མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསོད་བྷོ་མཆོག་གི་སྐུ་ཕུང་།

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

སྐུ་གཤེགས་པ་སྤྲུལ་སྐུ་བསོད་བྷ་ནི་མགོ་ལོག་ཁུལ་དགའ་བདེ་རྫོང་སྟོང་སྐྱབས་དགོན་པའི་སྐྱ་ཤུལ་ཐུབ་རྒྱམ་གྱི༌ཡང་སྲིད་ཡིན་འདུག་ལ། ད་ལོ་ཁོང་དགུང་ལོ་ ༤༢ ཡིན་འདུག ༢༠༡༢ ལོའི་ཟླ ༡ ཚེས་ ༨ ཀྱི་ཞོགས་པར་ཁོང་ཉིད་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མཆོད་འབུལ་བྱས་ཡོད།

ཁོང་གིས་མགོ་ལོག་ཁུལ་དར་ལག་རྫོང་ཐོག་ཏུ་རྒན་བགྲེས་ཕོ་མོ་ ༢༠༠ ལྷག་བདག་པོ་བརྒྱབ་སྟེ་ཁང་བ་གསར་བ་བརྒྱབ་ཅིང་། གོ་སྐབས་ནམ་ཡོད་ལ་ཆོས་བཤད་པ་དང་རོགས་སྐྱོར་བྱས་དང་བྱེད་བཞིན་ཡོད་པར་མ་ཟད།   ད་དུང་དར་གྱི་ས་ནག་ཏུ་བགྲེས་སོང་ ༢༠ སྐོར་ཞིག་ཡང་བདག་པོ་རྒྱག་བཞིན་ཡོད་འདུག ༢༠༡༡ ལོའི་ཕྱི་ཟླ་ ༨ པའི༌ནང་སྟོང་སྐྱབས་དགོན་ཐོག་ཏུ་སློབ་ཆུང་ཞིག་གསར་འཛུགས་བྱས་ཏེ་བྱིས་པ་བདག་མེད་དང་། སློབ་གྲྭར་གཏོང་རྒྱུའི་ཆ་རྐྱེན་མེད་པ་རྣམས་ལ་སློབ་སྤྱོང་གི་གོ་སྐབས་ཤིག་ཀྱང་བསྐྲུན་ཡོད་འདུག ཁོང་སྔོན་རྒྱ་གར་ལ་ཐེངས་ ༣ ལ་བྱོན་མྱོང་ཡོད་ལ།  ད་ལོ་ཡང་དུས་འཁོར་དབང་ཆེན་ལ་ཕེབས་འཆར་ཡོད་ནའང་།  དགའ་བདེ་རྫོང་ཉེན་རྟོག་ལས་ཁུངས་ནས་ཆོག་མཆན་སྤྲད་མེད་པར་མ་ཟད་ཐེངས་འགར་བཀག་ཉར་དང་སུན་གཙེར་བྱས་འདུག

༢༠༡༢ ལོའི་ཕྱི་ཟླ་ ༡ ཚེས་ ༨ ཀྱི་ཞོགས་པར་རང་ལུས་ལ་མེ་སྦར་ཏེ་ལག་པར་བོད་ཀྱི་རྒྱ་དར་བཟུང་ནས་དར་ལག་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱི་སྒོར་སོང་སྟེ། “བོད་རང་བཙན་ཡིན། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཤོག” ཅེས་འབོད་སྒྲ་སྒྲོག་བཞིན་འདས་གྲོངས་སུ་སོང་ཡོད་འདུག་ལ། སྐབས་དེར་ཉེན་རྟོག་པ་བསླེབས་ཏེ་སྐུ་ཕུང་བཙན་ཁྱེར་བྱས་ཡོད་མོད། དར་ལག་རྫོང་དང་དགའ་བདེ་རྫོང་གི་བོད་མི་ ༥༠༠༠ ཡས་མས་ཤིག་མཉམ་འཛོམས་ཀྱིས་རྫོང་ཉེན་རྟོགས་ལས་ཁུངས་ནས་སྐུ་ཕུང་ཕྱིར་འཕྲོག་འདུག དེའི་རྗེས་སུ་ཤེས་རྟོགས་ལྟར་ན་ད་ལྟའི་བར་དུ་རྫོང་ཉེན་རྟོག་པས་རྩད་གཅོད་བྱས་མི་འདུག

 

མགོ་ལོག་སྟོང་སྐྱབས་དགོན་པའི་བླ་མ་བསོད་བྷོ་མཆོག

 

