༸གོང་ས་མཆོག་གིས་རྡོ་རྗེ་གདན་དུ་དད་མང་ཚོགས་ལ་དུས་དབང་བསྩལ་གྲུབ་རྗེས། མཁའ་ལམ་བརྒྱུད་ལྡི་ལི་དང་པུ་ནེ་གྲོང་ཁྱེར་ནང་མཛད་འཕྲིན་ཆིབས་བསྒྱུར་བསྐྱངས་ཡོད་འདུག
འདས་པའི་ཉིན་བཅུའི་རིང་གནས་མཆོག་རྡོ་རྗེ་གདན་དུ། ༸གོང་ས་ཆོག་གིས་རྒྱལ་ཁབ་ཁག་ ༦༣ ནས་ཕེབས་པའི་དད་ལྡན་མང་ཚོགས་ཆིག་འབུམ་ལྷག་ལ་སྔོན་འགྲོའི་གསུང་ཆོས་དང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གྲུབ་རྗེས། ཕྱི་ཚེས་ ༡༡ ཉིན་སེར་སྐྱ་མང་ཚོགས་ཀྱི་ཕེབས་བསུའི་ཁྲོད་ཆིབས་འཁོར་བརྒྱུད་གྷ་ཡ་གནམ་ཐང་དང་། དེ་ནས་མཁའ་ལམ་བརྒྱུད་ལྡི་ལི་དང་པུ་ནེ་གྲོང་ཁྱེར་བཅས་ལ་ཆིབས་སྒྱུར་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག
ཟླ་འདིའི་ཚེས་ ༡༠ ནས་ ༡༢བར་རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་གྲོས་ཚོགས་(Bharatiya Chatra Sansad) ཀྱི་ཚོགས་ཆེན་ཐེངས་གཉིས་པ་དེ་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་མ་ཧཱ་རཱ་ཤི་ཊའི་གྲོང་ཁྱེར་པུ་ནེ་རུ་འཚོགས་བཞིན་ཡོད་པ་ལྟར། ༸གོང་ས་ཚོགས་ཐོག་ཏུ་ཆིབས་བསྒྱུར་བསྐྱངས་ཏེ་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག་ལ། ཚོགས་ཆེན་དེར་བྷི་ཧཱར་མངའ་སྡེའི་བློན་ཆེན་ནེ་ཏེ་ཤི་ཀུ་མཱར་དང་ཇམ་ཇུ་ཀ་ཤི་མིར་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ཨོ་མཱར་ཨབ་ཏིལ་སོགས་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་ཀྱང་ཕེབས་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་དེར་རྒྱ་གར་རྒྱལ་ཡོངས་ནས་སློབ་ཕྲུག་གྲངས་ ༨༠༠༠ལྷག་མཉམ་བཞུགས་བྱས་ཡོད་འདུག