མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངེས་པར་འཆད་དགོས་པའི་བོད་སྐད་གཙང་མ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ས་རཱ། ཨ་འདུས་མིག་ཆུ།

            བོད་ཀྱི་སྐད་ཡིག་ཅེས་འཆད་དུས་དབྱངས་གསལ་སོ་བཞིའི་བདག་ཉིད་དུ་གྱུར་བའི་བོད་མི་རིགས་ཀྱི་བླ་སྲོག་ལ་གོ་དགོས་པ་རེད། བོད་མི་རིགས་ཀྱི་ཚེ་སྲོག་དང་རིག་གནས་སྤྱིའི་དགེ་མཚན་གང་འདྲ་ཞིག་ཡིན་ཡང་བླ་སྲོག་འདི་ལ་མ་བརྟེན་པ་ཞིག་གཏན་ནས་ཡོད་མི་སྲིད་པ་ཞིག་རེད། བོད་ཀྱི་སྐད་ཡིག་རིག་གནས་འདི་ཁོ་ན་འུ་ཚོའི་མེས་པོ་བཀའ་དྲིན་ཅན་དག་གིས་ངག་སྒོ་ལས་རྒྱུན་ཆད་མ་མྱངས་པའི་ཆ་ནས། འུ་ཚོ་འདི་ལྟར་གོ་ལའི་དབུ་རྩེ་ན་གནས་ཐུབ་པ་ཞིག་བྱུང་བ་རེད།

            བོད་མི་རིགས་ཞེས་མགོ་མཐོ་མཐོ་བྱེད་པའི་སྤོབས་པ་ཞིག་སླེབས་ཐུབ་པ་འདིའང་བོད་ཀྱི་སྐད་ཡིག་རིག་གནས་འདི་ཁོ་ན་ལ་རག་ལས་པ་ཡིན་པ་སུས་ཀྱང་ཤེས་དགོས་པ་དང་། འཆད་དགོས་པའི་རིན་ཆེན་ནོར་བུ་ཞིག་རེད་ཅེས་བདག་གིས་སྨྲ་ཐུབ་མོད། རིག་གནས་ཀྱི་བསམ་བློའི་དབུལ་བའི་མགོ་སྟོང་འགའ་ཞིག་གིས་བོད་སྐད་ཡིག་རིག་གནས་ཀྱི་དགེ་མཚན་མཐོང་རྒྱུ་ཕར་ཟད། འདིའི་དགེ་མཚན་བརྗོད་པའི་མི་དག་གི་མི་གཤིས་ལ་དམའ་འབེབས་བྱེད་པའི་ཆོ་མེད་ཀྱི་སྐད་ཆ་ཆུ་བོ་བཞིན་བརྡོལ་འོང་གི་རེད།

            བོད་ཀྱི་སྐད་ཡིག་རིག་གནས་ཀྱི་དགེ་མཚན་འདི་ཡོད་པས་བོད་པ་ཚང་གི་མཚན་སྙན་ཡོངས་སུ་ཁྱབ་སོང་བ་རེད་ལ། བོད་ཀྱི་ཐ་སྙད་རིག་གནས་ཀྱི་བླ་སྲོག་འདི་ཡོད་པས་ད་གཟོད་འུ་ཚོའི་ཚེ་སྲོག་གི་རླབས་རྒྱུན་ཆད་མེད་པ་རེད། རྒྱུ་མཚན་དེའི་ཕྱིར་ན། བོད་སྐད་ཡིག་རིག་གནས་རྒྱུན་འཛིན་དང་བདག་སྐྱོང་བྱེད་པ་ནི། བོད་མི་རིགས་ཀྱི་ཚེ་སྲོག་གི་རླབས་རྒྱུན་ཆད་དུ་མ་བཅུག་པའི་དགེ་ཕན་ཡོད་ལ། རང་ཉིད་ཀྱི་མིང་ཡིག་ས་སྟེང་ནས་མི་ཡལ་བའི་ཕན་ནུས་བླ་མེད་ཅིག་ཡོད་པ་ནི་བརྗོད་ག་ལ་དགོས་ཨང་།

            འུ་ཅག་བོད་པ་ཚང་ཆོལ་གསུམ་སོ་སོ་དང་ཞིང་ཆེན་ཁ་ཁར་བགོས་པ་མ་ཟད། རྒུད་པའི་མཐར་ཐུག་པ་གཞིས་བྱེས་གྱེས་བྲལ་གྱི་གནས་བབ་ལ་ཐུག་ཡོད་ཀྱང་། སྦྲ་ནག་མི་མང་གི་སེམས་དང་བསམ་པ་གཅིག་ཏུ་སྦྲེལ་ཞིང་། ཕུགས་ཀྱི་འདུན་པ་གཅིག་མཚུངས་སུ་གྱུར་ཐུབ་པ་འདིའང་བོད་སྐད་ཡིག་རིག་གནས་གཅིག་ཡིན་པའི་རྒྱུ་མཚན་འདི་ཁོ་ནའོ།།

            བོད་སྐད་གཙང་མ་འཆད་དགོས་པའི་རྟིང་སྐུལ་བྱེད་པའམ་བླ་འབོད་བྱེད་པའི་འུ་ཐུག་པའི་སྐད་སྒྲ་ཞིག་གཞིས་ལུས་མི་མང་ལ་ནམ་ཡང་བསྒྲགས་དགོས་དོན་མེད། རྒྱུ་མཚན་ནི། འདི་ཚོས་རང་ཉིད་ཀྱི་ཚེ་སྲོག་གི་དགེ་མཚན་གསལ་གསལ་ཐིང་ཐིང་ཤེས་ཤིང་། ཚེ་སྲོག་སྐྱོབ་པའི་འགུལ་སྐྱོད་ཀྱི་བྱ་འགུལ་ནམ་ཡང་སྤེལ་བཞིན་པས་སོ།། དོན་དུ་བླ་འབོད་བྱེད་དགོས་པ་ནི། བཙན་བྱོལ་བོད་པ་དག་ཡིན་ལ། དེ་ལས་ཀྱང་བོད་སྐད་བོད་ཡིག་ལ་མི་དུངས་པའི་རྩྭ་གཟུགས་ཕུང་པོ་རུ་གྱུར་པའི་བོད་མི་དག། བོད་པ་རྣམ་དག་ཅིག་བཟོ་བསྐྲུན་བྱེད་པའི་ཕྱོགས་ལ་འབད་དགོས་པ་དེའོ།།

            ཤ་རུས་དང་ཁྲག་རྒྱུན་བོད་དུ་གཏོགས་པ་ཙམ་གྱིས་བོད་མི་རྣམ་དག་ཅིག་ཡིན་པའི་ངེས་པ་མེད་ལ། བོད་ཡིག་ཆལ་ཆོལ་ཞིག་སྨྲ་ཤེས་པ་ཙམ་གྱིས་བོད་པ་ཞེས་སྨྲས་ན་ག་ལ་འགྲིག མི་ལོ་ལྔ་བཅུའི་ལོ་འཕྲེང་ཁྲོད་བཙན་བྱོལ་སྤྱི་ཚོགས་ནང་བོད་སྐད་བོད་ཡིག་ལ་དགའ་མཁན་ཇེ་ཉུང་ཇེ་ཉུང་དུ་འགྱུར་བཞིན་པ་ལས། བོད་སྐད་བོད་ཡིག་ལ་ཞེན་པའི་མྱི་བུ་ལྷད་མེད་ཅིག་གསོ་སྐྱོང་བྱས་པ་ནི། ཟླ་བ་མར་ངོ་བཞིན་རྒུད་པ་ནས་རྒུད་པའི་ཕྱོགས་སུ་འགྲོ་བཞིན་པ་འདིའོ།།

            དེ་ལྟ་ན་གཞིས་བྱེས་ལྷན་དུ་འཛོམས་པའི་གནས་མཆོག་རྡོ་རྗེ་གདན་འདི་ནས་འུ་ཚོ་བཙན་བྱོལ་བོད་པ་དག་གིས་བོད་སྐད་བོད་ཡིག་གཙང་མ་ཞིག་འཆད་པའི་ཕྱོགས་ལ་ཁས་ལེན་དམ་བཅའ་འཇོག་དགོས་པའམ། ཡང་ན་འདིའི་ཕྱོགས་ལ་གང་ཞིག་བྱེད་དགོས་པའི་ལས་འགུལ་གལ་ཆེན་ཞིག་སྤེལ་དགོས་པའང་དུས་ཀྱི་དགོས་མཁོ་ལ་ཐུག་འདུག་གོ།།

            བོད་སྐད་ཡིག་རིག་གནས་ཀྱི་ཆག་འཇིག་ནི། མི་རིགས་ཤིག་གི་ཚེ་སྲོག་གསོན་གནས་ཐུབ་མིན་གྱི་འགག་རྩ་ཡིན་ལ། ཐ་སྙད་རིག་གནས་ཀྱི་འཕེལ་རྒྱས་ནི། རྒྱལ་ཁབ་ཅིག་གི་དཔལ་ཡོན་རིག་གནས་ཀྱི་ངོ་བོ་གོང་འཕེལ་དུ་འགྲོ་བའི་རྨང་གཞི་གཙོ་བོའི་ནང་གི་གཙོ་བོ་ཡིན། དེ་ལྟར་ན་བོད་མི་རིགས་ཀྱི་ཚེ་སྲོག་རྒྱུན་གནས་དང་བོད་རྒྱལ་ཁབ་ཆེན་པོའི་ངོ་བོ་བརྟན་བརླིང་འགྱུར་མེད་ཅིག་འདོད་ན། ཅིས་ཀྱང་བཙན་བྱོལ་བོད་པ་དག་གིས་བོད་སྐད་གཙང་མ་ཞིག་འཆད་པའི་ཕྱོགས་ལ་འབད་བརྩོན་ལྷོད་མེད་བྱེད་པའི་དུས་ལ་བབ་འདུག་གོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 4

  1. ཨ་འདུས་མིག་ཆུ། says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན་ལགས། སྐད་ཆ་འཆད་ན་མི་ལ་ཕན་ནི་ཞིག་བཤད་པའི་རེ་བ་ཡོད། སྤྱིར་བཏང་གི་ཆ་ནས་ཉིད་ཀྱི་སྐད་ཆ་དག་ལོ་དེ་ཙམ་དོ་སྣང་བྱེད་ཀྱི་མེད། རྒྱུ་མཚན་ནི། ཁྱེད་ཀྱི་ཐལ་དྲག་པའི་གཡོན་ལྷུང་གི་ལྟ་བ་ང་ཁྱོན་ནས་མི་དགའ་བས་སོ། གཞན་ཡང་ཉིད་ཀྱི་རང་དོར་གཞན་ལེན་གྱི་གཡམ་རྒྱུག་གི་ཆོ་མེད་ཀྱི་ཀུན་སྤྱོད་ལ་གཏན་ནས་མི་དགའ་བ་ཡིན་ནོ།། ང་ལ་གང་བཤད་ཀྱང་ཁྱད་པར་མེད་མོད། ཉིད་ཀྱིས་སྐད་ཆ་འཆད་དུས་མང་པོ་ཞིག་ལ་བསམ་བློ་གཏོང་དགོས་ས་རེད། དེ་བསམ་ཚུལ་ཙམ་ཡིན།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    བོད་ཡིག་ནི་སང་ཤི་གནངས་ཤི། ཛ་དྲག་གི་ནད་པ་ལྟར་གྱུར་ཡོད། དེ་སྐྱོབ་ཐབས་ལ་འབད་དགོས་ཀྱང་། དེ་ལས་ལྡོག་སྟེ།  བོད་ཡིག་གི་རིན་ཐང་ཟུར་ཙམ་ཡང་མི་ཤེས་པའི་ཀླད་མེད་འགས། ཨེན་ཡིག་ཐར་ཐོར་ཤེས་དུས་སྤོབས་པ་བྱེད་དེ། རང་གི་སྐད་ཡིག་ལ་མཐོང་ཆུང་བྱེད། བདེ་སྐྱིད་ཐམས་ཅད་ཕྱི་དངོས་ནས་འབྱུང་བར་འདོད།རང་གི་རིག་ལ་སྣང་ཆུང་དང་། ཁྱད་གསོད་བྱེད། ཁོང་ཚོ་རང་ཉིད་ཀྱིས་རང་ཉིད་ལ་མཐོང་ཆུང་བྱེད་ཀྱིན་ཡོད་པ་མ་ཚོར། མ་འོངས་པར་དེའི་རིགས་ཐེར་འདོན་དང་སུན་འབྱིན་དགོས།
    བོད་ཡིག་གི་ལས་དབང་དེ་ང་ཚོ་བོད་པའི་ལས་དབང་རེད། བོད་ཡིག་རྫོགས་པའི་ཉིན་དེར་བོད་ཟེར་བ་འདི་མིང་གི་ལྷག་མ་ཙམ་ཞིག་གྱུར། མ་མཐའ་སྐབས་དེར་བོད་ཟེར་བའི་ཡིག་འབྲུ་འདི་སུས་ཀྱང་འབོད་མཁན་མེད། ལོ་རྒྱུས་ཀྱི་ཡིག་ཚགས་ནང་། ཊི་བྷི་ཊི། ཡང་ན། གཤིས་ཙང་། ཙམ་ལས་མེད། བོད་དེབ་འགའ་ཞིག་ལྷག་ནའང་སུས་ཀྱང་ཀློག་མི་ཤེས།  བོད་ཀྱི་སྐད་ཡིག་སྐྱོབ་ན་བོད་སྐྱོབ་བཞིན་ཡོད། བོད་ཡིག་སྐྱོབ་བྱེད་ལ་ལས་རིམ་མང་པོ་ཡོད། ངེས་པར་དུ་དགྲ་བོའི་གདོང་དུ་མཆོང་མི་དགོས་པའི་ལས་རིགས་མང་པོ་ཡོད། དམར་མཆོད་ཕུལ་མ་ནུས་ནའང་། བོད་སྐྱོབ་བྱེད་ཀྱི་ལས་རིམ་ལ་འགྲོ་ཞོལ་བསྡད་ཞོལ་དང་། ཉིན་རེ་རེ་ལའང་སོ་སོས་ལས་ཐུབ་པའི་བྱ་བ་མང་པོ་ཡོད། ཕྱི་རྒྱལ་ལ་སློབ་གྲྭ་འགྲོ་སྟེ་བོད་སྐད་མ་ཤེས་པས། སྐུ་དྲག་དང་། སྐུ་ངོ་ཚོའི་ཕྲུ་གུ། ཁྱེད་ཚོ་བོད་པ་མ་རེད་ལ། བོད་པར་ཤ་ཚ་ཅན་ཡང་མིན། ཁྱོད་ཚོའི་ཕ་མ་དག་ཆོས་ཅིག རྒྱལ་ཚོང་ཡིན་ཏེ། དངོས་དངུལ་ཙམ་ལ་བལྟས་ཏེ། སྐད་ཡིག་རྩ་མེད་བཟོ་མཁན་ཡིན་པའི་ཕྱིར། ཁེ་བཟང་ལ་བལྟས་ཏེ། རྒྱལ་ཁབ་རྩ་མེད་ཀྱི་བྱ་བའི་རིགས་ཡིན་ན། རྒྱལ་ཚོང་ཡིན་དགོས་དང་མི་དགོས། ད་དུང་དེ་དག་གིས། ངས་པུ་གུ་སློབ་སྦྱོང་ཡག་པོ་ཡོད་ལབ་པར་ངོ་མི་ཚའམ། ཁྱོད་ཚོ་ནི་བོད་པའི་ཞབས་འདྲེན་རེད་ལ། ཞེ་ཁྲེལ་ཡུལ་རེད། ངས་ཁྱོད་ཚོའི་ཕྲུ་གུ་རྣམས་མཐོང་དུས། ཁོང་ཚོའི་ཕ་མ་དག་ལ་འཚིག་པ་གཏིང་ནས་ཟ་ཡོང་འདུག་གོ། ངོས་ལ་མཚོན་ན། པན་ཆེན་རིན་པོ་ཆེའི་དགོངས་པ་དང་འགལ་ཡོད། ཁོང་གིས་གསུངས་བཞིན། བོད་ཡིག་ཕན་ཐོག་ངེས་ཞིག་མ་ཤེས་པར། ཨིན་ཡིག་རང་མགོ་ཐོན་ལ་མ་ཐོན་ཞིག་ཤེས་པ་འདི། ཞབས་འདྲེན་ཡིན། འོན་ཀྱང་བོད་ཡིག་གི་ཡིག་རྨོངས་ལས་གྲོལ་ཙམ་འདི། ལྟོས་ས་ལྟོས་འཇོག་གིས་ངོ་མནོང་མ་དགོས་པ་ཞིག་ཡིན་བསམ་ཡོད་དོ།།

    Reply
  3. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དབྱིན་ཇི་དང་རྒྱ་སྐད་གང་ཡང་མི་ཤེས་པ་འདི་ཚོས་བོད་སྐད་ཡིག་གལ་ཆེན་པོ་ཡིན་པ་བཤད་བཤད་ནས་རྣ་བ་ཚ་སོང་།

    Reply
  4. བློ་འཕེལ། says:
    ལོ་ 14 སྔོན།

    ཨ་འདུས་མིག་ཆུའི་ཆུ་རྒྱུན་བོད་ཀྱི་ཤ་རུས་གསང་དུ་བཞུར་བ་བསྔགས་བརྗོད་དང་ཡུན་རིང་ཡོད།
    ཁ་ཞེ་གཉིས་མེད་ཀྱི་བོད་དང་བོད་ཀྱི་རིག་གཞུང་ལ་ཤ་ཞེན་ཡོད་ན་རང་སྐད་གཙང་མ་བཤད་རྒྱུ་འདི་ཧ་ཅང་གལ་ཆེན་རེད།
    ཁ་བཤད་ལག་ཏུ་ལེན་འདོད་ན་རང་སྐད་གཙང་མ་གཤད་རོགས། ར་མ་ལུག་གི་བོད་པ་ཞིག་བྱེད་འདོད་ན། སྐད་ཀྱང་ར་མ་ལུག་ཤོད་ཤོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese