མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་ཤག་ཚང་ནོར་ལྷ་ལགས་འདས་གྲོངས་ཕྱིན་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༧ ཉིན་ཁམས་སྡེ་དགེ་འཇོ་མདའ་རྫོང་པདྨ་ཤང་གི་ཡུལ་མི་ཡིན་ཞིང་། ད་ལྟ་རང་ལོ་ ༤༩ སོན་པའི་ཆབ་སྲིད་བཙོན་ཟུར་ཨ་ཤག་ཚང་ནོར་ལྷ་ལགས་ལྷ་སའི་སྨན་ཁང་ཞིག་ཏུ་འདས་གྲོངས་སུ་གྱུར་འདུག 

༢༠༠༩ ལོར་རྒྱ་གཞུང་གིས་ཁམས་སྡེ་དགེ་འཇོ་མདའ་ས་ཁུལ་དང་། འདན་ཆོས་འཁོར་དགོན། སྐྱབས་ཆེ་དགོན་སོགས་སུ་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་དང་། ཏཱ་ལའི་ཁ་བྲལ་རིང་ལུགས་པར་ངོ་རྒོལ་ཟེར་བའི་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་རིམ་པར་སྤེལ་སྐབས། སྐྱབས་ཆེ་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ངོས་ལེན་རྩ་བ་ནས་མ་བྱས་པར་ཕྱོགས་གང་སར་བྲོས་བྱོལ་དུ་ཕེབས་ཏེ་ཟླ་གཅིག་རིང་དགོན་པ་ནང་སྟོང་པ་ཆགས་དགོས་བྱུང་པ་ལྟར།  ལོ་དེའི་ཕྱི་ཟླ་ ༦ ཚེས་ ༢༧ ཉིན་རྒྱ་དམག་རྣམས་སྐྱབས་ཆེ་དགོན་གྱི་ཆོས་སྡེ་གཙོ་པོ་པདྨ་སྨད་པའི་ནང་དུ་ཡོང་སྟེ། བོད་མི་འགྱུར་མེད་མགོན་པོ་དང་རྒྱ་ཚང་རྡོ་རྗེ་གཉིས་འཛིན་བཟུང་བྱས་ཏེ་སྐྱབས་ཆེ་དགོན་དུ་ཁྲིད་པར་བརྟེན།  ཡུལ་མི་རྣམས་དངངས་འཚབ་ཆེན་པོ་ལངས་ཏེ་བོད་མི་ ༢༧ སྐྱབས་ཆེན་དགོན་དུ་སོང་སྟེ་ཁོང་གཉིས་གློད་གྲོལ་གཏོང་དགོས་པའི་རེ་སྐུལ་ཞུས་སྐབས། རྒྱ་དམག་གིས་བོད་མི་དེ་དག་ཁྲོད་དུག་རྫས་འཕངས་ཏེ་དྲན་པ་འཐོར་བཅུགས་རྗེས་གང་བྱུང་གཅར་རྡུང་དང་། བོད་མི་ ༢༢ འཇུ་བཟུང་བཀག་ཉར་གྱིས་འཇོན་མདའ་རྫོང་དུ་ཁྲིད་དེ་ཁྲིམས་གཅོད་བཙོན་འཇུག་སོགས་བྱས་པའི་ཡོད་པ་ལྟར། ཨ་ཤག་ཚང་ནོར་ལྷ་དང་མགོན་པོ་དར་རྒྱས་གཉིས་བྱེད་གཏེ་གཙོ་བོ་ཡིན་པའི་ཉེས་མིང་འོག་ཆབ་མདོར་ཁྲིད་དེ་བཙོན་འཇུག་ཁྲིམས་ཐག་ལོ་གཉིས་བཅད་ཡོད་པ་རེད། ཡིན་ནའང་།  རྒྱ་དམག་གིས་ཁོང་ལ་གཅར་རྡུང་མནར་གཅོད་ཚད་ལས་བརྒལ་བ་བཏང་ཡོད་པར་བརྟེན། བཙོན་ཁང་ནང་ནད་མནར་གྱི་རྐྱེན་པས་ ༢༠༡༡ ལོར་གློད་གྲོལ་གཏོང་དགོས་བྱུང་རྗེས།  སྔ་རྗེས་ཐེངས་གསུམ་ཙམ་ལ་རྒྱ་ནག་ཁྲིན་ཏུའུ་སྨན་ཁང་དུ་ཁྲིད་དེ་སྨན་བཅོས་བྱས་ཀྱང་ནད་གཞི་དྲག་སྐྱེད་མ་བྱུང་པར་ཇེ་སྡུག་ཏུ་ཕྱིན་ཏེ།   ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༧ ཉིན་ལྷ་སའི་སྨན་ཁང་ཞིག་ནང་འདས་གྲོངས་སུ་གྱུར་ཡོད་འདུག

 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༩ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧

མཆན། 9

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བསམ་དོན་འགྲུབ་ལ་བདེ་ནས་བདེ་བར་སྐྱེ་བར་ཤོག །

    Reply
  2. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    པོ་ཏཱ་ལ་ལགས།
    རྒྱལ་བ་རིན་པོ་ཆེས་བོད་ནང་གི་མི་འདི་ཚོའི་ལུས་ཐོག་ལ་མནར་གཅོད་འདི་འདྲ་མ་བྱེད་མི་གསུངས་པ་གང་ཡིན་ནམ།
    དེ་ནི་བསམ་བློ་གཉིས་པ་ཞིག་བཏང་དགོས་བ་ཆགས་ཡོད།

    Reply
  3. པོ་ཏཱ་ལ says:
    ལོ་ 14 སྔོན།

    འགྱུར་མེད་ལགས་་
    བོད་ནང་ནས་མི་མང་པོ་རྩ་དོན་ཆེད་དུ་གྲོངས་སོང་ལ
    འདི་ནས་ང་གཉིས་མི་ཚེ་དོན་མེད་འཕྲོ་བརླགས་ངང་ཤི་ཉེས་འདུག་་་་་
    འདི་ལྟར་བརྗོད་ན་མི་མཛེས་སམ

    Reply
  4. པོ་ཏཱ་ལ says:
    ལོ་ 14 སྔོན།

    བཙོན་ཟུར་ཞིག་གིས་(དྷ་རམ་སའི་བཙན་བྱོལ་བོད་གཞུང་འདིས་རྩ་དོན་བརྗེད་ནས་གཞུང་ངོ་མ་ཞིག་འཛིན་སྐྱོངས་བྱེད་པའི་འདུ་ཤེས་ཁྱེར་གྱི་ཡོད་པ་འདྲ།་་་་་་་་་དེ་ནོར་བ་རེད་)་ཅེས་གསུང་་་དེ་གསར་ཤོག་སྟེང་དུ་དམིགས་གསལ་གི་ཚུལ་དུ་བཀོད་དགོས་པ་སྣང་་་གཞུང་དམངས་གཉིས་ཆར་ལ་བསམ་བློ་དེ་ཕལ་ཆེར་ཡོད་པ་འདྲ།།་་་ང་ཚོ་རྩ་དོན་ཆེ་པོ་ཡིན་སྟབས་གཞུང་འདི་ངེས་པར་ཡོད་དགོས་ལ་རྒྱུན་བརྟན་པོ་དགོས།་་་ཡིན་ཡང་ང་ཚོས་གྲ་སྒྲིག་གཉིས་ངེས་པར་དགོས་་་སང་ཉིན་འགྲོ་བའི་གྲ་སྒྲིག་ཅིག་དང་ལོ་མང་འདུག་པའི་གྲ་སྒྲིག་གཉིས་དགོས།་་བསྟན་འགྱུར་ལགས་སེམས་མ་ཆུང་བྱེད་།་ཆབ་སྲིད་མི་སྣས་ག་རེ་ཟེར་འདུག་ལྟོས

    Reply
  5. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བོད་ནང་ནས་མི་འདི་འདྲ་མང་པོ་མི་རིགས་ཀྱི་བདེ་སྡུག་ཆད་དུ་འཕྲོ་བརླགས་ཕྱིན་སོང་་་་སེམས་ཕམ་ཡོད་་་་་རྒྱལ་བ་རིན་པོ་ཆེས་ད་ཐེངས་བོད་ནས་ཕེབས་པའི་གསར་འགྱུར་ཚོ་ལ་རང་ལུས་མེར་བསྲེགས་མཚམས་འཇོགས་བྱ་འོས་་་་ཞེས་གསུངས་ན་ཅི་མ་རུང་་་་་སྙམ་སོང་་་་་་

    Reply
  6. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ང་ཚོས་ལོ་གསར་པའི་ནང་། གྲུབ་འབྲས་མ་ཐོབ་ནའང་རྒྱ་བོད་གནད་དོན་ཐག་ཆོད་ངེས་བཟོ་དགོས། ལམ་དབུ་མ་རྩོད་མཁན་དབུ་མ་རྩོད་རང་བཙན་རྩོད་མཁན་རང་བཙན་རྩོད། འོན་ཀྱང་སཚེ་མེད་ཞི་བདེ་ལྟ་གྲུབ་རྒྱང་རིང་དུ་འདོར་དགོས། སྙིང་རྗེ་བྱེད་ན་ཕམ་ཁ་རེད། བཟོད་པ་སྒོམ་ན་གྱོང་གུད་རེད། གང་ལྟར་རྒྱ་དམར་གྱིས་བོད་རྩ་མེད་བཟོ་རྒྱུ་རེད། ང་ཚོས་ལམ་ཁ་གསར་པ་བཙལ་དགོས། 
    ཐབས་ཟད་འུ་ཐུག་གི  ལམ་ཁ་གཞན་ཞིག་བདམས་དགོས། ག་རེ་བྱེད་བས་རེད་བཙན་བྱོལ་ཚོ། མགོ་ནས་གཞུག་བར་སྟོང་ཉིད་ལ་མཉམ་པར་བཞག་པ་རེད་དམ། སྤུན་ཟླ་མང་པོའི་ཚེ་སྲོག་འགྲོ་བཞིན་འདུག དགའ་སྡུག་ཅི་ཡང་མེད་པའི་བཙན་བྱོལ་བ།  ངོ་རེ་བ་ཞེ་རེ་ཁྲེལ། དབང་ཐང་ཤོར་སྐབས་འདིར་དབང་འདྲ་རེ་བསྐུར་ནས་འདུག་གམ་ཅི།།

    Reply
  7. ཚངས་སར་འཕྲིན་ལས། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོར་མྱལ་ངན་གུས་འདུད་ཞུ།

    Reply
  8. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    འདས་པོ་དེ་ཉིད་བདེ་ཆེན་དག་པའི་ཞིང་དུ་དྲོངས། ཤུལ་བཞུགས་ནང་མི་རྣམས་ལ་འགལ་རྐྱེན་རིགས་མི་འབྱུང་བའི་སྨོན་ལམ་ཞུ། བོད་རྒྱལ་ལོ།

    Reply
  9. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    བོད་ནང་ནས་སྲོག་ལ་མ་འཛེམ་པར་ལས་དོནསྤེལ་བའི་རྒྱབ་གཉེར་དུ. ང་ཚོས་འཛམགླིང་བསྒུལ་དགོས་ངེས་རེད
    ངོ་ནས་བཤད་ནི ཡིན. བོད་པའི་བོད་དོན་པ་ཚོ་ལགས. ང་ཚོས་གང་བྱེད་ཀ. ཅིག་ཅིག་གཅེར་བརྡུང་བྱས་ཐར་སྨན་ཁང་དུ་་་་སྨན་བཅོས་གང་ཡོང་བྱས་ཀྱང་མ་ཕན་པར་འདས་་་ཟེར་ཐུབ་ཙམ་བྱས་ནས་སྡོད་རྒྱུ་ནི་ཆོད་མེད་པ་རང་རེད་འདོད.
    ངས་བྱས་ན. བོད་སེམས་པའི་ཕྱིར་སྡོད་བོད་པ་གང་ན་སུ་
    བཞུགས་ཚང་མས་སོ་སོའི་ངོ་ཤེས་ནས་ཚོགས་སྡེ ལུང་ཚན. རིགས་. རུས. ཆོས་ལུགས. ལྟ་གྲུབ་་སོགས་སྤྱད་དེ་གང་ཡོང་ཅི་ཡོང་གིས. རྒྱ་གཞུང་དང་ཚོང་འབྲེལ་སོགས་བཅད་དེ. རྒྱ་དམར་ནི འཛམ་གླིང་འདིའི་སྟེང་ན. གྲོགས་མེད་ཁེར་རྐྱང་བ་ཁོ་ན་གཅིག་པོ་ཆགས་ཐུབ་པ་བྱེད་དགོས་སོ་སྙམས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese