གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཁ་སང་ཕྱི་ཚེས་ ༨ ཉིན་གྱི་མཚན་གུང་བོད་མདོ་སྨད་བླ་བྲང་ཨ་མཆོག་འཚོ་བའི་ནན་པན་སྡེ་བ་རུ། ཨ་མཆོག་ས་གནས་ཉེན་རྟོག་པ་དང་བླ་བྲང་རྫོང་ཉེན་རྟོག་རུ་ཁག་གི་ཉེན་རྟོག་པ། དེ་བཞིན་དྲག་ཆས་དམག་མི་བཅས་མཉམ་རུབ་ཐོག་འཇབ་རྒོལ་བྱས་ཏེ། ནན་པན་སྡེ་བའི་མགོན་པོ་སྐྱབས་དང་ཁོང་ཚང་དུ་ཡོད་པའི་རྔ་རྒོད་སྡེ་བའི་གུར་མགོན་ཚེ་རིང་གཉིས་འཛིན་རྩིས་བྱས་སྐབས། ཉེན་རྟོག་པའི་ཁྲོད་ཀྱི་དམག་མི་ཞིག་གིས་མགོན་པོ་སྐྱབས་ཚང་གི་ཁང་བའི་སྒེའུ་ཁུང་བརྒྱུད་མེ་མདའ་བརྒྱབ་སྟེ། མགོན་པོ་སྐྱབས་ཚང་ལ་མགྲོན་དུ་ཡོང་པའི་རྔ་རྒོད་སྡེ་བའི་གུར་མགོན་ཚེ་རིང་དམར་གསོད་དང་། མགོན་པོ་སྐྱབས་འཛིན་བཟུང་བྱས་ཡོད་འདུག
གནས་ཚུལ་ནང་མུ་མཐུད་དུ་བཀོད་དོན། ཨ་མཆོག་གི་སྐྱེས་ལྷ་གོང་སྔོན་གྱི་འདབ་རོལ་དུ་རྒྱ་ནག་གཞུང་གིས་གནམ་ཐང་རྒྱག་རྒྱུའི་འཛུགས་བསྐྲུན་ལས་མགོ་བརྩམས་ཡོད་པ་དང་། ཉེ་ལམ་དེ་གར་ཡོད་པའི་རྒྱ་གཞུང་གི་ལས་མིའི་རས་གུར་གཉིས་བོར་བརླག་ཏུ་སོང་བ་དེ་ནན་པན་སྡེ་བའི་མགོན་པོ་སྐྱབས་དང་རྔ་རྒོད་སྡེ་བའི་གུར་མགོན་ཚེ་རིང་གཉིས་ཀྱིས་རྐུས་པའི་དོགས་གཞིའི་འོག ཁ་སང་ཚེས་ ༨ ཉིན་གྱི་མཚན་གུང་གུར་མགོན་ཚེ་རིང་དང་མགོན་པོ་སྐྱབས་གཉིས་མཉམ་དུ་ཡོད་པ་དང་བསྟུན་ཏེ། ཉེན་རྟོག་པ་དང་དྲག་ཆས་དམག་མི་མཉམ་རུབ་ཐོག་འཇབ་རྒོལ་བྱས་ཡོད་འདུག
མདང་ནུབ་རྔ་རྒོད་སྡེ་བའི་གུར་མགོན་ཚེ་རིང་ནན་པན་སྡེ་བ་ནས་ཉེན་རྟོག་པས་བསད་པའི་གནས་ཚུལ་དེ་ཐོས་མ་ཐག རྔ་རྒོད་སྡེ་བའི་གུར་མགོན་ཚེ་རིང་གི་ཤ་ཉེ་སྤུན་མཆེད་གཙོས་པའི་སྡེ་མི་ཚོ་ཨ་མཆོག་གྲོང་བརྡལ་གྱི་ཉེན་རྟོག་ལས་ཁུངས་སུ་བརྒྱུགས་ཏེ་སྒོ་དང་སྒེའུ་ཁུང་བཅོམ་བཅག་བྱས་ཡོད་སྟབས། དེ་གའི་ཉེན་རྟོག་པ་དག་རྫོང་ཐོག་ཏུ་བྲོས་ཡོད་འདུག དེའི་རྗེས་ཉིན་གུང་ཙམ་ལ་བསྐྱར་དུ་རྫོང་ཐོག་ནས་དམག་མི་དང་ཉེན་རྟོག་པ་འབོར་ཆེན་བསླེབས་ཏེ་སྡེ་བའི་མཐའ་བསྐོར་ཏེ་མི་འཛིན་བཟུང་བྱེད་རྩིས་བྱས་སྟབས། ས་གནས་བོད་མི་དང་ཉེན་རྟོག་པའི་བར་བསྐྱར་དུ་འཁྲུག་འཛིང་ཤོར་ཏེ། ཉེན་རྟོག་པའི་རླངས་འཁོར་རྣམས་བཙབ་ཧྲལ་བཏང་ཡོད་པ་མ་ཟད། ཉེན་རྟོག་པ་གཅིག་གཉིས་ཤིག་ལ་རྨས་སྐྱོན་བཟོས་ཡོད་འདུག
གནས་ཚུལ་དེའི་སྐོར་ཨ་མཆོག་ས་གནས་ཀྱི་གཞུང་འབྲེལ་མི་སྣ་ཞིག་ལ་ཁ་པར་རྒྱུད་སྐད་ཆ་དྲིས་སྐབས། མིང་བརྗོད་འདོད་མེད་པ་ཞིག་གིས། ཨ་མཆོག་གི་ཐང་ཆེན་དུ་གནམ་གྲུ་བཟོ་བསྐྲུན་བྱ་རྒྱུ་དེ་རྒྱལ་ཁབ་ཀྱིས་ ༢༠༠༩ ལོ་ནས་མགོ་འཛུགས་བྱས་ཤིང་། སྐབས་དེར་མི་མང་གིས་ངོ་རྒོལ་བྱེད་པ་དང་། རྒྱ་རིགས་ལས་བཟོ་བ་དག་ལ་བརྙས་བཅོས་བྱས་ཤིང་བཟོ་བའི་ལག་ཆ་རྣམས་བཅག་པ་བཅས་ལ་བརྟེན་ཏེ། འབྲེལ་ཡོད་མི་སྣས་གནད་ཡོད་རེ་ཟུང་ལ་ལྐོག་རྔན་སྤྲད་དེ་གནམ་ཐང་འཛུགས་བསྐྲུན་ཐོག་རྒྱབ་སྐྱོར་ཡོང་ཐབས་བྱས་ཡོད་ཀྱང་། རི་སྡེ་ཁ་ཤས་ཀྱིས་ལས་གཞི་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་སྟབས། ཨ་མཆོག་ཚོ་བའི་ནང་ཁུལ་འགྲིག་མཐུན་མེད་པའི་དཀའ་ངལ་ཞིག་བྱུང་ཡོད་འདུག
༢༠༡༠ ལོའི་མཚན་མོ་ཞིག་ལ་གློ་བུར་དུ་གནམ་ཐང་བཟོ་བསྐྲུན་ལས་མཚམས་བཞག་ཏེ། ལས་མི་རྣམས་ཀྱང་ཕྱིར་ལོག་ཡོད་ཀྱང་། ༢༠༡༡ ལོར་བསྐྱར་དུ་ལས་གཞི་མགོ་འཛུགས་བྱས་ཡོད་འདུག ལས་གཞི་དེའི་ཐད་ཨ་མཆོག་ཚོ་བའི་ནང་ངོ་རྒོལ་བྱུང་བར་རྒྱ་གཞུང་གིས་ཐབས་ཤེས་སྣ་ཚོགས་བཀོལ་ཏེ། ས་གནས་བོད་པ་ནང་ཁུལ་འཁྲུག་རྐྱེན་དང་འགལ་བ་བསླངས་ཏེ། ངོ་རྒོལ་ཤོག་ཁག་ཁེར་རྐྱང་དུ་འཕུད་ཐབས་བྱས་ཡོད་འདུག ཐེངས་འདིར་དམར་གསོད་ཐེབས་པའི་རྔ་རྒོད་སྡེ་བའི་གུར་མགོན་ཚེ་རིང་ནི་ད་ལྟ་ལོ་ན་ ༣༥ ཡིན་པ་དང་། ཁོང་གནམ་ཐང་གི་ལས་གཞིའི་ནང་དུ་སྔོན་ཆད་ཀྱང་དཀའ་རྙོག་གང་མང་འཕྲད་མྱོང་ཡོད་འདུག་ལ། འཛིན་བཟུང་བྱས་ཟིན་པའི་ནན་པན་སྡེ་བའི་མགོན་པོ་སྐྱབས་ཀྱང་ལོ་ན་ ༣༥ ཡིན་འདུག
འབོ་ར་ཨ་མཆོག་ལ་རྒྱ་ནག་གིས་ཐུབ་ཚོད་བྱེད་རྒྱུ་ལས་སླ་བོ་ཡོད་པ་མ་རེད། ང་བརྒྱད་ལོར་འབོ་ར་ཨ་མཆོག་གིས་རྒྱ་ནག་ལ་དམར་དམག་ལ་ཚྭ་སྒོག་གཡེར་གསུམ་གྱིས་ཐུག་པ་ཞིག་བསྐོལ་བ་རེད། དེ་ལ་རྒྱ་གཔོན་ཕིན་ཏེ་ཧྭེ་ཡང་གང་བྱེདའདི་བྱེད་མེད་པ་ཆགས་པ་རེད།
ཟླ་གཅིག་གི་སྔོན་ལ་བླ་བྲང་ནས་སྦག་སྦག་གཏོང་མཁན་ཞིག་བཟུང་སྟེ།གཅར་རྡུང་བྱས་ཏེ་བསད་ཡོད་པའི་གསར་འགྱུར་དེ་ད་ལྟ་ཅི་ལྟར་བཙལ་ཀྱང་རྙེད་མ་སོང་།དེ་འཚོལ་དོན།ས་གནས་རྒྱ་གཞུང་གིས་བྱས་ཉེས་ཁག་སྦས་ཐབས་དང་གསང་ཐབས་སྣ་ཚོགས་ཀྱིས་མི་བསད་རྗེས་རྙོག་དྲ་ཡོང་རྒྱུར་སྐྲག་སྣང་དང་།་གོང་རིམ་ལ་སྤྲེལ་ལད་འཁྲབ་དགོས་སྟབས།ཤི་བོའི་ནང་མི་རྒྱ་སྒོར་ཁྲི་བརྒྱ་ལྷག་གི་གུན་གསབ་བམ་སྟོང་འཇལ་ཏེ།་་་གནས་ཚུལ་ཆེ་རུ་མི་འགྲོ་ཆེད་ཁ་འགོག་ཐབས་དང་སྣ་མང་བྱས་ཡོད།
ད་ལྟའི་འདི་ལའང་དེ་ལྟར་དཔལ་འབྱོར་གྱིས་ཁ་ལོ་བསྒྱུར་ངེས་པ་རེད།
གོང་གི་གནས་ཚུལ་དེ་ལས། གུར་མགོན་ཚེ་བརྟན་གྱི་མིང་ལ་གུར་མགོན་ཚེ་རིང་ཞེས་བྲིས་པ་དེ་འབྲི་ནོར་ཤོར་བ་རེད་ལ། བསད་ཟིན་པ་དེ་གུར་མགོན་ཚེ་བརྟན་རེད་ལ། འཛིན་བཟུང་བྱེད་པ་དེ་མགོན་པོ་སྐྱབས་རེད། དེ་རིང་བསྐྱར་དུ་གནས་ཚུལ་ཐོན་པ་ལྟར་ན། ཉིན་ཤས་སྔོན་ཨ་མཆོག་ཡ་རུ་རྒྱུད་ཀྱི་ཕོ་གསར་ཞིག་འཕྲུལ་རྟ་ཞོན་ནས་བླ་བྲང་ལ་མཆོད་མཇལ་དུ་འགྲོ་བཞིན་པའི་སྐབས་སུ་ལམ་བར་ནས་ཉེན་རྟོག་པས་བཀག་ཡོད་འདུག་ལ། སྐབས་དེར་ཉེན་རྟོག་པ་དང་ཕོ་གསར་དེའི་བར་དུ་ཁ་རྩོད་ཤོར་བས། ཉེན་རྟོག་པས་ཁོ་ལ་བཅར་རྡུང་དྲག་པོ་བྱེད་དེ་བཀག་ཉར་ཁང་དུ་བཅུག་ཡོད་འདུག དགོང་མོ་དེར་བཅར་རྡུང་བྱེད་པའི་ཕོ་གསར་དེ་ཡི་རྨ་ཁ་ལས་ཁྲག་བཞུར་རྒྱུ་མང་དྲགས་ཏེ་བཀག་ཉར་ཁང་དུ་རྐྱེན་འདས་སུ་སོང་ཡོད་པ་དང་། སྐབས་འདིར་བསྐྱར་དུ་ཉེན་རྟོག་པ་ཨ་མཆོག་ནན་པན་སྡེ་བའི་ནང་འཇབ་རྒོལ་བྱེད་དེ་མི་བསད་པ་དེ་ཡིས། ཨ་མཆོག་གི་རེ་སྡེ་མང་པོ་ཁོང་ཁྲོ་ཆེན་པོ་ལངས་ཡོད་འདུག་ལ། འབྲེལ་ཡོད་མི་སྣ་ཞིག་གིས་ཁ་པར་རྒྱུད་བརྗོད་དོན། ཁོ་ཚོས་ང་ཚོའི་བོད་མི་ཚོས་རང་གི་སྒོ་ཁའི་ཁྱི་དང་ཟོག་ལུག་གི་བརྩེ་བ་བཅིངས་པའི་མདུན་པ་ཙམ་མེད་པར། གསོད་རྐྱང་དང་བཏུབ་ཀྱང་བྱེད་པས། སྡེ་མི་ཚོ་ཁོང་ཁྲོ་ལངས་ཏེ་དེ་རིང་ས་གནས་སུ་ཡོད་པའི་ཉེན་རྟོག་པའི་གསར་དུ་འཛུགས་བསྐྲུན་བྱེད་པའི་ཁང་བརྩེགས་གསུམ་ཅན་དེ་ཡོངས་སུ་གཏོར་བཤིག་བྱེད་པ་དང་ནང་གི་ཅ་ལག་ཡོད་ཚད་བཅག་སོང་ལ། དེ་རིང་ཨ་མཆོག་གི་བོད་མི་མང་པོར་འདང་རྒྱག་མེད་པར་ཉེན་རྟོག་པ་དང་མཉམ་དུ་འའཛིང་རེས་ཁ་ཤས་ཤོར་སོང་། གནས་སྟངས་འདི་ཡིས་རྒྱ་གུང་ཁྲན་ཚང་ལ་བོད་མི་ཚོ་གསོད་རྐྱང་མིན་པའི་བསམ་བློ་ཞིག་སྤྲད་ཡོད་པ་རེད། ད་དུང་ཨ་མཆོག་ཚོ་བ་བརྒྱད་ཀྱི་སྐྱེས་ལྷ་གུང་སྔོན་ཡང་གཏེར་ཁ་བསྐོས་ཏེ་རི་རྒྱུད་ནག་པོར་བཏང་ཡོད་པ་དེ་ཨ་མཆོག་ས་ཆའི་བོད་མི་ཚོའི་སེམས་ཀྱི་ན་ཚ་ཞིག་ཡིན། ཞེས་བརྗོད་སོང་།
བོད་ནང་ལ་རྒྱ་མིས་བོད་པར་དམར་གསོད་ཨེ། ཡ་ཡ།
དྲ་གྲོགས་རྣམས་པ་་་་ད་ང་ཚོས་བསྐྱར་ཟློས་དང་སེམས་ཕམ་གྱི་སྐོར་མཚམས་འཇོག་བྱས་ནས་་་
ལས་འགུལ་སྤེལ་བའི་བསྐུལ་མ་དང་འབྲེལ་བའི་བསམ་ཚུལ་དྲ་ལམ་བཀོད་ནས་དེ་དག་དུས་བབས་གཙོས་པའི་གསར་ལམ་ཁག་ནས་སྤྱི་ཚོགས་ནང་་ཁྱབ་ཐུབ་པའི་རེ་བ་བྱེད་་་
ང་ཚོ་བོད་མི་རེ་རེ་ནས་འགན་ཁུར་་ལྡོག་རྩ་ཅིག་སྒྲིག་བྱེད་་
དབུ་ཁྲིད་རྣམས་ལ་འབོད་བསྐུལ་དང་ལམ་སྟོན་ལ་རྒྱབ་སྐྱོར་ཞུ
རྩ་དོན་རྩོད་དུས་སེམས་ཤུགས་ཉམས་པའི་སྐད་ཆ་སུས་ཀྱང་མི་བཤད་པར་ཞུ
ཨ་འདི་ལྟ་བུའི་རི་དྭགས་སྔོན་པ་ནང་བཞིན་མེ་མདས་གསོད་གང་ཐུབ་བྱེད་པ་འདི་ནི་དངོས་གནས་ཛ་དྲག་གི་གནས་ཚུལ་ཞིག་རེད། ནང་མི་ཐམས་ཅད་ཁང་པའི་ནང་ལ་ཡོད་བཞིན་དུ་ཁང་པའི་སྒེའུ་ཁུང་ནས་མེ་མདའ་གཞུ་བ་འདི་ཧང་སང་དགོས་པའི་དྲག་སྤྱོད་ཞིག་མ་རེད་དམ།
བྱིས་པ་དང་བུད་མེད་གཞན་ནག་ཉེས་ཡོད་མེད་ལ་ལྟོས་པར་མཉམ་གསོད་བྱེད་འདོད་རེད།
༢༠༡༢ ལོ་འདིར་ཡང་རྒྱ་ནག་གི་བོད་ལ་བཙན་གནོན་དང་དྲག་སྤྱོད་ཞིག་བྱེད་རྒྱུའི་མགོ་བཙུགས་པ་འདྲ།
ང་ཚོ་འཚེ་བ་མེད་པའི་མི་ལ་མིའི་སྙད་བཅོས་ཁུར་ནས་བསྡད་རྒྱུ་རེད།
ངོ་མ་ང་ཚོའི་ལུགས་སྲོལ་འདི་རང་མགོ་རང་མནོན་རང་རེད་འདུག
རང་དབང་ལུང་པར་ཡོད་པའི་སྤུན་ཟླ་ཚོ་་་་་ད་བོད་མི་རིགས་དང་རིགས་གཞུང་ལ།་་་་་་་་་་་་་་་་་་་ལ་རྒྱ་ཅན་གྱི་མི་དེ་ཚོ་རེ་རེ་བཞིན་ཡག་འགྲོ་དུས་་་་ང་ཚོས་བྱུང་ཚུལ་ཙམ་གླེང་ནས་སྡད་ན་མི་འགྲིག་་་ལྡོག་རྩ་ཅིག་སྒྲིལ་བྱེད་དགོས་་་ང་ཚོས་དབང་ཞུས་མ་ནི་གཏོན་ནས་སྡད་ན་འགྲིག་ཐབས་མེད་་་ལས་འགུལ་འགྱོགས་པར་སྤེལ་དགོས་་་་་འཛམ་གླིང་གང་སར་བོད་རིགས་ཡོད་པ་ཚང་མ་མཉམ་དུ་འགྱོགས་པར་ལོང་ཤོག་་་་་སེམས་ཤུགས་བསྐྱེད་བོད་པ་ཚོ།།།།།།་སྤུན་ཟླ་འདས་པོ་དེ་ཚོ་ཆེད་ང་ཚོས་ཅི་ཡང་བྱེད་དགོས་་་ཆོལ་ཁ་གསུམ་པོ་ཡར་ལ་ལོངས་་་་་རྒྱ་དམར་གྱིས་སྤུན་ཟླ་རེ་རེ་ནས་དམར་གསོད་བྱེད་ཚུལ་འདི་གཟིགས་ཤིག་་་་་་་་་་་བོད་པ་ཚོ་བཙན་པོའི་ཞབས་མ་འདྲེན་་་་དབུ་ཁྲིད་ཚོ་ལམ་སྟོན་མ་འཕྱུགས་་་ཡར་ལ་ལོངས་
རྒྱ་ནག་གིས་མིའི་རིན་ཐང་ནི། ཡར་ཐོན་ཀྱི་རྒྱལ་ཁབ་ནང་གི ཁྱི་དང་བྱི་མིའི་རིན་ཐང་ཙམ་ཡང་མེད། དེ་བས་ཀྱང་རྒྱ་ནག་གིས་བོད་མི་ལ་ལྟ་ཚུལ་ནི། སྔོན་ཉི་ཧོང་གིས་རྒྱ་མི་རིགས་ལ་ལྟ་ཚུལ་ལས་ཀྱང་། རྡབ་ཁ་ཤས་ཐུ། དུས་རབས་ཉེར་གཅིག་པའི་ནང་། འཛམ་གླིང་གང་སར་སྲིད་དབང་སྒེར་གཅོད་པ། སྐྱ་རེངས་ཀྱི་སྐར་མ་བཞིན་ཡལ་བཞིན་ཡོད། དམངས་གཙོ་ནི་དབྱར་གྱི་ཆུ་བོ་བཞིན་རྡོལ་བཞིན་ཡོད། འོན་ཀྱང་རྒྱ་ནག་ནི་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག སྡུག་རྩུབ་ཇེ་ཆེར་འགྲོ་བཞིན་འདུག་གོ།
ཁ་སང་དེ་རིང་གཉིས་ཀྱི་གནས་ཚུལ་དག་སེམས་སྐྱོ་བ་རྐྱང་རེད། རྔ་བའི་སྐྱ་སེར་དེ་གཉིས་དང་མགོ་ལོག་གི་སྤྲུལ་སྐུ་དེ། དེ་རིང་གནས་ཚུལ་འདི་འདྲ་ཞིག་ལྷག་འདུག
ཟླ་བ་གཅིག་ལྷག་གི་སྔོན་ལ་ཡང་བླ་བྲང་ནས་གཉེན་རྟོགས་པའི་སྦག་སྦག་གཏོང་མཁན་ཞིག་ལ་མེ་མདའ་བརྒྱབ་ནས་གྲོངས་པའི་གནས་ཚུལ་བཀོད་སོང་།སྤྱིར་བཏང་སྔོན་གྱི་གནས་ཚུལ་དེ་དང་དེ་རིང་གི་གནས་ཚུལ་འདི་གཉིས་འདྲ་བོ་ཡོད་སྟབས་སྔོན་གྱི་གནས་ཚུལ་དེ་འདི་ནས་བསྐྱར་གླེང་ཞིག་བྱ་བ་དང་འབྲེལ་ཐག་འདི་ལ་འཇོག་པ་སོགས་བྱས་ན་ཧ་ཅང་ལེགས་པར་སེམས།
རྒྱ་ནག་གིས་མིའི་རིན་ཐང་ནི། ཡར་ཐོན་ཀྱི་རྒྱལ་ཁབ་ནང་གི ཁྱི་དང་བྱི་མིའི་རིན་ཐང་ཙམ་ཡང་མེད། དེ་བས་ཀྱང་རྒྱ་ནག་གིས་བོད་མི་ལ་ལྟ་ཚུལ་ནི། སྔོན་ཉི་ཧོང་གིས་རྒྱ་མི་རིགས་ལ་ལྟ་ཚུལ་ལས་ཀྱང་། རྡབ་ཁ་ཤས་ཐུ། དུས་རབས་ཉེར་གཅིག་པའི་ནང་། འཛམ་གླིང་གང་སར་སྲིད་དབང་སྒེར་གཅོད་པ། སྐྱ་རེངས་ཀྱི་སྐར་མ་བཞིན་ཡལ་བཞིན་ཡོད། དམངས་གཙོ་ནི་དབྱར་གྱི་ཆུ་བོ་བཞིན་རྡོལ་བཞིན་ཡོད། འོན་ཀྱང་རྒྱ་ནག་ནི་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག སྡུག་རྩུབ་ཇེ་ཆེར་འགྲོ་བཞིན་འདུག་གོ།
ཁ་བྱང་ལ་བལྟས་ན་མགོན་པོ་སྐྱབས་བསད་འདུག་མོད། གསར་འགྱུར་ནང་དུ་གུར་མགོན་ཚེ་རིང་ཟེར་བ་ཞིག་བསད་འདུག ཡང་བཤད་སྟངས་གཞན་ཞིག་ན་གུར་མགོན་ཚེ་བརྟན་ཅེས་བྲིས་འདུག
གསར་འགྱུར་འདི་དྲང་མོར་བཤད་ན་བཀླགས་པ་ཡིན་མོད། དོན་གོ་མ་སོང་།