མགོ་ལོག་སྟོང་སྐྱབས་དགོན་པའི་བླ་མབསོད་བྷོ་མཆོག་གིས་རང་ལུས་མེར་བསྲེཊ།

 

མགོ་ལོག་སྟོང་སྐྱབས་དགོན་པའི་བླ་མབསོད་བྷོ་མཆོག་གིས་རང་ལུས་མེར་བསྲེཊ།

 

མགོ་ལོག་སྟོང་སྐྱབས་དགོན་པའི་བླ་མབསོད་བྷོ་མཆོག་གིས་རང་ལུས་མེར་བསྲེཊ།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༡༦ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 15

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ༣༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༢ གི་ཆུ་ཚོད་ ༡༠ སྐར་མ་ ༠༥
    རང་སྲོག་མ་གཏོང་།
    གཞན་སྲོག་མ་ཕྲོགས།
    ཞི་བའི་ཐོག་ནས།
    ལས་འགུལ་མུ་མཐུད།

    Reply
  2. ཐོས་བསམ་ says:
    ལོ་ 14 སྔོན།

    རྗེ་དམ་པ་དེའི་མཚན་ངོ་མ་ཅི་ཡིན་ནམ། ཨ རིའི རླུང་འཕྲིན་ཁང་གི་དྲྭ་རྒྱའི་ཐོག་བཟོད་པ་ཞེས་བཀོད་འདུག།

    Reply
  3. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    མི་ཆུང་གིས་དྲི་བ་མི་ཆུང་བ་ཞིག་བཏངས་གནང་བར་དགའ་བསུ་ཡོད. ད་ང་ཚོས་བོད་ནང་གི་ལུས་མེ་དེ་མ་ཐར་ཡང་བར་ཐག་ཅན་དུ་འབོལ་སྐུལ་དང. འདོད་འདུན་ཁ་སྒྱུར. ཕྱི་བ་ཚོས་ཀྱང་རྒྱལ་སྤྱིའི་གང་ས་ནས་མཐུན་ཕྱོགས་ཆུང་ཙག་རེ་དང. གོ་སྐབས་ཕྲན་བུ་རེ་ཡང་གང་ཐུབ་ཅི་ཐུབ་ཀྱིས་བཟུང་སྟེ. རྒྱ་དམར་ཁེར་རྐྱང་དུ་འཇོག་ཨེ་ཐུབ་ལ་འབད་དགོས་སྙམས་སོ།།

    Reply
  4. འབྲི་གུང་སྤྲོ་ཚེ། says:
    ལོ་ 14 སྔོན།

    བཤད་འདོད་པའི་སྐད་ཆ་ཞིག
    དགུན་དུས་ཀྱི་གྲང་ངར་ཇི་ལྟར་ཆེ་ཡང་།
    ཁྱེད་ཀྱི་སྒྲོན་པའི་མེ་ལྕེས་ང་ལ་ཚ་འུར་ཞིག་དང་མཉམ་དུ་སེམས་ཁོང་ནས་རྡོལ་བའི་རྔུལ་ཆུ་ཡང་ཤོར་ཡོང་གི་འདུག
    རེད་ཡ།
    མེ་ལྕེ་འདི་ནི་རེག་བྱ་ཚ་བའི་དྲོད་ཁོལ་ཞིག་ཡིན་པས། སྐྱ་ལྷང་ལྷང་གི་ཁ་བས་མཐའ་ནས་སྐོར་ཞིང་གྲང་སིབ་སིབ་ཀྱི་རླུང་བུས་ཤ་རུས་གཙེས་སའི་ཡུལ་ལུང་འདི་རུ་ངེས་པར་དུ་མཁོ།
    ཆོས་ལུགས་ནས་བཤད་པའི་གྲང་དམྱལ་དང་འདྲ་བའི་མཐོ་སྒང་འདིར། ཁྱེད་ནི་མེད་ཐབས་མེད་པའི་ནོར་བུ་ཞིག་དང་འདྲ་ལ། ཁྱེད་ཀྱི་གཟོལ་མེད་ཀྱི་དྲོད་རྒྱུན་དེ་ལ་རྟེན་ནས་ང་ཚོའི་ཚེ་སྲོག་མུ་མཐུད་ནས་མཐོ་སྒང་གི་འཁྱགས་གླིང་འདིར་གནས་དགོས།
    གལ་སྲིད་ཁྱེད་མེད་ན་མཐོ་སྒང་འདི་སའི་གོ་ལའི་བྱང་སྣེའི་འཁྱགས་རོམ་གྱི་གླིང་ཕྲན་བཞིན་དུ་གྱུར་ངེས་ལ། ཁྱེད་མེད་ན། གངས་ལྗོངས་ཀྱི་ཚེ་སྲོག་རྒྱུན་མཐུད་བྲལ་ཞིང་འཁྱགས་སྡོང་བཞིན་དུ་འགུལ་མེད་ངང་གྲང་ངར་གྱི་བསྡམས་པར་ངེས།
    ངས་སེམས་ནུས་ཀྱི་བུད་ཤིང་ཡོངས་རྫོགས་ཁྱེད་ཉིད་ལ་འབུལ་ངེས་ཡིན་ལ། ནམ་ཡང་གྲང་རེག་གིས་གཙེས་པའི་སྤུན་རྣམས་ཀྱི་ཆེད་དུ་ཁྱེད་ཉིད་ཀྱི་སྤར་ཟིན་པའི་དྲོད་ཁོལ་ལ་ལོངས་སུ་སྤྱད་ནས། དྲོད་ཁོལ་དེས་ང་ཚོའི་འཁྱགས་གླིང་འདིར་དྲོད་སྐྱིད་སྦྱིན་ནས་སྔོ་ལྗང་གི་ཡིད་དབང་འཕྲོགས་ཤིང་། ཕུན་ཚོགས་ཀྱི་མེ་ཏོག་བཀྲ་བར་རེ་སྒུག་དང་། ནམ་ཡང་བརྗེད་པ་མེད་པར་དྲན་རྟེན་གྱི་དཔལ་འབར་ཡང་རྒྱུན་དུ་སྤར་ངེས་ཡིན།
    དཔལ་འབར།
    དཔལ་འབར་དེ་འང་།
    ཁྱེད་ཀྱི་དགའ་འོས་པའི་གནས་དང་། འགྲོ་འདོད་པའི་གནས། འཛམ་གླིང་ན་སྐད་གྲགས་ཆེ་བ། པུར་རྒྱལ་གྱི་རྒྱལ་ཁང་མདུན་དུ། ངས་ནམ་ཡང་ཟུམ་པ་མེད་པའི་དཔལ་འབར་ཞིག་དང་ནམ་ཡང་རྫོགས་མཐའ་མེད་པའི་དཀར་མེ་ཞིག་སྒྲོན་ངེས་ཡིན།

    Reply
  5. རོ་ལངས། says:
    ལོ་ 14 སྔོན།

    གནོན་ཐབས་བྲལ་བའི་སྙིང་ཁོང་གི་མེ་ལྕེ་དེ་ཡང་སྐྱར་ཐེངས་ཤིག་འཕྱུར་སོང་།

    Reply
  6. སོག་ཤོད་ལྷ་རྒྱལ། says:
    ལོ་ 14 སྔོན།

    ང་ཚོའི་བོད་དང་བོད་མི་ཆེད་དུ་འདི་འདྲ་སྐུ་སྲོག་ཕུལ་བ། ང་ཚོ་ཚང་མས་རང་དོན་ལ་མགོ་མ་འཁོར་བ། སེམས་ཚོར་བ་ཡོད་པ་ཞྀག་བྱེད་དང་ ཚང་མས་འདི་འདྲ་ཞིག་་སོ་སོའི་ལ་མྱོང་བ་ཡིན་ན་ག་འདྲ་་ཡོང་ས་རེད་བསམ་བློ་མཐོང་དང་། མདས་པོ་ཁོང་རྣམས་ལ་བློ་ཕམ་དང་བཅས་མྱ་ངན་དང་གུས་མདོད་ཞུ་རྒྱུ་ཡིན།། བློ་ཕམ་དགོས་ཡག་རྒྱུ་མཚན། རྒྱལ་ཁབ་དང་མི་རིགསཀྱི་ཆེད་དུ་་རང་སྲོག་བློ་བཏང་ཐུབ་མཁན་ཁོང་རྣམས་སྐུ་བཤེགས་འགྲོ་དུས་བློ་ཕམ་ཆེན་པོ་འདུག
    ཨོ་མ་ཎི་པདྨེ་ཧཱུྃ༔  ཨོ་མ་ཎི་པདྨེ་ཧཱུྃ༔  ཨོ་མ་ཎི་པདྨེ་ཧཱུྃ༔ ཨོ་མ་ཎི་པདྨེ་ཧཱུྃ༔  ཨོ་མ་ཎི་པདྨེ་ཧཱུྃ༔  ཨོ་མ་ཎི་པདྨེ་ཧཱུྃ༔ ཨོ་མ་ཎི་པདྨེ་ཧཱུྃ༔  ཨོ་མ་ཎི་པདྨེ་ཧཱུྃ༔  ཨོ་མ་ཎི་པདྨེ་ཧཱུྃ༔

    Reply
  7. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    སྙིང་ནས་གུས་འདུད་ཞུ། ཁྱེད་ཀྱིས་གཙོས་པའི་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ནི། སུས་ཀྱང་བརྗོད་ཚིག་གིས་འགྲེལ་བཤད་དང་མཚོན་མི་ནུས་པ་ཞིག་རེད། གཙོ་ང་ཚོས་འདི་ནས་རྒྱལ་སྤྱིའི་ཐོག་གི་བོད་དོན་རྒྱབ་སྐྱོར་བ་དང་དྲང་བདེན་ལ་དུང་ཞེན་གནང་མཁན་ཚང་མར་ངོ་སྤྲོད་དང་བོད་དོན་སོགས་སུ་རོགས་རམ་ཞུ་ངེས་ཡིན། ཐུགས་འདོད་བཞིན་འགྲུབ་པའི་བསྔོ་སྨོན་བྱ་རྒྱུ་དང་གནས་མཆོག་རྡོ་རྗེ་གདན་དུའང་༸གོང་ས་མཆོག་གིས་གཙོས་རིས་མེད་ཆོས་བརྒྱུད་ཀྱི་བླ་ཆེན་ཡོངས་ཀྱི་ཐུགས་སྨོན་མཛད་སོང་། ཐུགས་ཡིད་ཚིམས་པ་གནོངས་ཤིག་་་་་་་་་་
    ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ། ཨོཾ་མཎི་པདྨེ་ཧཱུྃ།

    Reply
  8. པོ་ཏཱ་ལ says:
    ལོ་ 14 སྔོན།

    བོད་མི་ཚོ་་་ད་མ་ནི་འདོན་ཞོར་ལས་ཀ་གཅིག་མགོ་གཙུགས་ན་མི་དགའ་འམ
    གཞུང་དམངས་གཉིས་མཉམ་དུ་ཁ ཕྱོགས་གཅིག་གི་སྟེང་དུ་གོམ་པ་སྤོ་ན་མི་དགའ་འམ་་་་ད་ལྟ་ང་ཚོས་དམིགས་ཡུལ་གྱི་རྩ་དོན་གསལ་ཁ་དེ་ཙམ་མེད་ལ་གཅིག་གྱུར་ཡང་མེད་་་་དེ་གསལ་ཁ་དང་གཅིག་གྱུར་དེ་གཞུང་གི་ངོས་ནས་གྲ་སྒྲིག་དགོས།་་་་་་་་་་་་བོད་ཕྱི་ནང་གང་ནས་སྐད་འབོད་དང་སྦྱར་ཡིག་བཀྲམ་ཀྱང་ནང་དོན་གཅིག་གྱུར་དང་གསལ་ཁ་ཡག་པོ་དགོས་པ་སྣང་།

    Reply
  9. ཐོ་རེངས། says:
    ལོ་ 14 སྔོན།

    ཨོཾ་མ་ནི་པདྨེ་ཧྰུྃ༔ མགོ་ལོག་གི་བླ་མ་བསོད་བྷ་མཆོག་གི་སྙིང་སྟོབས་དང་ལྷག་བསམ་ནི་འདྲན་ཟླ་དང་བྲལ་བ་ཞིག་ཡིན་པ་མངོན་གསལ་རེད། ། ཁོང་ཕྱི་མ་དག་པའི་ཞིང་ཁམས་ལ་སྐྱེ་ཐུབ་པའི་བསྔོ་སྨོན་ལམ་དང་། མ་ཟད་ཁོང་གི་ཐུགས་བཞེད་འགྲུབ་པའི་སྨོན་ལམ་ཡང་ཡང་འདེབས།
    འོན་ཀྱང་སྤྱིར་རང་སྲོག་གཅོད་པ་འདི་ནི་དངོས་གནས་ཡ་ང་བའི་གནས་ཞིག་རེད། ལྷག་པར་དུ་བླ་སེར་གྱི་རིགས་རྣམས་ཀྱིས་སྲིད་དོན་དུ་རང་ལུས་མེ་བསྲེག་གཏོང་རྒྱུ་འདི་རང་ངོས་ནས་དེ་ཙམ་ཡག་པོ་ཞིག་མཐོང་ཐུབ་ཀྱིན་མི་འདུག །
    དེར་མ་ཟད་བོད་རིགས་ན་གཞོན་པ་ཚོས་ནམས་རྒྱུན་བླ་གྲྭ་ཚོ་ལ་སྲིད་དོན་དུ་འཚང་ཁ་མ་རྒྱག་ཞེས་བསམ་ཆར་གང་མང་འདོན་དང་འདོན་བཞིན་པ་རེད།
    དེས་ན་དགེ་འདུན་པ་ཚོའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་དམ་ཆོས་ཕྱོགས་ལ་ཐུགས་འགན་ཆེ་བཞེས་མཛད་ན་མི་ལེགས་སམ།

    Reply
  10. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ཨོཾ་མ་ནི་པདྨེ་ཧུཾཿ ཁོང་གི་འདོད་མདུན། བོད་རང་བཙན་མྱུར་དུ་ཐོབ་པར་ཤོགས།།

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཨོཾ་མ་ཎི་པདྨེ་ཧུཾ། མྱ་ངན་དང་གུས་འདུད་གྲངས་མེད་ཞུའོ། །
    ཨོཾ་མ་ཎི་པདྨེ་ཧུཾ། མྱ་ངན་དང་གུས་འདུད་གྲངས་མེད་ཞུའོ། །
    ཨོཾ་མ་ཎི་པདྨེ་ཧུཾ། མྱ་ངན་དང་གུས་འདུད་གྲངས་མེད་ཞུའོ། །

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཨ་ཁ་ཁ། བདེ་ནས་བདེ་བར་སྐྱེ་བར་ཤོག །

    Reply
  13. ནད་པ says:
    ལོ་ 14 སྔོན།

    གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།

    ཨོཾ་མ་ཎི་པདྨེ་ཧུཾ། མྱ་ངན་དང་གུས་འདུད་གྲངས་མེད་ཞུའོ།

    Reply
  14. མི་ཆུང་། says:
    ལོ་ 14 སྔོན།

    ད་ང་ཚོས་ཅི་ཞིག་བྱེད་དགོས། རྒྱལ་ཚོགས་སུ་དཔང་རྟགས་འདི་ཀོ་སྟོན་ནས། ཡང་ན་དབུས་བོད་མིའི་སྒྲིག་འཛུགས་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་གཟིགས་ཡོད་ངེས་རེད། ད་ང་ཚོས་གཞིས་ལུས་པ་ཁོང་ཚོར་ལན་ཅི་ཞིག་འབུལ་དགོས། ད་དུང་ག་ཚོད་འབྱུང་རྒྱུ་རེད་དམ།

    མིག་དང་མིག་ཆུ་སྦྲེལ་ནས་ཡོད་ཀྱང་། དོན་དམ་གྱི་ནུས་པ་ཅི་ཞིག་འདོན་དགོས། ཇི་ལྟར་འདོན་དགོས།

    ངོ་མ་ངག་ནས་བརྗོད་ཀྱང་མི་ཤེས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  15. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    མགོ་ལོག་སྟོང་སྐྱོབ་དགོན་པའི་བླ་མ་བསོད་བྷོ་མཆོག་གི་ཡང་སྲིད་སླར་ཡང་བོད་གངས་ཅན་གྱི་ལྗོངས་སུ་ཕེབ་ནས་བོད་ཀྱི་བླ་མའི་མིང་ཁྱེར་ནས་བོད་མི་རིགས་ལ་བརྡབ་གསིག་གཏོང་མཁན་དག་ལ་ལམ་སྟོན་ཞིག་གནང་སྐྱོངས་ཡོང་བའི་སྨོན་འདུན་ཞུ། བླ་མ་ཟེར་ན་ཁྱེད་ཡིན། སྐྱབས་མགོན་ཟེར་ན་ཁྱེད་ཡིན། རིན་པོ་ཆེ། སྐུ་ཉིད་ཀྱི་དཔའ་འཛངས་བརྟུལ་ཕོད་ཀྱི་ལོ་རྒྱུས་འདི་བོད་མི་རིགས་མེད་པར་མ་གྱུར་བ་དེ་སྲིད་དུ་བོད་མི་རིགས་ཀྱིས་བརྗེད་མི་སྲིད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese