མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐེ་ཝན་ལ་གོ་སྐབས་ཐེངས་གཅིག་སྤྲོད་རོགས།

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཐེ་ཝན་སྲིད་འཛིན་འོས་བསྡུ་སླེབས་ལ་ཉེ་སྐབས། ཐེ་ཝན་སྲིད་འཛིན་ཟུར་པ་ལིས་ཏིན་ཧའེ་ཡིས་དམངས་གཙོ་ཚོགས་པའི་འོས་མི་ཚེ་ཡཱན་ཝུན་ལ་རྒྱབ་སྐྱོར་གྱི་ཡོང་ཁྱབ་གསལ་བསྒྲགས་སྤེལ་འདུག

ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་ལ་ཉིན་ ༢ ལས་ལྷག་མེད་པའི་མཚམས་འདིར། ཐེ་ཝམ་དམངས་གཙོའི་ལམ་དུ་འཁྲིད་མཁན་དང་ཐེ་ཝན་མི་དམངས་ཀྱིས་ཐད་ཀར་འོས་འདེམས་བྱུང་པའི་སྲིད་འཛིན་ཐོག་མ་སྟེ། ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ལིས་ཏིན་ཧའེ་ཡིས་གསར་ཤོག་སྟེང་རང་ཉིད་ཀྱི་དངོས་སུ་ལག་བྲིས་བྱས་པའི་ “ ཐེ་ཝན་ལ་གོ་སྐབས་ཐེངས་གཅིག་སྤྲོད་རོགས ” ཞེས་པའི་བརྡ་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། ཐེ་ཝན་མི་མང་གིས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཚེ་ཡཱན་ཝུན་ལ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་ཡོད་པ་དང་། ཁོང་གིས་འདས་པའི་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ་པ་ལྟར། མ་འོངས་པར་ཐེ་ཝན་སྲིད་འཛིན་ལ་སུ་ཞིག་བདམས་ཐོན་བྱུང་ཡང་།  མཚོ་འགག་གཉིས་ཀྱི་འབྲེལ་བའི་ཐད་སྔར་དང་མ་འདྲ་བའི་རྣོ་ངར་ལྡན་པའི་འགྱུར་ལྡོག་ཅིག་འགྲོ་མི་སྲིད་པའི་སྐོར་གསལ་བཤད་བྱས་འདུག

སྲིད་འཛིན་ཟུར་པ་ལིས་ཏིན་ཧའེ་ཡི་ཡོང་ཁྱབ་གསལ་བསྒྲགས་དེའི་ནང་། ཐེ་ཝན་གྱི་དམངས་གཙོའི་འཕེལ་རིམ་གསུམ་པ་ལ་འཕྲད་སྲིད་པའི་ཉེན་ཁ་ཞིག་ནི་རྙིང་ཞེན་པའི་ཤུགས་རྐྱེན་འོག་ལམ་ལོག་རྒྱག་རྒྱུ་དེ་ཡིན་པ་དང་།   སྤྱིར་ཆབ་སྲིད་དམངས་གཙོའི་ལམ་ལུགས་ཀྱི་འཇིགས་སྣང་གཅིག་པུ་ནི་དབུ་ཁྲིད་ཀྱི་མགོ་སྐོར་བསླུ་འཁྲིད་དང་ནུས་འཇོན་མེད་པའི་བྱ་སྤྱོད་དེ་ཡིན་ལ། དམངས་གཙོའི་རྒྱལ་ཁབ་ནང་གལ་སྲིད་དབུ་ཁྲིད་ལ་ཁྲིམས་འགལ་བྱུང་བ་ཡིན་ན་སྲིད་ཁྲིམས་ལྟར་ཁྲིམས་གཅོད་བྱས་ཆོག་མོད། ཡིན་ནའང་། དབུ་ཁྲིད་ལ་ནུས་འཇོན་མེད་པ་དང་མགོ་སྐོར་བསླུ་འཁྲིད་ཀྱི་ཉེན་ཁ་དེ་འོས་ཤོག་ཁོ་ནར་བརྟེན་ནས་བསྒྱུར་བཅོས་བྱ་རྒྱུ་ལས་ཐབས་གཞན་མེད་པ་བཀོད་འདུག 

ཐེ་ཝན་དམངས་གཙོའི་ལམ་དུ་འཁྲིད་མཁན་སྲིད་འཛིན་ཟུར་པ་ལིས་ཏིན་ཧའེ་ཡིས་ཡོང་ཁྱབ་གསལ་བསྒྲགས་བརྒྱུད། རྒྱ་གཞུང་གིས་དྲག་མཚོན་འཇིགས་སྐུལ་དང་ཡིག་ཐོག་ཚུར་རྒོལ་ཕྱོགས་གཉིས་ནས་གནོན་ཤུགས་སྤྲད་དེ། ཐེ་ཝན་གྱིས་རང་གི་བདག་དབང་བློས་གཏོང་ཡོང་ཐབས་ཀྱི་རེ་ངན་འཆིང་གི་ཡོད་པ་དང་།   ༡༩༩༦ ལོའི་རྒྱ་གཞུང་གི་མཚོ་འགག་མེ་ཤུགས་འཕུལ་མདེལ་ཚོད་ལྟ་དེ་ནི་དྲག་མཚོན་གྱི་འཇིགས་སྐུལ་ཡིན་ལ།  ད་ལྟའི་ཆར་ཐེ་ཝན་འོས་བསྡུས་སྐབས་གོ་མིན་ཏང་ཚོགས་པར་དཀའ་ངལ་འཕྲད་བཞིན་པའི་གོ་སྐབས་འཇུས་ཏེ། “དགུ་གཉིས་སྤྱི་མོས་ངོས་འཛིན” ཞེས་པའི་རྒྱ་ནག་གཅིག་གི་ལྟ་བ་ངོས་ལེན་ཡོང་ཐབས་ལ་གནོན་ཤུགས་སྤྲོད་ཀྱིན་པ་འདི་ནི་ཡིག་ཐོག་ཚུར་རྒོལ་ཡིན་སྟབས། ཐེ་ཝན་གྱི་དམངས་གཙོས་རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་བྱེད་དགོས་བའི་སྐོར་བརྗོད་ཡོད་པ་རེད།  

ད་དུང་ཡོང་ཁྱབ་གསལ་བསྒྲགས་དེའི་ནང་། རྒྱ་དམར་གཞུང་གིས་རྒྱ་ནག་ནང་ཚོང་ལས་གཉེར་བཞིན་པའི་ཐེ་ཝན་གྱི་བཟོ་ཚོང་ཚོགས་སྡེ་ཁག་བེད་སྤྱད་དེ།  ཡོང་ཁྱབ་ཐོག་ད་ལྟའི་རྒྱ་དམར་གཞུང་གི་སྲིད་དབང་ངོས་ལེན་དགོས་པའི་གནོན་ཤུགས་སྤྲད་དེ་ཐེ་ཝན་གྱི་དམངས་གཙོ་ལ་ཉེན་ཁ་བཟོ་བཞིན་ཡོད་པ་དང་། མ་གཞི་ཐེ་ཝན་གྱིས་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་བྱེད་དགོས་མོད། ཡིན་ནའང་། ཐེ་ཝན་གྱི་གཞི་རྩའི་ངོ་བོ་མུ་མཐུད་བརྟན་སྲུང་བྱེད་ཐུབ་པའི་ཐོག་ནས་ཚོང་འབྲེལ་བྱེད་དགོས་ལ། དེ་ལྟར་བྱས་ན་ད་གཟོད་ཐེ་ཝན་གྱི་བཟོ་ཚོང་ལ་རྒྱབ་རྟེན་དང་ཡུན་རིང་རྒྱུན་གནས་ཀྱི་ཁེ་ཕན་ཐོབ་ཐུབ་པ་བཀོད་ཡོད་པ་མ་ཟད། ལིས་ཏིན་ཧའེ་ཡིས་ “རྒྱ་གཞུང་གི་ཁ་གཏད་དུ་ལངས་ཡོད་པ་དེ་ནི་ཐེ་ཝན་མི་དམངས་ཡིན་པ་ལས། ཆབ་སྲིད་ཚོགས་པ་གང་རུང་ཞིག་མིན་པ་དེ་རྒྱ་གཞུང་གིས་ངེས་པར་གསལ་བོ་ཤེས་དགོས་པ་རེད།  ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ་པ་ཞིག་ནི་སུ་ཞིག་སྲིད་འཛིན་ལ་བདམས་ཐོན་བྱུང་བ་ཡིན་ནའང་། རྒྱ་གཞུང་གིས་མ་འོངས་པར་ཐེ་ཝན་དང་ངེས་པར་དུ་འབྲེལ་བ་བྱ་དགོས་པ་མ་ཟད།  མཚོ་འགག་གཉིས་ཀྱི་འབྲེལ་བར་རྣོ་ངར་ལྡན་པའི་འགྱུར་ལྡོག་འབྱུང་མི་སྲིད། ” ཅེས་རྒྱ་གཞུང་ལ་བརྡ་ལན་ཞིག་ཀྱང་སྤྲད་ཡོད་འདུག   

ཐེ་ཝན་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་སྲིད་འཛིན་ཐོག་མ་ལིས་ཏིན་ཧའེ་ལས་གཞན་ད་དུང་།  བསྟུད་མར་ལོ་གཉིས་ལ་མི་མང་གི་འོས་འདེམས་བརྒྱུད་ཐེ་ཝན་སྲིད་འཛིན་ཁུར་མྱོང་མཁན་ཁྲིན་ཧྲིས་པེན་གྱིས་ཀྱང་བཙོན་ཁང་ནང་ཡོང་ཁྱབ་གསལ་བསྒྲགས་སྤེལ་ཏེ། ཐེ་ཝན་མི་མང་གིས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཚེ་ཡཱན་ཝུན་ལ་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད།  དེ་བཞིན། གོ་མིན་ཏང་གི་སྲིད་འཛིན་འོས་མི་མཱ་ཡཱན་ཅིག་ལ་མཚོ་འགག་གཉིས་ཀྱི་དཔལ་འབྱོར་བཟོ་ཚོང་སྡེ་ཁག་དག་གིས་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་ཡོད་པ་རེད། ཡིན་ནའང་། འབྱོར་ལྡན་ཚོང་བ་དེ་དག་གི་རྒྱབ་ན་རྒྱ་གཞུང་གི་ལྐོག་ཇུས་ངན་གཡོ་ཡོད་པའི་གླེང་སློང་ཡང་སླེབས་ཀྱིན་ཡོད་འདུག

ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༤ ཉིན་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་ཆེན་མོ་གནང་གི་ཡོད་པ་དང་།  ཐེངས་འདིའི་ཐེ་ཝན་སྲིད་འཛིན་འོས་མི་གསུམ་ནི། རང་ལོ་ ༦༡ སོན་པའི་གོ་མིན་ཏང་ཚོགས་པའི་འོས་མི་དང་ད་ལྟའི་ཐེ་ཝན་སྲིད་འཛིན་ལས་ཐོག་སྐུ་ཞབས་མཱ་ཡན་ཅིག་དང་། རང་ལོ་ ༥༥ སོན་པའི་དམངས་གཙོ་ཚོགས་པའི་འོས་མི་ལྕམ་ཚེ་ཡཱན་ཝུན། རང་ལོ་ ༦༩ སོན་པའི་མི་དམངས་ཚོགས་པའི་འོས་མི་སཱུང་ཁྲུའུ་ཡུས་བཅས་ཡིན་པ་རེད།

 

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༢༢ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 3

  1. ལྗང་སྨྱུག says:
    ལོ་ 14 སྔོན།

    ༼ ཐེའེ་ཝན་ལ་གོ་སྐབས་ཐེངས་གཅིག་སྤྲོད་རོགས་༽ ཟེར་བའི་དོན་དེར་གོ་རྒྱུ་ཆེན་པོ་ཡོད་དེ། ད་ལྟའི་སྲིད་འཛིན་མ་ཡིན་ཅོའོ་ནི་ཐེའེ་ཝན་གྱི་མི་རིགས་ངོ་མ་མ་ཡིན་པའི་སྐད་ཆ་དང་། མན་ཅན་ཏང་མ་གཏོགས། གུང་མིན་ཏང་ནི་ཐེའེ་ཝན་གྱི་མི་རིགས་མ་ཡིན་ཟེར་བའི་སྐད་ཆ་རེད། ཐེའེ་ཝན་ལ་གོ་སྐབས་ཐེངས་མང་པོ་སྤྲོད་ཚར་བ་རེད། གསལ་བསྒྲགས་འབྲི་མཁན་ཁོ་རང་ལ་དེ་སྔོན་སྲིད་འཛིན་གྱི་གོ་སྐབས་ཐེངས་གཉིས་སྤྲོད་ཚར་བ་མ་ཟད། ད་དུང་ད་ལྟ་བཙོན་ཁང་དུ་ཡོད་པའི་སྲིད་འཛིན་ཟུར་པ་ཁྲིན་ཧྲོས་པོན་ལའང་སྲིད་འཛིན་གྱི་གོ་སྐབས་ཐེངས་གཉིས་སྤྲོད་ཚར་བ་རེད། ཁོང་ཚོས་གཞུང་དམངས་གཉིས་ཀྱི་དཔེ་ཤག་ལྐོག་ཟ་རུལ་སུངས་བྱས་ཏེ་གྲུབ་འབྲས་ངོ་མ་སོ་སོར་བཙོན་ཁང་དུ་བཅུགས་པ་འདི་རེད།
    ལིས་ཏིན་ཧའེ་ཟེར་བ་ཁོ་རང་དངོས་གནས་རྒྱ་ནག་གི་མི་རིགས་འཁྲུལ་མེད་ཅིག་ཡིན་པ་རེད། མ་ཟད་ཁོས་མགོ་གཉིས་ཀྱིས་ཁོ་རང་དོན་དུ་མན་ཅན་ཏང་ཡིན་བཞིན་དུ་གུང་མིན་ཏང་གི་རྒྱབ་ལ་ལངས་ཡོད་མདོག་གིས་གསལ་བསྒྲགས་དང་གསལ་བཤད་བྱེད་བཞིན་མི་མང་ཚོ་མགོ་འཁྲུགས་བཅུག་གི་ཡོད་པ་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ལིས་ཏིན་ཧའེ་ཡིས་ “རྒྱ་གཞུང་གི་ཁ་གཏད་དུ་ལངས་ཡོད་པ་དེ་ནི་ཐེ་ཝན་མི་དམངས་ཡིན་པ་ལས། ཆབ་སྲིད་ཚོགས་པ་གང་རུང་ཞིག་མིན་པ་དེ་རྒྱ་གཞུང་གིས་ངེས་པར་གསལ་བོ་ཤེས་དགོས་པ་རེད། ་་་་ ཅེས་གསུངས་པ་འདི་ལ་བོད་མིས་ངེས་པར་དུ་སློབ་སྦྱོང་བྱ་དགོས་མི་འདུག་གམ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་། ཡིན་ནའང་། འབྱོར་ལྡན་ཚོང་བ་དེ་དག་གི་རྒྱབ་ན་རྒྱ་གཞུང་གི་ལྐོག་ཇུས་ངན་གཡོ་ཡོད་པའི་གླེང་སློང་ཡང་སླེབས་ཀྱིན་ཡོད་འདུག ཞེས་དང་།
    ལིས་ཏིན་ཧའེ་ཡིས་ “རྒྱ་གཞུང་གི་ཁ་གཏད་དུ་ལངས་ཡོད་པ་དེ་ནི་ཐེ་ཝན་མི་དམངས་ཡིན་པ་ལས། ཆབ་སྲིད་ཚོགས་པ་གང་རུང་ཞིག་མིན་པ་དེ་རྒྱ་གཞུང་གིས་ངེས་པར་གསལ་བོ་ཤེས་དགོས་པ་རེད། ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ་པ་ཞིག་ནི་སུ་ཞིག་སྲིད་འཛིན་ལ་བདམས་ཐོན་བྱུང་བ་ཡིན་ནའང་། རྒྱ་གཞུང་གིས་མ་འོངས་པར་ཐེ་ཝན་དང་ངེས་པར་དུ་འབྲེལ་བ་བྱ་དགོས་པ་མ་ཟད། མཚོ་འགག་གཉིས་ཀྱི་འབྲེལ་བར་རྣོ་ངར་ལྡན་པའི་འགྱུར་ལྡོག་འབྱུང་མི་སྲིད། ” ཅེས་རྒྱ་གཞུང་ལ་བརྡ་ལན་ཞིག་ཀྱང་སྤྲད་ཡོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese