་བའི་དཀའ་ངལ་འཕྲད་བཞིན་ཡོད་འདུག གོ་སྒྲིག་ཚོགས་ཆུང་གིས་མི་མང་གི་དཀའ་ངལ་སེལ་ཐབས་སུ་ཉིན་རེར་ཆུ་སྐྱེལ་འདྲེན་དང་། སྡོད་གུར་ཁག་ནང་གློག་གཏོང་འཕྲུལ་ཆས་ཀྱང་བཙུགས་འདུག   



མཐར་གསར་འགོད་པས་མི་མང་སྡོད་གནས་སུ་ཟ་ཁང་བཟུང་ཡོད་པ་བསོད་ནམས་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། “ཐོག་མར་གོ་སྒྲིག་ཚོགས་ཆུང་གིས་ཚེ་ ༢༢ ཉིན་ནས་བཟུང་ཆུ་གཏོང་གི་ཡིན་གསུངས་ཀྱང་། ད་ལྟ་དངོས་སུ་ས་གནས་སུ་བསླེབས་སྐབས་ཉིན་གྲངས་འདི་དག་རིང་ཆུ་དུས་ཐོག་ཏུ་ཡོང་གི་མི་འདུག་ལ། གློག་གི་ཐད་ནས་ཀྱང་དཀའ་ངལ་འདུག ཁ་སང་ཁས་ཉིན་ནས་བཟུང་དོང་ཆུ་འཐེན་གྱི་འདུག་ཀྱང་། དོང་ཆུ་རྙོག་པ་དང་འདམ་དྲིའི་དབང་གིས་འཐུང་ཐུབ་ཀྱི་མི་འདུག ཟ་ཁང་དག་ལ་གློག་གི་དཀའ་ངལ་འཕྲད་དེ་ཉིན་རེར་ཧིན་སྒོར་ ༣༠༠ རེའི་འགྲོ་སོང་བཏང་སྟེ་རང་ངོས་ནས་འཐེན་པ་ཡིན། གང་ལྟར། གོ་སྒྲིག་པའི་ངོས་ནས་མགྱོགས་མྱུར་འཐུང་ཆུ་དང་གློག་གི་དཀའ་ངལ་སེལ་རྒྱུ་གལ་ཆེན་པོ་རེད ”ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོས་རྡོ་རྗེ་གནད་ནས།

འབྲེལ་ཡོད་གསར་འགྱུར།

Farmers in Tibet: In the first seven months of this year over 500,000 rural Tibetan labourers have been pushed into military-style training centres.AP
Mobile App

རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པའི་སྙན་ཐོ་བཏོན།

ཆུ་ཚོད་ ༥ སྔོན་ལ།
རྒྱ་ནག་པེ་ཅིན་ནས་ཡིན་པའི་ཁྲིམས་རྩོད་པ་ཏུང་ཕུང་ལགས་ཀྱིས་བོད་ཀྱི་མཚོ་སྔོན་པོའི་འབྲོག་ཁུལ་ནས་གནས་ཚུལ་སྤེལ་བ། ཁོང་གི་བརྙན་ལམ་གྱི་པར།
Mobile App

འབྲོག་མང་བཙན་གྱིས་གནས་སྤོར་བཏང་བ་དང་གུན་གསབ་སྤྲོད་ཀྱི་མེད་པ་སོགས་ཀྱི་གནད་དོན་ལ་རོགས་རམ་བྱེད་ཀྱི་འདུག

ཆུ་ཚོད་ ༨ སྔོན་ལ།
Mobile App

བལ་བཟའ་ཁྲི་བཙུན་བལ་ཡུལ་གྱི་ལོ་རྒྱུས་མི་སྣའི་ཁོངས་སུ་འཇུག་དགོས་པའི་རེ་སྐུལ་ཞུ་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་འདུན་པ་ཞལ་གྲངས་ ༥༤ ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ནས་བླངས། ༢༠༢༦།༡།༢༢
༸གོང་ས་མཆོག གསར་འགྱུར།

དགེ་འདུན་པ་ཞལ་གྲངས་ ༥༤ ལ་དགེ་སློང་གི་སྡོམ་པ་བསྩལ། 

༢༠༢༦/༠༡/༢༢
*As of December 1, 2025 | Total imprisoned: 330 journalists. Chart: Charles SpicerSource: The Committee to Protect Journalists
Mobile App

འདས་ལོར་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དེ་རྒྱ་ནག་རེད་འདུག

༢༠༢༦/༠༡/༢༢
རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་མགོ་འཛུགས་གནང་། ༢༠༢༦།༡།༢༡-༢༦  པར་ཚོགས་ཆུང་གིས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་འཚོག་གི་འདུག 

༢༠༢༦/༠༡/༢༢

མཆན། 3

  1. འཁྲུངས་སྐར། says:
    ལོ་ 14 སྔོན།

    དྲང་པོ་ཞུས་ན་དཔལ་འབྱོར་ཁོ་ན་ཆེད་དུ་ཡིན་པའི་ངེས་པ་རྙེད། ད་ལྟོས་དང་གྲགས་པ་དང་སོ་སོ་ཚོགས་པ། སོ་སོ་རིགས་རྒྱུད་ལས་གཞན་མི་འདུག་ག

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དེ་འདྲའི་དཀའ་ངལ་ཡོད་སར་བོད་པ་རང་གི་གནས་སྐབས་འཕྲལ་སེལ་རིང་ལ་ཟ་ཁང་ཙམ་མིན་པར་ཆུ་དང་གློག་རིགས་ཚོང་ཟོག་ཐག་རིཔ་ནས་འོར་འདྲེན་གྱིས་དཀའ་ངལ་སེལ་ཐབས་མེད་དམ།

    Reply
  3. དོན་འགྲུབ། says:
    ལོ་ 14 སྔོན།

    མི་ཚོགས་མང་བའི་རྐྱེན་གྱི་གོ་སྒྲིག་པ་ལ་དཀའ་བསྔལ་ཡོད་མོད་ཀྱང་ཐབས་ཤེས་སྣ་ཚོགས་ཀྱིས་སྒོ་ནས་དཀའ་བསྔལ་དེ་སེལ་ཐབ་མ་བྱས་ན་མི་དམངས་ལ་ནད་རིག་སྣ་ཚོགས་འབྱུང་སྲིད་པས་ཚོགས་པ་ཁག་ནས་རོགས་རམ་ཤུགས་ཆེར་བྱེད་པའི་རེ་བསྐུལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese