མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྗེས་མ་རྒས་འཁོགས་ཆགས་ཏེ་ཡོང་མ་ཐུབ་པ་ཡིན་ན་དགོངས་དག་ཞུ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

ལོ་ལྟར་བོད་གཞུང་བདེ་ལེགས་སྨན་ཁང་གི་མཐུན་འགྱུར་འོག ཉི་ཧོང་གི་མིག་ནད་ཆེད་ལས་སྨན་པའི་ལྷན་ཚོགས་(AOCA)ཀྱིས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་རིན་མེད་ཐོག་མིག་གཤགས་བཅོས་ཀྱི་ཞབས་ཞུ་ལས་གཞི་ཞིག་འགྲོ་བཞིན་པ་ལྟར། འདི་ལོ་ཁྱོན་བསྡོམས་མི་ ༤༠༠ ལྷག་ལ་མིག་ནད་བརྟག་དཔྱད་དང་། མི་ ༧༠ ཙམ་ལ་མིག་གཤགས་བཅོས་བྱས་འདུག

བོད་གཞུང་བདེ་ལེགས་སྨན་ཁང་གིས་མཐུན་འགྱུར་རོགས་འདེགས་འོག ཉི་ཧོང་གི་མིག་ནད་ཆེད་ལས་སྨན་པའི་ལྷན་ཚོགས་(AOCA)ཀྱིས་ལོ་ལྟར་ཡུ་ཤིའི་འཁྲུངས་སྐར་དང་ལོ་གསར་གྱི་གུང་གསེང་གཉིས་ལ་སྐབས་བསྟུན་ནས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མིག་ལྕིབས་ལིང་ཏོག་ཅན་གྱི་ནད་པ་རྣམས་ལ་རིན་མེད་ཐོག་མིག་གཤགས་བཅོས་ཀྱི་ཞབས་ཞུའི་ལས་གཞི་ཞིག་འགྲོ་བཞིན་པ་ལྟར། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༨ ནས་བདུན་ཕྲག་གཅིག་ཙམ་གྱི་རིང་བོད་གཞུང་བདེ་ལེགས་སྨན་ཁང་དུ། འདི་ལོའི་མིག་ལྕིབས་ལིང་ཏོག་གཤགས་བཅོས་ཀྱི་སྨན་ཞབས་ལས་གཞི་དེ་མགོ་བརྩམས་འདུག ཐེངས་འདིར་ཉི་ཧོང་ནས་སྨན་པ་ ༨ དང་སྨན་ཞབས་ ༤ ཡིས་སོ་སོ་རང་ངོས་ནས་འགྲོ་སོང་བཏང་སྟེ་ཕེབས་ཡོད་པ་རེད། འདི་ལོ་མིག་ནད་བརྟག་དཔྱད་བྱེད་མཁན་ནད་པ་ ༤༠༠ ལྷག་སླེབས་ཡོད་པ་དང་། དེའི་ཁྲོད་མིག་ལྕིབས་ལིང་ཏོག་སྨིན་ཚད་ལྟར་དངོས་སུ་མིག་གཤགས་བཅོས་དགོས་པའི་ནད་པ་ ༧༠ ཙམ་ཡོད་འདུག་ལ།  རྒན་གསོ་ཁང་ནང་ཡོད་པའི་བོད་པ་རྒན་རྒོན་རྣམས་གཙོས་བོད་མི་  ༥༠ ཙམ་མ་གཏོགས་གཞན་ནད་པ་ཕལ་ཆེ་བ་དྷ་རམ་ས་ལའི་ཉེ་འདབས་ཁུལ་གྱི་རྒྱ་གར་ཡུལ་མི་ཡིན་འདུག 

༢༠༠༠ ལོ་ནས་བཟུང་མིག་ལྕིབས་ལིང་ཏོག་གཤགས་བཅོས་ཀྱི་ཞབས་ཞུའི་ལས་གཞི་འདི་མགོ་བཙུགས་ནས་ད་ལྟའི་བར་ལོ་ ༡༡ ཕྱིན་ཡོད་པ་དང་། འདས་པའི་ལོ་དེ་དག་གི་རིང་མིག་གཤགས་བཅོས་ཀྱི་འཕྲུལ་ཆས་དང་སྨན་པ་དག་གི་ལམ་གྲོན་དང་། སྡོད་ཁང་། ཟ་མ་སོགས་ཀྱི་འགྲོ་གྲོན་སོགས།  ཉི་ཧོང་གི་མིག་ནད་ཆེད་ལས་སྨན་པའི་ལྷན་ཚོགས་(AOCA) ཀྱི་སྨན་པ་དག་གིས་རང་ངོས་ནས་དང་དུ་བླངས་ཏེ། ཉི་ཧོང་ནང་ཚོགས་པ་ཁག་གི་རྒྱབ་སྐྱོར་འཚོལ་བ་དང་མང་ཚོགས་ཁྲོད་ཞལ་འདེབས་སློང་བ། མཚམས་རེར་སྨན་པ་རང་ངོས་ནས་འགྲོ་སོང་བཏང་སྟེ་ཕེབས་བཞིན་ཡོད་པ་དང་། དེ་བཞིན། འདི་གར་གཤགས་བཅོས་སྐབས་བརྟག་དཔྱད་ཡོ་ཆས་ཕྲ་མཐོང་ཆེ་ཤེལ་དང་། ནད་པའི་སྡོད་ཁང་། ནད་པ་རེ་རེའི་གཟུགས་པོ་དང་ཁྲག་ཤེད་བརྟག་དཔྱད། ཞག་སྡོད་ནད་པའི་སྔ་དགོང་ཁ་ལག་སོགས་ཀྱི་འགྲོ་གྲོན་བདེ་ལེགས་སྨན་ཁང་གིས་གཏོང་བཞིན་པ་བཅས་ལ་བརྟེན་ནས། ད་ལྟའི་བར་རྒྱུན་མ་ཆད་པར་རིན་མེད་ཐོག་མིག་གཤགས་བཅོས་ཀྱི་ལས་གཞི་འདི་མུ་མཐུད་འགྲོ་བཞིན་ཡོད་འདུག 

རིན་མེད་ཐོག་མིག་གཤགས་བཅོས་གནང་བཞིན་པའི་ཞབས་ཞུའི་ལས་གཞི་འདིའི་སྒྲུབ་སྟངས་ཐད། བོད་གཞུང་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་སུ་བཀའ་འདྲི་གནང་བར། ཁོང་གིས་ “ དང་ཐོག་མིག་གཤགས་མགོ་བཙུགས་སྐབས་རྒྱུན་རིང་མིག་ན་བཞིན་ལྷག་བསྡད་པའི་བོད་པ་མང་པོ་ཡོད་པ་དང་། རྗེས་ནས་རིམ་གྱིས་བོད་པ་ཉུང་དུ་ཕྱིན་སྟབས། རྒྱ་གར་ཡུལ་མི་ལའང་སྨན་བཅོས་ཀྱི་གོ་སྐབས་འདི་ཕུལ་བ་ཡིན། ད་ལྟའི་ཆར་བོད་པ་ལས་རྒྱ་གར་ཡུལ་མིར་ཕན་ཐོགས་ཡོད་པ་ཞིག་ཆགས་བསྡད་འདུག ང་ཚོ་བོད་པའི་སྨན་ཁང་འདིས་བོད་པ་ཙམ་མ་ཡིན་པར་གཞན་པ་ཚང་མར་ཕན་ཐོགས་པ་ཞིག་བྱུང་ན་དེ་དགེ་མཚན་ཞིག་ཡིན་སྟབས། བོད་པ་ཉུང་ཉུང་ལས་མེད་ནའང་། ལས་གཞི་འདི་མུ་མཐུད་ནས་སྤེལ་ཏེ་འགྲོ་བསྡད་ཡོད། ད་ལོ་ནི་ལོ་ ༡༡ པ་དེ་ཆགས་བསྡད་ཡོད་པ་རེད།” ཅེས་བརྗོད་དེ། རྒྱ་གར་ཡུལ་མིའི་ནང་བོད་པ་ཚོར་སྒོར་མོ་མང་པོ་འདུག་བསམ་པ་དང་། བོད་པས་རང་ཉིད་གཅིག་པུ་མ་གཏོགས་ཁོ་ཚོར་རོགས་རམ་བྱེད་ཀྱི་མི་འདུག་བསམ་པའི་འདུ་ཤེས་འཛིན་མཁན་ཡོད་སྲིད་པས། ང་ཚོ་བོད་པར་ཡོད་པ་དེ་སོ་སོ་གཅིག་པུས་ཉར་འདོད་མ་ཡིན་པར་རྒྱ་གར་ཡུལ་མི་ལའང་རོགས་པ་བྱེད་འདོད་ཡོད་པ་དེ་བསྟན་རྒྱུ་གལ་ཆེན་པོ་ཡིན་སྟབས། ལོ་ལྟར་མིག་གཤགས་བཅོས་ཀྱི་ལས་གཞི་འདིའི་དབུ་འབྱེད་སྐབས་སུའང་།  བོད་གཞུང་གི་མཛད་གཙོ་རྣམ་གདན་འདྲེན་མ་ཞུས་པར། ས་གནས་རྒྱ་གར་གྱི་འཛིན་སྐྱོང་དཔོན་རིགས་མཐོ་གྲས་ཁག་སྐད་བཏང་སྟེ། སྨན་བཅོས་ཙམ་ཁོ་ན་མ་ཡིན་པར་གོ་སྐབས་འདི་བརྒྱུད་དེ་བོད་པ་བཙན་བྱོལ་བ་དང་རྒྱ་གར་ཡུལ་མི་གཉིས་བར་གྱི་དོགས་གཞི་རྣམས་སེལ་ཐབས་གནང་གི་ཡོད་པའི་སྐོར་བརྗོད་སོང་།

ཉི་ཧོང་བ་ཨོ་བྷ་ཝ་ (Ogawa) ནི་བོད་གཞུང་སྨན་རྩིས་ཁང་གི་སྐབས་བཅུ་གསུམ་པའི་སྨན་སློབ་མཐར་སློབ་མའི་གྲས་ཡིན་པ་དང་། ཁོང་གིས་ལོ་ལྟར་འདིར་ཕེབས་མཁན་གྱི་ཉི་ཧོང་གི་སྨན་པ་དག་ལ་སྐད་སྒྱུར་དང་ཕན་ཚུན་འབྲེལ་མཐུད་སོགས་ཀྱི་དང་བླངས་ཞབས་ཞུ་སྒྲུབ་བཞིན་ཡོད་འདུག ཁོང་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཞབས་ཞུའི་ལས་གཞི་མགོ་ཚུགས་སྟངས་དང་སྨན་པ་དག་གིས་ཐོག་མའི་དམིགས་ཡུལ་གང་འདྲ་ཞིག་བཅངས་ཡོད་མེད་སྐོར་ཁོང་ལ་བཀའ་འདྲི་ཞུས་པར། ཁོང་གིས་ “ དེ་སྔོན་ཉི་ཧོང་གི་ཆེད་ལས་མིག་ནད་སྨན་པའི་ལྷན་ཚོགས་(AOCA)ཀྱི་ཞབས་ཞུ་དེ་བལ་ཡུལ་ནང་བཙུགས་པ་རེད། རྗེས་སུ་བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་ཧ་མའོ་རོ་ཚོགས་པས་མཚམས་སྦྱོར་དང་རེ་སྐུལ་བྱས་པ་ལ་བརྟེན་ནས། དྷ་རམ་ས་ལར་ལས་གཞི་འདི་ཐོག་མར་མགོ་བཙུགས་པ་རེད། སྨན་པ་ཁོང་ཚོའི་ཐོག་མར་བོད་ནས་འབྱོར་མཁན་གསར་འབྱོར་རྒན་རྒོན་ཚོ་རྒྱ་གར་གྱི་སྨན་ཁང་ལ་འགྲོ་རྒྱུར་སྐད་བརྡ་མ་འཕྲོད་པ་དང་འགྲོ་སོང་གང་ཐད་ནས་དཀའ་ངལ་ཆེན་པོ་ཡོད་སྟབས། ཁོང་ཚོར་ཞབས་ཞུ་སྒྲུབ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ་ལས་གཞི་འདི་མགོ་བཙུགས་པ་ཞིག་རེད། དེ་ནས་ལོ་གསུམ་བཞི་ཕྱིན་པའི་རྗེས་སུ་བོད་པ་ཉུང་རུ་ཕྱིན་པ་དང་རྒྱ་གར་མང་དུ་ཕྱིན་སོང་། རྗེས་སུ་ཨེམ་ཆི་ཚེ་བརྟན་དང་འགན་འཛིན་ཟླ་བ། ཉི་ཧོང་གི་སྨན་པ་རྣམས་ཀྱིས་གྲོས་སྡུར་བྱས་ཏེ། རྒྱ་གར་ཡུལ་མི་ཚོར་ཕན་ཐོགས་པ་ཡིན་ན། དེ་བརྒྱུད་ནས་བོད་པའི་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པ་བཅས་ལ་དམིགས་ནས། ལས་གཞི་འདི་མུ་མཐུད་ནས་ད་ལྟའི་བར་ཡོང་བསྡད་ཡོད་པ་རེད།” ཅེས་བརྗོད་བྱུང་།  

ཐོག་མར་མགོ་བཙུགས་པ་ནས་ད་ལྟའི་བར་རྒྱུན་མ་ཆད་པར་ཡོང་མཁན་ཨེམ་ཆི་ཁཱ་ཞེ་ཝ་སའེ་(Kashiwase) ལགས་སུ། འདས་པའི་ལོ་མང་རིང་ཞབས་ཞུ་གནང་བའི་བརྒྱུད་རིམ་ཁྲོད་སེམས་ཚོར་ག་རེ་བྱུང་ཡོད་མེད་དང་། ད་ལྟ་གཤགས་བཅོས་མཐུན་རྐྱེན་ཐད་དཀའ་ངལ་ག་རེ་ཡོད་མེད་བཀའ་འདྲི་གནང་བར། ཁོང་གིས་ “ ནད་པ་ཚོར་ཕན་ཐོགས་ལྡན་པའི་ཞབས་ཞུ་སྒྲུབ་ཐུབ་པ་བྱུང་སྐབས་སེམས་ཧ་ཅང་སྐྱིད་པོ་འདུག ང་ཚོ་ལོ་བཅུ་ལྷག་གི་རིང་མུ་མཐུད་ཡོང་སྟེ་སྨན་བཅོས་བྱས་པར་བརྟེན། ད་ལྟ་ཅུང་ཙམ་གོམས་ཏེ་དཀའ་ངལ་ཆེན་པོ་འཕྲད་ཀྱི་མི་འདུག  ཡིན་ནའང་། ད་ལྟ་གློག་ཆད་སོང་བ་འདིའང་དཀའ་ངལ་གཅིག་རེད། ང་ཚོའི་སྨན་བཅོས་ཞབས་ཞུ་འདི་མུ་མཐུད་དགོས་མཁོ་ཡོད་ཚེ། མ་འོངས་པར་གང་ཐུབ་ཐུབ་དང་སྟབས་འགྲིག་འགྲིག་བྱས་ཏེ་ཡོང་རྒྱུའི་སེམས་ཤུགས་ཡོད།  རྗེས་མ་ང་རང་རྒས་འཁོགས་ཆགས་ཏེ་ཡོང་མ་ཐུབ་པར་ལྷག་པ་ཡིན་ན་དགོངས་དག་ཞུ་རྒྱུ་ཡིན།”ཅེས་བརྗོད་སོང་།

ད་ལྟའི་ཆར་བོད་གཞུང་བདེ་ལེགས་སྨན་ཁང་གིས་རྒྱ་གར་གྱི་ཚོགས་པ་ཞིག་དང་མཉམ་འབྲེལ་ཐོག ས་གནས་རྒྱ་གར་ཡུལ་མི་ཚོར་ཁྱབ་བསྒྲགས་དང་འབྲེལ་གཏུགས་བྱས་ཏེ། རིན་མེད་ཐོག་མིག་གཤགས་བཅོས་ཀྱི་མཐུན་རྐྱེན་འདི་བོད་དང་སྤྱི་མཚུངས་སུ་སྤྲོད་བཞིན་ཡོད་པ་དང་། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་བོད་པ་རྣམས་ལ་ལམ་གྲོན་ཀྱང་གཏོང་བཞིན་ཡོད་འདུག   རྒྱུས་ལོན་བྱུང་བ་ལྟར་ན་མི་སྒེར་རང་ངོས་ནས་རྒྱ་གར་སྨན་ཁང་དུ་ཕྱིན་ཏེ་མིག་ལྕིབས་ལིང་ཏོག་གཤགས་བྱེད་དགོས་བྱུང་ཚེ། དམའ་མཐར་ཡང་ཧིན་སྒོར་སྟོང་ཕྲག་ ༡༥ ནས་ ༢༠ གྱི་འགྲོ་སོང་གཏོང་དགོས་ཀྱི་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།
 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༥ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རིན་མེད་ཐོག་མིག་གཤེགས་བཅོས་ལས། གཤོག་བཅོས་སམ་གཤགས་བཅོས་འདི་དག་ག་མི་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese