མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་དངོས་བྱུང་གནས་སྟངས།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp


བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་
གནས་མཆོག་རྡོ་རྗེ་གདན་དུ་༼ བོད་ནང་གི་དངོས་བྱུང་གནས་སྟངས ༽ ཞེས་པའི་གཏམ་བརྗོད་ཅིག་མི་མང་ལ་འཁྲབ་སྟོན་གནང་སོང་།   

མདང་ཆུ་ཚོད་ ༧།༣༠ ཐོག་རྡོ་རྗེ་གདན་མཆོད་རྟེན་ཉེ་འགྲམ་སོ་རྗ་ཊ་གསོལ་མགྲོན་ཁང་ ( HOTEL SUJATA VIHAR) གི་མདུན་ཐང་དུ་བོད་ཀྱི་དགུ་བཅུ་ལས་འགུལ་ཚོགས་པས་ ༼བོད་ནང་གི་དངོས་བྱུང་གནས་སྟངས༽ ཞེས་པའི་གཏམ་བརྗོད་ཅིག་འཁྲབ་སྟོན་གནང་ཡོད་ཅིང་། འཁྲབ་སྟོན་གྱི་སྐུ་མགྲོན་དུ་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་གཙོས། བལ་ཡུལ་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱུན་རིང་ཕྱག་ལས་གནང་མྱོང་བའི་སྐུ་ཞབས་སོའུ་ཊར་པཱ་ངྷིར་ལགས་དང་རྒྱ་གར་བདེ་སྲུང་ནང་རྒྱུན་རིང་ཕྱག་ལས་གནང་མྱོང་བའི་སྐུ་ཞབས་བློ་བཟང་རབ་རྒྱས་ལགས་བཅས་ཕེབས་འདུག  

གཏམ་བརྗོད་འཁྲབ་སྟོན་ཐོག་བོད་ཀྱི་དགུ་བཅུ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱིས།  བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ཐོག་མར་ཕྱི་ལོ་ ༡༩༩༡ ལོར་བོད་ནས་གསར་དུ་ཕེབས་པའི་ཆབ་སྲིད་བཙོན་པ་ཁག་ཅིག་གིས་ངྷ་རམ་ས་ལར་གསར་འཛུགས་གནང་རྗེས། བོད་ནས་ཕེབས་པའི་ཆབ་སྲིད་བཙོན་པ་རིམ་པར་སྣེ་ལེན་དང་བདག་སྐྱོང་། སློབ་སྦྱོང་གི་མཐུན་རྐྱེན་སོགས་བསྐྲུན་ཏེ། ད་ཆར་ཆབ་སྲིད་བཙོན་ཟུར་སོགས་རྣམ་གྲངས་མི་འདྲ་བའི་མི་ ༥༩༠ ཙམ་ཨ་རི་གཙོས་ཕྱི་རྒྱལ་ཁག་ཏུ་ཡོད་ཚུལ་ངོ་སྤྲོད་གནང་སོང་།

མདང་དགོང་གི་གཏམ་བརྗོད་ནང་དོན་གཙོ་བོ། རྒྱ་ནག་གཞུང་གིས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་འཛིན་བཟུང་དང་འདྲི་གཅོད་བྱེད་སྟངས་དང་ནང་མི་ཐུག་འཕྲད་ཀྱི་དཀའ་ངལ། ཁྲིམས་གཅོད་ཀྱི་གོ་རིམ། ཕྱིར་སྤྱི་ཚོགས་ནང་བསླེབས་རྗེས་དཀའ་ངལ་སོགས་གཏམ་བརྗོད་ཀྱི་ལམ་ནས་འཁྲབ་སྟོན་གནང་སོང་ལ། སྐབས་དེར་ལྟད་མོ་མང་པོ་མིག་ཆུ་འདོན་པ་དང་ངུ་ངག་འདོན་བཞིན་པ་སོགས་མང་པོ་ཞིག་བྱུང་སོང་། སྐབས་དེར་གསར་འགོད་པས་ལྷོ་ཕྱོགས་སེ་ར་དགོན་པའི་ལྟད་མོ་བ་དགེ་བཤེས་བྱམས་པ་ངག་དབང་ལགས་སུ་གཏམ་བརྗོད་འཁྲབ་སྟོན་བརྒྱུད་ཁོང་ལ་ཚོར་སྣང་གང་འདྲ་བྱུང་ཡོད་མེད་དྲིས་པར། “ ཁོང་གིས་ངུ་ངག་དང་བཅས་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་དེ་རིང་གི་གཏམ་བརྗོད་ནང་འཁྲབ་བཞིན་པ་དང་གཅིག་མཚུངས་ཆགས་ཡོད་པ་རེད། ང་རང་ལ་མཚོན་ན་ལྷ་སའི་བར་སྐོར་ནང་སྐད་འབོད་བྱས་མྱོང་མཁན་ཞིག་ཡིན་ལ། ངའི་སྤུན་ཆུང་བའང་ཉེ་ཆར་རང་ཆབ་སྲིད་ཀྱི་ནག་ཉེས་འོག་བཙོན་འཇུག་བྱས་ཏེ་ཟླ་ ༦ འགོར་འདུག  དེ་རིང་གི་གཏམ་བརྗོད་འདིར་བལྟས་འོང་དུས་ངའི་སེམས་ནས་བཟོད་མི་ཐུབ་ཀྱི་མི་འདུག  གཙོ་བོ། བོད་མི་ཡོངས་ཀྱིས་གཏམ་བརྗོད་འདི་བརྒྱུད་ཆབ་སྲིད་བཙོན་པའི་གནས་སྟངས་མཁྱེན་པར་བྱ་རྒྱུ་དང་། ཁོང་རྣམ་པར་དཀའ་ངལ་ལས་གྲོལ་ཐབས་བྱ་རྒྱུ་རེ་བ་ཡིན” ཞེས་བརྗོད་བྱུང་།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས། ཐེངས་འདིའི་དུས་དབང་སྐབས་རྒྱ་ནག་གཞུང་གིས་བོད་ནང་གི་ཆབ་སྲིད་བཙོན་པར་སྡུག་སྦྱོང་མནར་གཅོད་བཏང་བ་དང་བོད་བསྟན་སྲིད་ཀྱི་ཆེད་དུ་ལུས་སྲོག་བློས་གཏོང་བྱས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་འགྲེམས་སྟོན་དང། ཆབ་སྲིད་བཙོན་པའི་ལོ་རྒྱུས་དཔེ་དེབ་འགྲེམས་སྤེལ་བཅས་གནང་བཞིན་པ་མ་ཟད། ཕྱི་ཚེས་ ༤ ཉིན་གྱི་དགོང་མོ་༼དབྱིངས་ལ་ཐིམ་པའི་བོད༽ ཅེས་པའི་གློག་བརྙན་གཟིགས་འབུལ། ཕྱི་ཚེས་ ༥ དང་ ༧ ། ཕྱི་ཚེས་ ༩ བཅས་སུ་གཏམ་བརྗོད་འཁྲབ་སྟོན་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༥ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 5

  1. ཨ་འདུས་མིག་ཆུ། says:
    ལོ་ 15 སྔོན།

                     ཕ་བཟང་གི་བུ།                   

                                                དགུ་བཅུ་གསུམ་ཚོགས་པའི་འཁྲབ་སྟོན་ལ་བལྟས་རྗེས་བོད་ཀྱི་ཆབ་སྲིད་བཙོན་པ་ཚོར།
    དྲིན་ཆེན་ཕ་ལོའི་སྙིང་གི་མར་ལོ་སེམས་ཀྱི་གཅེས་པའི་བུ་བཟང་ཁྱེད།།
    བྱམས་ལྡན་མ་ལོའི་དཔྲལ་བའི་མིག་ཟུང་ཡིད་ལ་འཇགས་པའི་སེམས་རྟེན་ཁྱེད།།
    ཉི་ཟེར་མེད་ཀྱང་མུན་པ་མཐུག་པའི་བཙོན་ཁང་སྒོ་མེད་ནག་པོའི་ནང་།།
    རྐང་པ་ལག་ཟུང་ལྕགས་ཀྱིས་བསྡམས་ཤིང་ལུས་གཅོང་ནད་ཀྱིས་གཟིར་ནས་ཡོད།།

    ཤ་ཁྲག་རུས་གསུམ་ས་མཐོར་འཁྲུངས་པའི་དྲིན་ལྡན་ཕ་ལོའི་སྙིང་གི་བུ།།
    སེམས་ཀྱི་བརྩེ་བ་སྙིང་ལ་འཁྱིལ་བའི་བྱམས་བརྩེའི་བདག་ཉིད་ཨ་མའི་བུ།།
    གསེར་ནག་རིན་ཆེན་སྟོང་ལས་ལྷག་པའི་གཅེས་པའི་སྐུ་ལུས་རྩ་ཆེན་དེ།།
    ཆོལ་གསུམ་སྤུན་ཟླའི་སྡུག་བསྔལ་སེལ་ལ་ཁྱེད་ཀྱིས་ཕང་མེད་བཏང་སོང་ཨང་།།

    སྙིང་གི་དཀྱིལ་ན་ན་ཟུག་ལོས་ཡོད་ཚོར་ཤེས་ལྡན་པའི་གང་ཟག་ཅིག།།
    ཡིད་ཀྱི་མཁའ་ན་ཕྱིར་དྲན་ལོས་ཡོད་དྲིན་གྱིས་བསྐྱངས་པའི་གཅེས་ཕྲུག་ཅིག།།
    འོན་ཀྱང་བོད་མིའི་བདེ་སྡུག་སླད་དུ་ཁྱེད་ཀྱིས་ཚེ་སྲོག་རིན་ཆེན་ནོར།།
    མུན་པ་ནག་པོའི་བཙན་ཁང་ནང་ན་ལོ་ཟླའི་ཆར་གྱིས་བཟས་སོང་ཨང་།།

    ཉི་མའི་འོད་སྣང་མིག་གིས་མ་མཐོང་ལོ་ཟླའི་རྒྱུན་ཐག་ག་ཙམ་འདས།།
    ཟླ་བའི་བསིལ་ཟེར་ལུས་ཀྱིས་མ་མྱངས་ཉིན་མཚན་མང་པོ་ག་ཙམ་བཞུད།།
    གཉེན་བཤེས་བྲལ་བའི་མུན་ཁུངས་ཁྲོད་ན་བཟོད་མེད་གཅར་རྡུང་ག་ཙམ་བྱས།།
    བརྩེ་མེད་ལས་ཀྱིས་ལུས་སེམས་གཉིས་ལ་སོས་མེད་རྨ་ཁ་ག་ཙམ་བསྐྲུན།།

    སྐྱག་ཆུ་ཕོར་གང་བཙན་གྱི་བླུད་དུས་རྫ་ཆུ་བསིལ་མ་དྲན་སོང་ངམ།།
    བཅུད་མེད་འབྲས་སྐམ་ཞལ་གྱིས་མྱོང་དུས་སྦྲང་དཀར་རྩམ་པ་དྲན་སོང་ངམ།།
    དགུན་གྱི་གྲང་ངར་ལུས་ལ་ལྡང་དུས་སློག་པའི་དྲོད་ཁོལ་དྲན་སོང་ངམ།།
    ཁྲོ་གཉེར་རྒྱ་གདོང་མིག་གིས་མཐོང་དུས་མ་ལོའི་མཛུམ་ཞལ་དྲན་སོང་ངམ།།

    ཁྱེད་ཀྱི་དཔའ་དང་བློ་ཁོག་འདི་ཡིས་བོད་ཀྱི་དབུ་འཕང་མཐོ་སོང་ལོ།།
    ཁྱེད་ཀྱི་བརྩེ་དང་ལྷག་བསམ་འདི་ཡིས་བོད་ལ་དྲོད་ཁོལ་བསྐྲུན་སོང་ལོ།།
    ཁྱེད་ཀྱི་ཕང་མེད་བློས་བཏང་འདི་ཡིས་བོད་ལ་སྙིང་སྟོབས་བསྩལ་སོང་ལོ།།
    ཁྱེད་ཀྱི་བཙན་པོའི་གོ་ཆ་འདི་ཡིས་ང་ཚོ་ཚང་མ་སྲུང་སོང་ལོ།།

    ཁྱེད་ཚོས་མྱངས་པའི་ལུས་ཀྱི་ན་ཟུག་ང་ཚོའི་སེམས་ལ་འཛུལ་ཏེ་འོང་།།
    ཁྱེད་ཚོའི་ལུས་ཀྱི་ཟུངས་ཁྲག་བཞུར་རྒྱུན་ང་ཚོའི་མིག་ནས་འབབ་སྟེ་འོང་།།
    ཁྱེད་ཚོ་གཅར་བའི་ན་ཟུག་འཁུན་སྒྲས་ང་ཚོས་མགྲིན་པ་རྣང་སྟེ་འོང་།།
    ཁྱེད་ཚོའི་ལུས་སེམས་དཀའ་སྡུག་བསམ་ན་ང་ཚོའི་སེམས་པ་སྡུག་སྟེ་འོང་།

    འདོན་སྤེལ།: ༢༠༡༡/༡༡/༠༤
    པ

    Reply
  2. གླིང་གེ་སར། says:
    ལོ་ 15 སྔོན།

    ཀླུ་བྱམས་འདི་དམངས་གཙོའི་ལམ་ལ་ཨུ་ཚུགས་ཀྱི་འགྲོ་མི་ཞིག་རེད་འདུག་།བོད་ཀྱི་རྒྱལ་དར་དེ་བོད་ཀྱི་ཚེ་སྲོག་དབུགས་གསུམ་ཡིན་པར་ཧ་གོ་མི་ཞིག་ཡིན་འདུག་།བོད་ནང་གི་དཀའ་ངལ་དེ་དཀའ་ངལ་ངོ་མ་ཡིན་པ་ཧ་གོ་མི་རེད་འདུག་།ཡིནའང་ང་ཚོའི་སྤྱི་ཚོགས་འདིས་ཁྱོད་ལ་མཐོང་ཚུལ་ག་འདྲ་ཡོད་འདུག་།

    Reply
  3. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    སྐུ་མགྲོན་གཞན་པ་གཉིས་ཀྱིས་་གཏམ་བཤད་གནང་མེད་པ་ཡིན་ནམ

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཀླུ་མཁར་བྱམས་ལ་སོགས་ཀྱིས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་གནས་མཆོག་རྡོ་རྗེ་གདན་དུ་༼ བོད་ནང་གི་དངོས་བྱུང་གནས་སྟངས ༽ ཞེས་པའི་གཏམ་བརྗོད་ཅིག་མི་མང་ལ་འཁྲབ་སྟོན་གནང་བར་སྤཡི་དོན་འབད་སྟངས་ཐབས་ཤེས་བཟང་ལ་རང་གཞན་གཉིས་ཕན་གྱི་ལས་འགུལ་ལ་རྒྱབ་སྐྱབ་སྐྱོར་དང་། དགའ་བསུ་ཞུ། བོད་རིགས་ཀྱི་བདེན་པ་མྱུར་དུ་རྒྱལ་འགྱུར་ཅིག །

    Reply
  5. ཐོ་རེངས། says:
    ལོ་ 15 སྔོན།

    བོད་ཀྱི་དགུ་བཅུ་ལས་འགུལ་ཚོགས་པའི་ཚོགས་གཅོ་ཀླུ་མཁར་བྱམས་ལགས་ནི།
    ལྷག་བསམ་དང་བློ་གྲོས་ལྡན་པའི་བོད་ཀྱི་ན་གཞོན་སྙིང་སྟོབས་ཅན་ཞིག་ཡིན་པ་གོ་མྱོང་།
    དེས་ན་ད་སྐབས་ཁོང་གི་ཕྱག་ལས་གནང་བཞིན་པ་འདི་དག་ལ་བསྒྲིགས་འཛུགས་དང་དངོས་དོན་རྗེས་དྲན་གྱི་ཁུངས་ལུང་ཡོད་པའི་འཁྲབ་སྟོན་ཡག་པོ་ཞིག་བྱེད་བཞིན་པའི་ཡིད་ཆེས་ཐོག
    ཁོང་གི་མཛད་བཞིན་པས་ལས་འགུལ་འདི་བརྒྱུད་ནས་རྒྱ་ཆེའི་མི་མང་ལ་དངོས་དོན་བདེན་འཚོལ་གྱི་གོ་རྟོགས་གསར་པ་སྤེལ་ཐུབ་རྒྱུའི་རེ་བ་ཟབ་མོ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese