མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༣༦ ལ་རྨས་སྐྱོན་བཟོས།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཁམས་བྲག་མགོའི་བོད་མི་ངོ་རྒོལ་བའི་ཁྲོད་མེ་མདས་བརྒྱབ་ཏེ་མི་ཁག་ཅིག་དམར་གསོད་དང་བོད་མི་སོ་དྲུག་ལ་རྨས་སྐྱོན་བཟོས་འདུག

འདི་གར་གནས་ཚུལ་འབྱོར་བ་ལྟར་ན།  ཁ་སང་ཕྱི་ཚེས་ ༢༣ ཉིན་ཁམས་བྲག་མགོ་རྫོང་དུ་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་སྐབས། ཉེན་རྟོག་པས་མི་མང་ཁྲོད་མེ་མདས་བརྒྱབ་པའི་རང་ལོ་ ༤༩ ཡིན་པའི་ནོར་པ་ཡོན་ཏན་ལགས་འདས་གྲོངས་སུ་གྱུར་ཡོད་པ་མ་ཟད། བོད་མི་ ༣༦ ལ་རྨས་སྐྱོན་བཟོས་འདུག

རྨས་སྐྱོན་ཕོག་ཡོད་པའི་བོད་མི་དེ་དག་ནི། རང་ལོ་ ༢༨ ཡིན་པའི་གྲྭ་ཁུ་མིག་ཚུལ་ཁྲིམས་དང་། ལོ་ ༣༡ ཡིན་པའི་ཚ་བ་དུང་ལོ། ནོར་པ་བསོད་ནམས། ནོར་པ་བསོད་རྒྱས། ནོར་པ་བློ་བཟང་མགོན་པོ། ནོར་པ་བདུད་འདུལ། ནོར་པ་འཇམ་དབྱངས་ཤེས་རབ།  ནོར་པ་དབང་ཆེན། ནོར་པ་ཚེ་རིང་རྒྱལ་མཚན།  ནོར་པ་སངས་རྒྱས་རྒྱ་མཚོ། ནོར་པ་རྣམ་རྒྱལ་དོན་འགྲུབ། སུ་རྒྱས་བཀྲ་ཤིས་རབ་བརྟན། རྦ་དག་བསོད་ནམས་འཕྲིན་ལས། སུ་རྒྱས་དགྲ་འདུལ།  རྦ་དག་བཀྲ་ཤིས་ནོར་བུ། གྲྭ་རྦ་དག་བསོད་ནམས་འཕྲིན་ལས། ནོར་པ་རིན་ཆེན་འཕྲིན་ལས།  ཚར་ཆུ་ཁ་བ་ཚེ་དབང།  ལོ་ ༤༠ ཡིན་པའི་གྲྭ་ནོར་པ་ཡེ་ཤེས་རིག་གསལ། ལོ་ ༢༦ ཡིན་པའི་ཀ་པ་འཇམ་དབྱངས། ལོ་ ༢༦ ཡིན་པའི་ནོར་པ་བསྟན་པ། ཚར་ཆུ་ཁ་པ་ཉི་མ། ལོ་ ༤༥ ཡིན་པའི་ལི་ཁོག་འོད་ཟེར། ལོ་༥༠ ཡིན་པའི་ལི་ཁོག་པད་མ་ཆོས་གྲགས། ལོ་ ༢༣ ཡིན་པའི་གྲྭ་རིག་འཛིན་དབང་ཕྱུག ལོ་ ༥༠ ཡིན་པའི་ནོར་པ་གཡུ་ཕྲུག  ལི་ཁོག་ཚེ་རིང་དབང་ཕྱུག  ལོ་ ༤༦ ཡིན་པའི་ལི་ཁོག་རྒྱ་ཤེས་འོད་ཟེར། ནོར་པ་བློ་གྲོས། ལོ་ ༢༧ ཡིན་པའི་ནོར་པ་ཆོས་བཞི། ལོ་ ༤༣ ཡིན་པའི་དགོན་རྙིང་པ་གྲྭ་བསྟན་འཛིན་དར་རྒྱས། འཆི་མེད་བློ་གྲོས། ལོ་ ༢༧ ཡིན་པའི་ནོར་པ་བྱམས་རྣམ། ལོ་ ༣༨ ཡིན་པའི་ནོར་པ་དབང་རྒྱལ། ལོ་ ༥༤ ཡིན་པའི་ནོར་པ་ཡེ་ཤེས་ཚེ་རིང་ངམ་ཡེ་ཚེ། ནོར་པ་བྱམས་པ་དོན་འགྲུབ་བཅས་ལ་རྨས་སྐྱོན་བཟོས་ཡོད་པ་མ་ཟད། ཁོང་ཚོའི་ཁྲོད་ཀྱི་བསྟན་འཛིན་དར་རྒྱས་དང་སུ་རྒྱས་དགྲ་འདུལ། ནོར་པ་ཡེ་ཤེས་ཚེ་རིང་ངམ་ཡེ་ཚེ་བཅས་གསུམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ཛ་དྲག་གི་གནས་སྟངས་འོག་ལྷག་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༧ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧

མཆན། 7

  1. མནར་མེད་པ། says:
    ལོ་ 14 སྔོན།

    དཀོན་མཆོག་ཁྱེན།

    Reply
  2. གདོང་གཡུ་ལོང་། says:
    ལོ་ 14 སྔོན།

    ཛ་དྲག་གི་གནས་སྟངས་འདི་རྒྱལ་སྤྱི་སྒང་ལ་ཡར་ཞུས་བྱས་ཏེ་འདི་ལས་སྐྱོབ་ཐབས་བྱེད་དགོས དེ་མིན་ང་ཚོའི་བོད་མི་མང་བའི་ཚེ་སྲོག་ཤོར་བའི་ཉེན་ཁ་ཆེ
    གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མྱུར་འགན་བླངས་ཏེ་ཛ་དྲག་གི་གནས་སྟངས་དེ་དག་རྒྱལ་སྤྱི་ཐོག་ཡར་ཞུ་དང་རང་དབང་དང་དམངས་གཙོའི་རྒྱབ་ཁབ་ཁག་ལ་རེ་བ་ཞུ་སྟེ ང་ཚོའི་བོད་པ་ཚང་གི་ན་ཟུག་དང་མིག་མཆུ་སྡུག་བསྔལ་དང་འོ་དོད་ཀྱི་འཇིག་རྟེན་འདི་ལ་བདེ་འཇགས་དང་འགྲོ་འདུག་རང་དབང་གི་དྲོད་ཐིགས་ཤིག་སྩོལ་བའི་ནུས་ཤུགས་འདོན་རོགས་ཞེས་ནན་གྱིས་ཞུ་སྟེ་ཛ་དྲག་གི་གནས་སྟངས་འདི་ལས་མྱུར་སྐྱོབ་བྱེད་རྒྱུ་ཕྱོགས་ལ་འབད་བརྩོན་བྱེད་དགོས་སམ

    Reply
  3. ཤིང་ལོ། says:
    ལོ་ 14 སྔོན།

    ད་ཅི་བྱེད་རྩིས་ཡོད་དམ་མགོ་ནག་པ་ཚོ།

    ལམ་དབུ་མའི་སྟེང་ནས་རང་སྲོག་བྱིན།།
    ད་རང་སྐྱོང་ཐོབ་རུང་སྟོང་བ་རེད།།
    བོད་རང་བཙན་རང་ང་མི་སྟེར་ན།།
    རང་སྡུག་ཅིག་ཉོས་ན་ཨེ་སྐྱོབ་བ།།

    Reply
  4. བློ་བཟང་ཕུན་ཚོགས། says:
    ལོ་ 14 སྔོན།

    རྒྱ་ནག་གུང་ཁྲན་སྲིད་གཞུང་ལ་ད་དུང་མི་བསད་པའི་གྲངས་ཀ་ལོངས་མེད་པ་ཡིན་ནམ། གུང་ཁྲན་ཚོགས་པས་ཐོག་མར་རྒྱ་ནག་དབང་འགྱུར་བྱེད་སྐབས། མིང་འདྲ་མིན་ཐོག་ནས་རྒྱ་མི་རིགས་ས་ཡ་མང་བོ་དམར་གསོད་བཏང་ཡོད་ལ། བོད་མི་རིགས་གཙོས་གྲངས་ཉུང་མི་རིགས་ཀྱང་དེ་བཞིན་དམར་གསོད་བཏང་ཡོད། བོད་སོགས་ལ་དྲག་པོས་དབང་འགྱུར་བྱས་ནས་ད་བར་དུ་ཉེས་མེད་མི་སེར་དམར་གསོད་མ་བཏང་བའི་ལོ་ཞིག་ཡོད་ས་མ་རེད། དེས་ཕྱིར་དྲི་བ་འདྲི་རྒྱུ་ཞིག་ལ། ཁྱོད་ཚོས་ཉེས་མེད་མི་སེར་ག་དུས་གསོད་མཚམས་འཇོག་རྒྱུ་ཡིན། དྲི་བ་འདི་ནི་ང་ཚོས་ངེས་པར་ཏུ་གུང་ཁྲན་སྲིད་གཞུང་ལ་འདྲི་དགོས་པ་ཞིག་རེད།

    Reply
  5. བློ་བཟང་རྒྱལ་མཚན། says:
    ལོ་ 14 སྔོན།

    དཀོནམཆོག་མཁྱེན་
    ད་ཡིན་ན་རྒྱ་གོང་འཁྲན་གྱིས་ང་ཚོ་བསྡོད་དུ་ཅུག་་ས་མ་རེད་

    Reply
  6. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    དགྲ་བོའི་ཤན་པ་ལག་དམར་གྱིས། བོད་ལ་དམར་བསོད་གཏོང་བཞིན་པ་རེད། ལོ་ནས་ལོ། ཟླ་བ་ནསཟླ་བ། ཉིན་རེ་ནས་ཉིན་རེ།དམར་བསོད་གཏོང་བཞིན་འདུག སྤུན་ཟླ་གསོད་བཞིན་འདུག རང་རེའི་སྤུན་མཆེད་གསོད་བཞིན་པ་རེད། གཏུབ་བཞིན་འདུག གནར་གཅོད་གཏོང་བཞིན་འདུག བརྒྱ་ཕྲག་གར་སོང་ཆ་མེད། སྤུན་ཟླ་དགྲའི་གདོང་ལ་ཤོར་བཞིན་འདུག རང་སྲོག་མེ་རུ་སྒྲོན་བཞིན་འདུག འོན་ཀྱང་ཡུལ་གྱར་སྤུན་ཟླ། དཔུང་རོགས་ལ་འགྲོ་རྒྱུ་ལས་ལྡོག་སྟེ། ནང་འཁྲུག་རྒྱག་བཞིན་འདུག སྤུན་ཟླ་སྤུན་ཟླའི་ཐོག་ཏུ་ཤོར་བཞིན་འདུག གོ་ས་རྩོད་བཞིན་འདུག ཆོལ་ཁག་དང་ཆོས་ལུགས་རྩོད་བཞིན་འདུག དགྲ་བོར་ངོ་དགའ་དང་སྤྲེལ་ལད་བཤད་བཞིན་འདུག སྤུན་ཟླ་བསད་པའི་ཚོར་སྣང་མེད། སྤུན་ཟླའི་ཁྲག་དྲོན་མ་ཡལ་གོང་། དགྲ་བོ་དང་འཕྲད་བཞིན་འདུག ཡུལ་གྱར་བ་དག་ནང་ཁུལ་ལ་སྤུན་ཟླའི་འདུ་ཤེས་མེད། མི་རིགས་ཀྱི་བསམ་བློ་མེད། རྒྱལ་ཁབ་ཀྱི་ལ་རྒྱ་ག་ལ་ཡོད། རེད་ཡ། ཡུལ་གྱར་ཚོར་བྱས་རྗེས་མེད་པ་མ་རེད། ལ་རྒྱ་མེད་པ་མ་རེད། ཐོབ་གོ་ས་རྩོད་དུས་བྱས་རྗེས་དང་ལ་རྒྱ་ཡོད་རབས་ཀྱི་གཏམ་ཐོས་ན།
    ཚང་མ་ལྷག་བསམ་ཅན་ཤ་སྟག་ཡིན། མ་ཚད་ལྟོ་འགྲངས་དུས་དཔའ་བཤད་མང་པོ་ཡོད། ཚང་མ་དཔའ་བོ་ཁྱུ་ཅིག་ཡིན། ཧི་མ་ལའི་ཕ་རོལ་ན་དགྲ་དམག་གིས་སྤུན་ཟླ་བསད་པའི་ཁྲག་རྒྱུན་དང་མནར་གཅོད་གཏོང་བའི་སྡུག་སྐད། དཔའ་བོ་སོ་སོས་རང་དབང་དང་རང་བཙན་གྱི་འབོད་སྒྲ། ད་དུང་དེ་བས་ཀྱང་འཛམ་གླིང་ན་སུས་ཀྱང་བསམ་མ་ཕོད་པར། རྒྱལ་སྲས་ཀྱི་སྤྱོད་པར་ཞུགས་ཏེ། རང་ལུས་མེ་སྲེག་གི་དོན་རྐྱེན་སོགས་མཚམས་ཆད་རྒྱུ་ལས་ལྡོག་སྟེ་ཉིན་རེ་བཞིན་ཛ་དྲག་གི་གནས་ལ་འགྱུར་བཞིན་ཡོད། ཧི་མ་ལའི་ཚུར་ངོས་ནས་དབུ་ལམ་ཀྱི་ཞི་བདེའི་དབྱིངས་སུ་མཉམ་པར་བཞག་ནས་ཏིང་འཛིན་གཉིད་དུ་ཡུར་ནས་བསྡད་ཡོད་དོ།།

    Reply
  7. ནད་པ says:
    ལོ་ 14 སྔོན།

    བོད་མི་གཅིག་དམར་གསོད་བཏང་བ་དང་གཞན་མི་ ༣༦ རྨས་སྐྱོན་བཏང་བ་དེ་ཉུང་ཉུང་ཞེ་དྲག་རེད།

    སྔོན་མ་དྲུག་བཞིའི་དོན་རྐྱེན་སྐབས་སུ་བློ་རིག་བཀྲ་བའི་སློབ་ཕྲུག་སྟོང་ཐང་ཆེན་ཐོག་དམར་གསོད་བཏང་མྱོང་ཡོད།

    ད་བོད་རིགས་སྤུན་ཟླ་ཚོའི་སོ་སོའི་བདེ་འཇགས་ལ་དོ་སྣང་དང་ཚེ་སྲོག་ལ་གཅེས་སྤྲད་བྱེད་དགོས་པ་དེ་གལ་ཆེའི་ཐབས་ཇུས་ཀྱི་འགྲོ་ལམ་ཞིག་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese