མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་ཡུ་སྒོར་སྟོང་ཕྲག་བཞི་ཡི་ཞབས་འདེབས་རྒྱག་གི་མིན།

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

དགེ་བཤེས་འོད་ཟེར་གྱིས་འཇར་མན་ནས།

འཛམ་གླིང་གོ་ལ་ཧྲིལ་པོ་འདིར་དང་པོ་རྒྱལ་པོའི་དུས་རབས་དང་། དེ་ནས་དམག་གི་དུས་རབས། ད་ལྟ་ཚོང་གི་དུས་རབས་ཤིག་ཏུ་བསླེབས་ཡོད། དེ་དང་བསྟུན་ཏེ་འཛམ་གླིང་གང་སར་མི་རྣམས་ཀྱིས་ཁེ་སྤབས་ཆེ་མིན་ལ་མ་ལྟོས་པར་ཚོང་དོན་ལ་གཞོལ་མཁན་ལོ་རེ་ནས་ལོ་རེར་མང་དུ་འགྲོ་བཞིན་ཡོད། དེ་དག་གི་ཁྲོད་ནས་འཛམ་གླིང་ཡུལ་སྐོར་ལས་རིགས་ཀྱི་ཚོང་དོན་འཕེལ་ཚད་ཆེས་ཆེར་མགྱོག་ཅིང་། འཛམ་གླིང་ཤར་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་ལྟ་བུར་ཆ་བཞག་ན། (ཡུལ་སྐོར་བའི་ཚོང་གཉེར་འཕེལ་ཚད་འཕུར་མཆོངས་ལྟ་བུའི་མདུན་སྐྱོད) ཅེས་རྒྱ་གཞུང་གིས་རྟག་ཏུ་རྗོད་བཞིན་པ་ལྟར། དངོས་ཡོད་གནས་སྟངས་ཐོག་ནས་ཀྱང་དེ་ལྟར་དུ་གྲུབ་ཡོད།

 

དེ་ལྟ་བུའི་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཀྱི་ཡུལ་སྐོར་དཔལ་འབྱོར་ཡོང་ཁུང་གཙོ་བོ་ཞིག་ནི་བོད་དང་ནང་སོག ཞཱིན་ཅང་། ཡུན་ནན་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ནས་ཡོང་གི་ཡོད། རྒྱལ་ཁབ་འདྲ་མིན་ཁག་ནས་ཕེབས་པའི་ཡུལ་སྐོར་བའི་ཁྲོད་དུ་སྤྱིར་ཡུལ་སྐོར་ལྗོངས་རྒྱུ་བ་དང་། གནའ་ཤུལ་རྟོག་ཞིབ་པ། ཆབ་སྲིད་རྒྱུས་ལོན་བྱེད་མཁན་སོགས་རིགས་དུ་མ་ཞིག་ཀྱང་ཡོད། འདས་པའི་ལོ་ལྔ་ཚན་གཉིས་ནང་བོད་སྐྱོད་ཕྱི་རྒྱལ་ཡུལ་སྐོར་བ རྣམས་འདོད་བློ་ཁེངས་པ་ཞིག་གཏན་ནས་ཡོང་གི་མེད་པ་ནི། རྟག་ཏུ་རྒྱ་ནག་གཞུང་གིས་རྒྱུན་ལྡན་ལས་བརྒལ་བའི་བསྒྲགས་གཏམ་དང་འཁྱོག་བཤད་ཁོ་ནའི་དབང་དུ་ཡུལ་སྐོར་བྱེད་དགོས་པ་དང་། བོད་ནང་གི་དངོས་ཡོད་གནས་སྟངས་དང་འདས་པའི་བྱུང་རབས་རྣམས་ཤེས་ཐབས་བྲལ་བ། ལྷག་དོན་དེང་གི་ཆར་ཕྱི་རྒྱལ་ཡུལ་སྐོར་བ་བོད་དུ་འགྲོ་སྐྱོད་ཐད་ཚོགས་ཆུང་བཟོས་ནས་མི་མང་མཉམ་དུ་འགྲོ་རྒྱུ་ལས་མི་གཅིག་གཉིས་བོད་དུ་བསྐྱོད་རྒྱུར་ཐོངས་མཆན་སྤྲོད་ཀྱི་མེད།

 

གང་ལྟར་ཕྱི་རྒྱལ་ཡུལ་སྐོར་བ་རྣམས་ཀྱིས་བོད་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་ཐུབ་མིན་ལ་མ་ལྟོས་པར་ཡུལ་སྐོར་བའི་འགྲོ་གྲོན་དེ་དག་རྒྱ་གཞུང་གི་ཡུལ་སྐོར་ཚོང་གཉེར་ལ་ཕན་ཐོགས་བྱུང་དང་འབྱུང་བཞིན་པ་རེད། དཔེར་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་ཚོགས་ཆུང་ཞིག་བཟོས་ཏེ་བོད་དུ་ཉིན་བཅོ་ལྔའི་རིང་ཡུལ་སྐོར་དུ་འགྲོ་དགོས་ཚེ་མ་མཐར་ཡུ་སྒོར་སྟོང་ཕྲག་བཞི་ནས་ཡར་རྩིས་པ་ཞིག་གཏོང་དགོས། ཡུལ་སྒོར་སྟོང་ཕྲག་བཞི་ལྷག་གི་ཁེ་ཕན་དེ་རྒྱ་ནག་གཞུང་གི་དཔལ་འབྱོར་ལ་རོགས་རམས་བྱེད་པ་དང་གཅིག་མཚུངས་ཡིན་སྟབས། དངོས་ཡོད་བོད་ཀྱི་གནས་སྟངས་ལ་ཐུགས་ཁུར་གནང་མཁན་གྱི་ཕྱི་རྒྱལ་བ་རྣམས་ཀྱིས་འདི་ཚོའི་ཐད་ལ་གཟིགས་སྟངས་འབྱུང་གི་ཡོད།

ངས་འདི་ནས་དཔེ་མཚོན་ཞིག་འདྲེན་གྱི་ཡིན། ནུབ་ཕྱོགས་འཇར་མན་ནི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ས་གནས་འབྲེལ་མཐུད་པ། ཡོ་སེབ་སི་མི་ཌ(Josef Schmid) ལགས་ཀྱིས་འདིའི་སྐོར་གཟིགས་སྟངས་གསུངས་བ།

“ ང་བོད་དུ་འགྲོ་འདོད་གཙོ་བོ་ནི་བོད་ཀྱི་རི་ཀླུང་དང་ལྗོངས་རྒྱུ་བྱ་ཆེད་མིན། ངའི་དམིགས་ཡུལ་གཙོ་བོ་ཞིག་ནི་བོད་དུ་ཕྱིན་ཏེ་བོད་གནས་རྟོག་ཞིབ་དང་རྒྱུས་ལོན་བྱ་རྒྱུ་དེ་ཡིན། དེང་སྐབས་ང་ཚོས་བོད་ནང་གི་དངོས་ཡོད་གནས་སྟངས་དེ་དག་ཤེས་ཐུབ་ཀྱི་ཡོད་པ་མ་རེད། རྒྱ་གཞུང་གིས་མི་གཅིག་གཉིས་ལ་ཕྱི་སྐྱོད་མཐོངས་ཆེན་སྤྲོད་ཀྱི་མེད་སྟབས། ཚོགས་ཆུང་བཟོས་ཏེ་མི་མང་པོ་མཉམ་དུ་འགྲོ་རྒྱུ་དེ་རེད། ཡིན་ནའང་ད་ལྟའི་ཆར་ང་ཚོས་ཤེས་རྟོགས་ཐུབ་པ་ཞིག་ནི་ཚོགས་ཆུང་བཟོས་ནས་བོད་དུ་བསྐྱོད་རྒྱུ་དེ་རྒྱ་གཞུང་གིས་གོ་སྒྲིག་བྱས་པའི་ཡུལ་སྐོར་སྣེ་ཤན་པའི་སྟངས་འཛིན་འོག་འགྲོ་དགོས་སྟབས། བོད་ཀྱི་དངོས་ཡོད་གནས་སྟངས་ཧ་གོ་ཐུབ་ཀྱི་ཁག་པོ་ཆགས་པ་རེད། དེ་བཞིན་ང་ཚོའི་མི་རེས་ཡུ་སྒོར་སྟོང་ཕྲག་བཞི་ལྷག་རེ་གཏོང་དགོས་པ་དེ་དག་ཕོན་ཆེན་པོ་ཞིག་མིན་ཡང་། དངུལ་དེ་དག་གི་ཁེ་ཕན་རྒྱ་གཞུང་གི་དཔལ་འབྱོར་ལ་རོགས་པ་བྱས་པ་དང་གཅིག་མཚུངས་རེད། དེས་ན་ང་ཚོས་རོགས་སྐྱོར་བྱ་ཡུལ་ནོར་བའི་ཉེན་ཁ་ཆེན་པོ་འདུག ངས་གནས་སྐབས་བོད་དུ་འགྲོ་རྒྱུ་ཕྱིར་འཐེན་བྱས་དོན་ནི་བོད་མི་རིགས་ལ་ཕན་པ་སྐར་མ་གང་མེད་པར་དོན་མེད་རྒྱ་གཞུང་ལ་ཡུ་སྒོར་སྟོང་ཕྲག་བཞི་ཡི་ཞལ་འདེབས་རྒྱག་འདོད་མེད་པ་འདི་ཡིན། ངས་དངུལ་དེ་དག་འཇར་མན་གྱི་བོད་རིགས་དང་བོད་དོན་ལས་འགུལ་ཆེད་བཏང་ན། བོད་མི་རིགས་ལ་ཕན་ཐོག་ཡོད་པ་ཞིག་རེད་དྲན་གྱི་འདུག ”  སོགས་གསུངས།

 

དེ་དང་འདྲ་བར་ངས་ད་ལན་རྒྱུད་ལམ་འདི་ནས་རེ་སྐུལ་ཞུ་རྒྱུ་ཞིག་ནི། ཕྱི་རྒྱལ་བོད་སྐྱོད་ཡུལ་སྐོར་བ་རྣམས་ཀྱིས་ངེས་པར་དུ་མཁྱེན་དགོས་པ་ཞིག་ནི། ཁྱེད་ཅག་བོད་དུ་བསྐྱོད་ཚེ་དངོས་ཡོད་བོད་ཀྱི་གནས་སྟངས་རྒྱུས་ལོན་བྱ་མི་ཐུབ་པ་མ་ཟད། འཛམ་གླིང་འདིར་ཞི་བདེའི་དྲི་ཙམ་ཡང་མི་དྲོ་བའི་སྟོབས་ཆེན་དམར་པོའི་རྒྱལ་ཁབ་ཞིག་ལ་དཔལ་འབྱོར་རོགས་རམས་བྱེད་པ་ཁོ་ན་ཙམ་ཡིན་པས་ཉེན་ཚབས་ཆེ་བའི་ནོར་འཁྲུལ་འདི་ལ་དགོངས་བཞེས་གནང་གལ་ཆེ་ཞེས་ཞུ་རྒྱུ་ཡིན

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 3

  1. གངས་ལྷ་མེ་ཏོག says:
    ལོ་ 14 སྔོན།

    རེད་རེད་རྒན་ལྷ་མོ་སྐྱབས་ལགས། གཉེན་འཕྲད་ཀྱི་ཞོར་དུ་ལས་ཀ་ལས་ཐུབ་རྒྱུ་རེད་ཟེར་པ་དེ་ནི་རྒྱ་གར་དང་བོད་ཕྱི་ན་ཡོད་མཁན་ཚོས་ཚིག་རེད་མ་གཏོགས་དོན་དངོས་བོད་དུ་འགྲོ་མཁན་ཚོར་མཚོན་ན་དེ་ནི་རང་ཉིད་ཀྱི་འདེམས་ཀ་མ་རེད།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བོད་དུ་སྐྱོད་མཁན་ཚང་མས་གཉེན་འཕྲད་དང་ཞར་ཞོར་དུ་རང་གི་འོས་འགན་ཅུང་ཟད་རེ་བྱེད་ཐུབ་ངེས་ཡིན། ཡིན་ན་ཡང་དེ་དག་ཁུ་སིམ་སིམ་ངང་ནས་སྒྲུབ་དགོས། ཐ་ན་རང་གི་ནང་མི་གཉེན་ཉེ་ཚོར་བོད་དོན་གནས་བབ་དང་ཡིད་བཞིན་ནོར་བུའི་དགོངས་དོན་གསལ་བོ་ཞིག་ངོ་སྤྲོད་ཐུབ་པ་དེ་ཙམ་ཡང་དགོས་ཕན་ཆེན་པོ་ཞིག་རེད།

    Reply
  3. རིག་པའི་སྟ་རེ says:
    ལོ་ 14 སྔོན།

    ཁོ་བའི་བོད་དོན་ལ་ལྷག་བསམ་ཤུགས་ཆེན་ཡོད་པར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ཁོ་བར་སྒེར་གྱི་ཐུན་མིན་ལྟ་གྲུབ་ཡོད་པར་མ་ཟད་ལག་བསྟར་གནང་བར་གུས་བརྩི་ཞུ། འོན་ཀྱང་ནུབ་ཕྱོགས་པས། ཡུ་སྒོར་རྒྱ་ཡུལ་གཏོང་བས་བོད་ལ་ཕན་པ་ལས་གནོད་པ་གང་ཡང་མཐོང་གིན་མེད། དེའི་རྒྱུ་མཚན། རྒྱ་མིས་བོད་འདི་ཇི་ལྟ་བཟོ་བསམ་པའི་དམིགས་ཡུལ་དེ་དག སྣེ་ཤན་པའི་སྟང་འཛིན་འོག་བསྐྱོད་དགོས་པ་ཙམ་གྱིས་ངེས་པ་སྟེར་བས། ནུབ་ཕྱོགས་པ་ཙམ་མ་ཟད། ཡུལ་སྐོར་སྤྲོ་འཁྱམས་པ་ཡིན་ན་འདྲ། བོད་དོན་ཉུལ་ཞིབ་པ་ཡིན་ནའང་འདྲ། ལོ་རྒྱུས་ཉམས་ཞིབ་པ་ཡིན་ནའང་འདྲ། གང་མང་མང་ཞིག་བོད་དུ་བསྐྱོད་ཐུབ་ན། གཏམ་དཔེར་རྫུན་ཨབ་བྲ་གཉིས་དེ་རྔ་མ་ཐུང་། བདེན་ལུང་པ་གཉིས་དེ་ཕུ་ཐག་རིང་ཟེར་བ་ལྟར་། སྔ་ཕྱི་ཙམ་མ་གཏོགས་བརྫུན་རྐུབ་བརྡོལ་བ་ཐེ་ཚོམས་མེད་དོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese