དེ་རིང་བོད་ནང་གི་ཆུ་ཚོད་ ༢ ཙམ་ལ་རྔ་པ་ཁུལ་འཛམ་ཐང་རྫོང་བར་མ་ཞང་གི་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་སྐབས། རྒྱ་ནག་ཉེན་རྟོག་པ་དང་དམག་མིས་མེ་མདའ་བརྒྱབ་སྟེ་བོད་མི་ཚོར་ཤི་རྨས་ཚབས་ཆེན་ཐེབས་ཡོད་པ་དང་། ཕྱི་དྲོའི་རྒྱ་གར་གྱི་ཆུ་ཚོད་ ༧ ཙམ་ལ་བར་མ་ཞང་ཐོག་ཏུ་འཛུ་སྟོད་སྨད་གཉིས་ཀྱི་བོད་མི་ཆིག་ཁྲི་ ༡༠༠༠༠ ལྷག་འཛོམས་ཏེ་གནས་ཚུལ་ཛ་དྲག་ཆགས་ཡོད་འདུག
ད་ལྟ་རང་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ་རྔ་པ་ཁུལ་འཛུ་སྟོད་འཛམ་ཐང་བར་མ་ཞང་ཐོག་ཏུ། རི་སྤུངས་ནོར་མོའི་བུ་ཐར་པ་ཞུ་བས་སྦྱར་ཡིག་ཅིག་བཀྲམས་ཏེ། ད་བར་མི་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་བོད་ལ་རང་དབང་དགོས་པ་དང་། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུའི་ཆེད་ཡིན་པ། དམིགས་ཡུལ་དེ་མ་འགྲུབ་བར་དུ་ང་ཚོ་བོད་མི་ཚོས་ལས་འགུལ་མཚམས་འཇོག་མི་སྲིད་སྐོར་སོགས་བཀོད་ཡོད་ཅིང་། སྦྱར་ཡིག་གི་མཇུག་ཏུ་ཡི་གེ་དེ་སྦྱར་མཁན་ཐར་པ་ཁོ་རང་ཡིན་པའི་མིང་ཁ་གསལ་བཀོད་ཡོད་པ་མ་ཟད་ཁོང་གི་འདྲ་པར་ཡང་བཀོད་དེ། ཁྱེད་རྒྱ་གུང་ཁྲན་འཛིན་བཟུང་བྱེད་དུ་ཤོག་ཅེས་བྲིས་ཡོད་འདུག
ཉིན་རྒྱབ་བོད་ནང་གི་དུས་ཚོད་ ༢ ཙམ་ལ་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་མང་པོ་འབྱོར་ཏེ་རི་སྤུངས་ནོར་མོ་ཚང་བསྐོར་ཏེ་ཐར་པ་ཟེར་བ་ཁོང་འཛིན་བཟུང་གིས་བཙན་ཁྲིད་བྱེད་སྐབས། ས་གནས་བོད་རིགས་མི་མང་གིས་ནུས་ཤུགས་ཡོད་དགུས་བཀག་འགོག་བྱས་ཤིང་། དེ་དང་མཉམ་དུ་ངོ་རྒོལ་སྐད་འབོད་དང་། གལ་སྲིད་ཐར་པ་བཟུང་ཚེ་བོད་མི་ཚང་མས་ཡར་ལངས་རྒྱག་རྒྱུ་ཡིན་ཚུལ་སོགས་བརྗོད་སྟབས། ཉེན་རྟོག་པས་མི་མང་ཐོག་མེ་མདའ་སོགས་དྲག་ཆས་བེད་སྤྱོད་བཏང་སྟེ། གནས་ཚུལ་ཡོང་ཁུངས་ཀྱིས་བརྗོད་ན། མི་གཅིག་སྐབས་དེ་རང་དུ་འདས་གྲོངས་སུ་གྱུར་ཡོད་པ་དང་། གཞན་མི་མང་རྨས་སྐྱོན་ཕོག་ཡོད་ཀྱང་། ཁོང་རྣམས་ཀྱི་མིང་དང་ས་གནས་སོགས་ད་སྔ་ཤེས་རྟོགས་ཐུབ་མི་འདུག
ད་ལྟ་འཛམ་ཐང་ཉེ་འཁོར་གྱི་བོད་རིགས་ཧ་ཅང་ཕོན་ཆེན་པོ་འཛོམ་བཞིན་ཡོད་ཅིང་། དོ་ནུབ་རྒྱ་གར་གྱི་ཆུ་ཚོད་ ༧ ཙམ་ལ་བར་མ་ཞང་ཐོག་ཏུ། འཛུ་སྟོད་འཛུ་སྨད་སོགས་ཀྱི་ས་གནས་མང་པོ་ནས་མི་མང་ཆིག་ཁྲི་ ༡༠༠༠༠ ཡས་མས་འདུ་འཛོམས་བྱུང་ཡོད་པ་དང་། ད་དུང་ས་གནས་མང་པོ་ནས་མི་མང་བར་མ་ཞང་དུ་འདུ་བཞིན་ཡོད་འདུག
གཞན། ཕྱི་ཚེས་ ༢༣ ཉིན་ཏེ་ལོ་གསར་ཚེ་གཅིག་ཉིན་རྔ་པ་རང་སྐྱོང་ཁུལ་འཛམ་ཐང་རྫོང་འཛུ་སྨད་ན་མདའ་ཞང་ཐོག་ནས་སྐྱ་སེར་ཕོ་མོ་གཅིག་སྟོང་ལྷག་གིས་མར་མེ་ཁྲོམ་སྐོར་བྱས་ཤིང་། སྐབས་དེར་ལས་འགུལ་སྣེ་ཁྲིད་པས་ལོ་གསར་གྱི་ཉིན་མོ་འདི་ནི་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་རྗེས་དྲན་ཞུ་བའི་ཉིན་མོ་ཞིག་ལས་དགའ་སྤྲོས་ཁེངས་པའི་ཉིན་མོ་ཞིག་མིན་ཚུལ་དང་། རང་ལུས་མེར་བསྲེགས་གཏོང་མཁན་དཔའ་བོ་དཔའ་མོ་རྣམས་རེ་རེ་བཞིན་མི་མང་ལ་ངོ་སྤྲོད་དང་བཅས་གཏམ་བཤད་གནང་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པ། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།
བོད་ནང་འདི་འདྲ་རེད་སྙིང་རྗེ། བཙན་བྱོལ་བའི་གཞུང་འཛིན་མི་སྣ་འདི་དག་ལ་གཅིག་ལྟོས་དང་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་གཡོན་ལྷུང་ཁོ་ནས་རུལ་བཞིན་འདུག གཞིས་ལུས་རྒྱ་ཆེ་མི་མང་གིས་བློ་གཏད་ས་འདི་ཚོའི་ཐབས་སྐྱོ་བ་ལ།
གདོང་དམར་སྤུན་ཟླ་ཚོ་ད་མ་ལངས་རོགས་གྱོང་རང་རེད། མི་ལུས་ཆུད་སོན་རེད་བོད་སྤྱིའི་མཐུན་ལས་ངན་དེ་ལྡོག་ཐབས་ཡོད་མ་རེད། རྒྱ་མིའི་སྡུག་རྩུབ་ལ་གཟིགས། བཙན་འབྱོར་བོད་མིའི་གནས་སྟངས་ལ་གཟིགས་དང་། གཞིས་ལུས་བོད་པ་རྣམས་རྒྱ་མིའི་ལག་དམར་ལ་རྩིས་སྤྲད་ཡག་གི་གནས་ཚུལ་བཟོ་འདྲ་བོ་མ་གཏོགས། ཕན་ཐོགས་ཡོད་པས་ལས་འགུལ་སྣ་གཅིག་སྤེལ་ཐུབ་ཀྱི་མེད་པ་འདི་རེད། དེ་ལས་ད་ནི་འགྲོ་མཁས་འདུག་མཁས་བྱས་ནས་བཞུགས་ན་ཡག་ཤོས་རེད། སྤྱིའི་རྒྱ་ནག་ལ་འགྱུར་ལྡོག་ཤིག་མ་བྱུང་ན་བྱ་ཐབས་མེད །།
ཀྱེ་མ། ཡུལ་གྱར་བ་ཚོ། ལངས་ཤོག གཞུང་འབྲེལ་དང་གཞུང་་འབྲེལ་མིན་པའི་ཚོགས་ཁག་ལོངས་ཤོག་ཡ། ང་ཚོ་མི་དམངས་གིས་ནམ་ཡང་གྲྭ་སྒྲིག་ཨང་གསར་ཡོད་ཞུ་རྒྱུ་ཡིན།
འཛམ་ཐང་གི་ཛ་དྲག་གནས་ཚུལ་འདིས་ང་རེ་བ་དང་ཆོད་སེམས་གསར་པ་ཅིག་སླེབས་སོང་། བོད་བཞུགས་བོད་མི་ཚོས། མཉམ་རུབ་ཀྱིས་ལས་འགུལ་འདི་ལྟ་བུ་སྤེལ་དགོས་པ་ལས། རང་སྲོག་གཅོད་པའི་ལས་འགུལ་དུས་ནམ་ཡང་སྤེལ་དགོས་ཡོད་མ་རེད།
ད་ནི་ས་ནས་དེ་ནས་བོད་རྒྱ་ཕྲག་དང་། སླར་ཡང་ཁྲི་ཕྲག་ལངས་ནས་རྒྱབ་སྐཡོར་དང་། ཉེ་འགྲམ་ནམ་འབུམ་ཕྲག་དང་། བོད་ས་ཡོངས་ནས་ས་ཡ་དང་ས་ཡ་བརྒལ་ནས་ཞི་བིའ་ངོ་རྒོལ་མཐར་ཕྱིན་པ་བྱེད་དགོས་འདུག་ལགས།
འདི་འདྲའི་གནས་ཚུལ་ཛ་དྲག་ཆགས་ན་ཡང་། བཀའ་ཁྲི་བློ་སེང་གིས་ད་དུང་རྒྱ་ཇག་ཚོ་ལ་སྤྲེལ་ལད་འཁྲབ་ཀྱི་འདུག དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ངོས་སུ་བཀོད་པའི་བཀའ་ཁྲིའི་བསྒྲགས་གཏམ་ནང་་་༼བྱེད་བབ་འདི་རིགས་ཀྱིས་རྒྱལ་སྤྱིའི་ནང་རྒྱ་ནག་གི་བཟང་སྤྱོད་ལ་སྔར་བས་དྭོགས་པ་ཆེ་རུ་དང༌། ཆ་འཇོག་འཐོབ་པར་འགོག་རྐྱེན་བཟོས་ཀྱི་ཡོད་༽ཅེས་བཤད་འདུག ཁོང་གིས་མཐོང་བའི་རྒྱ་ནག་གི་བཟང་སྤྱོད་དེ་གང་ཡིན་ནམ། ཡང་། ཁོང་གིས་བསྒྲགས་གཏམ་དེ་བོད་དང་རྒྱ་ནག་གཉིས་ཁྱིམ་ཚང་གཅིག་ཡིན་ཚུལ་གཞིར་བཞག་བྱས་ཏེ་སྤེལ་འདུག་ག ད་ལྟ་ཞི་རྒོལ་གནང་མཁན་གྱི་བོད་རིགས་ཚོའི་ཁ་གཡང་ལ་ཉན་ཞིབ་གཏན་ནས་བྱས་མི་འདུག
རང་དབང་ཟེར་བ་འདི་རྩོད་དུས་ཚེ་སྲོག་གི་འགྲོ་སོང་མང་པོ་ཞིག་དགོས་རབས་ཡོད། རང་དབང་ཆེད་ད་རུང་ཚེ་སྲོག་འབུལ་མཁན་ཡོད་ན་གཅིག་རྗེས་གཉིས་མཐུད་བྱོས། ག་ཚོད་མང་ན་དེའི་ཚོད་ཀྱིས་ཇེ་གསལ་ཇེ་གསལ་ཡིན་ནི་རེད། ངོ་མ་བཟང་གི
ད་ལམ་དགོས་ངེས་པ་རྒྱ་ནག་ལ་གྲོས་མོ་བྱེད་རྒྱུ་དེ་རེད་་་་་གྲོས་མོ་མ་བྱས་ན་འབྲས་བུ་གང་ཡང་ཡོངས་གི་མ་རེད་་་་ཁ་སྔོན་དབྱིན་ལན་གསར་ཤོག་ནང་་་་་(བོད་ནང་ནས་མི་མང་པོ་མེ་བསྲེགས་གཏང་སོང་་་་ཡིན་ཡང་དེ་རྒྱ་ནག་གིས་ཏ་ལའི་བླ་མ་རེད་ཟེར་་བཙན་བྱོས་འདི་ཚོས་རྒྱ་ནག་རེད་ཟེར་་་ཕན་ཚུན་སྐྱོན་བརྗོད་འདྲ་བྱས་ནས་སྡོད་པ་ལས་མེ་བསྲེག་གཏང་མཁན་དེ་ཚོ་ལ་ཕན་ཐོགས་གང་ཡང་བྱུང་མེད་)་ཅེས་བརྗོད་ཡོད་་་་དངོས་གནས་བདེན་པ་འདྲ་བོ་རེད་ཕྱི་སྡོད་བོད་མི་འདི་ཚོས་ཕན་ཐོག་གང་ཡང་བྱེད་མི་ཐུབ་པ་འདྲ་་་་་་གལ་སྲིད་རྒྱ་ནག་དང་གྲོས་མོལ་བྱེད་སའི་ཐབས་ལམ་ཅིག་མ་བཙལ་ན་ཕྱི་ལོག་ནས་སྐྱོན་བརྗོད་བྱས་པ་ཕན་མི་ཐོག་པ་མི་ལོ་ལྔ་བཅུ་ལྷག་ཙམ་གྱིས་མྱོང་བས་ཤེས་གྱི་ཡོད་་་་དེ་ན་ད་ལམ་སྲིད་བློན་བློ་བཟང་སེང་གེ་་་ཁཽང་རང་ཕེབས་ཐུབ་ན་མ་གཏོགས་གཞན་རེ་བ་དང་ཐབས་ཤེས་ཡོད་མ་རེད་་་སྔོན་མའི་སྐུ་ཚབ་དེ་ཚོས་འབྲས་བུ་སྣེ་ཅིག་མ་ཐོན་པར་་་ད་དུང་རེ་བ་མེད་ཚུལ་མང་པོ་ཞིག་བཤད་ནས་བོད་ཕྱི་ནང་གཉིས་ཀ་སེམས་ཤུགས་ཉམས་པ་བཟོས་ཡོད་པས་མ་ཕེབས་རོགས་ཞུ་་་་་་་དེ་ན་བློ་བཟང་སེང་གེ་རང་ཕེབས་དགོས
བོད་ནང་གི་མི་སེར་རྣམས་ཀྱི་དཀའ་ངལ་གཟིགས་ནས་ཁྱེད་ངེས་པར་ཕེབས་ཐུབ་གནང་རོགས་་་་་་་་ཐུགས་རྗེ་གཟིགས་་
མ་གཞི་ནས་བོད་ཀྱི་ལས་དབང་དེ་རྒྱུ་འབྲས་གོ་ལྡོག་ཡིན་པ་འདྲ་བོ་འདུག
ད་དུང་བླ་སྤྲུལ་དང་དགེ་འདུན་པ་དེ་ཚོས་རང་སྲོགས་བློས་གཏོང་ནས་བོད་དོན་འཐབ་རྩོད་བྱེད་ནས་གཅིག་འབར་གཉིས་འབར་རེད། བཀའ་ཁྲིར་གཙོས་པའི་བཙན་བྱོལ་སྤྱི་ཚོགས་ནང་ལས་བྱེད་པ་དང་མི་སྐྱ་དེ་ཚོས་ཞལ་འདོན་བྱེད་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནང་ལྷོད་ལྷོད་བྱེད་ནས་བཞུགས་འདུག
དེ་མིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ཁ་གཡང་རེ་བསྒྲོགས་ནས་རང་སྲོགས་བློས་བཏང་བྱེད་པའི་རྒྱལ་གཅེས་དཔའ་བོ་དེ་ཚོས་མིང་དེ་ཁྱེར་ནས་འཛམ་གླིང་འདིའི་སྒང་ལ་ཞལ་འདེབས་བསྡུ་ཅི་ཐུབ་བྱེད་ནས་བཞུགས་འདུག
དངོས་གནས་གཞིས་ལུས་མི་མང་གིས་སྡུག་པོ་མྱངས་སོང་། ད་ཅི་དྲག རྒྱ་འདྲེ་འདི་ཚོ་འཛམ་གླུང་གི་ཁྲིམས་ཁང་ལ་གཏུགས་རྒྱུ་མེད་པ་ཡིན་ནམ། ས་དམ་ཧོའུ་སན་དང་ས་དྷ་མོའུ་སོགས་ཀྱིས་ཀྱང་ད་ལྟའི་རྒྱ་དམར་སྲིད་གཞུང་གིས་བོད་མི་དམར་གསོད་གཏོང་གི་ཡོད་པ་ལས་ཤིག་བྱས་ཡོད་མ་རེད། དེ་ལ་ཨ་རི་དང་དབྱིན་ཇི། ཧྥ་རན་སི་སོགས་ཀྱིས་ཐེ་གཏོགས་དང་དམག་རོགས་སོགས་གང་འདྲ་བྱས་སོང་། ང་ཚོར་དེ་འདྲ་ཕར་ཞོག་གསར་ལམ་ཁག་གིས་ཀྱང་མ་ཐོས་པའི་ཚུལ་གྱིས་འཇོག་འདི་ཅི་ཡིན་ནམ། ང་ཚོས་ངེས་པར་འདིའི་ཕྱོགས་ལ་ཡང་དོ་སྣང་བྱེད་དགོས་ཀྱི་འདུག རྒྱལ་སྤྱིའི་ཁྲིམས་ཤེས་མཁན་རྣམས་ཀྱིས་རྒྱ་དམར་རྒྱལ་སྤྱིའི་ཁྲིམས་ལ་གཏུགས་རོགས། ཁྲིམས་ལུགས་མཁས་དབང་བཀའ་ཁྲི་བློ་སེང་མཆོག་གིས་ཁྲིམས་ལུགས་སྦྱངས་པའི་ལག་རྗེས་དེ་ད་ལྟ་འཇོག་པའི་དུས་ལ་སླེབས་འདུག ད་དངོས་གནས་ཡང་མིན་ན་རྫ་མ་གཅོག་དགོས་འདུག ཡང་མིན་ན་ལག་པ་བསྲེག་དགོས་འདུག དཔའ་བོ་བྱེད་རྒྱུ་དང་སྲོག་ལ་གཟབ་གཉིས་ཀ་ཡོང་ཡག་ཁོ་རང་མི་འདུག ཚང་མས་ཐུགས་བསམ་བཞེས་རོགས།
བོད་ནང་གི་དེང་དུས་ཛ་དྲག་གི་གནས་སྟངས་དང་། གཞིས་ལུས་མི་མང་གི་དམིགས་འདུན་ལ་སྙིང་སྟོབས་སོགས་ལ་བལྟས་ན། ད་ལོ་ཡང་ཞི་རྒོལ་ཆེན་ནང་བཞིན་མི་ཡོང་པའི་ངེས་པ་མི་འདུག་སྙམ། དེས་ན་ང་ཚོ་བཙན་བྱོལ་གཞུང་མང་ཚོགས་སྡེ་གང་ཡིན་ནས་གཙིགས་འཛིན་དང་གྲ་སྒྲིག་ཡོད་པའི་སྒོ་ནས། དུས་ཐོག་གནད་སྨིན་གྱི་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པའི་ལས་འགན་དང་དྲིལ་བསྒྲགས་ངེས་སྤེལ་ཐུབ་དགོས། དེ་ང་ཚོའི་འགན་རེད་ལ་ལྷག་པར་གཞིས་ལུས་སྤུན་ཟླ་ཚོས་ང་ཚོར་བཅོལ་བའི་ལས་དང་དང་བཅངས་པའི་རེ་བའང་རེད།
གལ་ཏེ་ང་ཚོ་བཙན་བྱོལ་པས་དེ་ལྟར་མི་ནུས་ན་བསྔོ་སྨོན་མཆོད་འབུལ་དང་འབོད་སྐུལ་ཙམ་གྱིས་བོད་དོན་ཆེད་གཤེགས་ཟིན་དང་མ་ཟིན་པའི་རྒྱལ་གཅེས་དཔའ་བོ་ཚོའི་དམིགས་འདུན་འགྲུབ་མི་ཐུབ་ལ། གཞིས་ལུས་བོད་རྒྱ་ཆེའི་མི་མང་གིས་བོད་རྒྱལ་ཁབ་ཆེན་པོའི་ངོ་ཚབ་བཙན་བྱོལ་བོད་གཞུང་ལ་འཛིན་པའི་ཡིད་ཆེས་དང་རེ་བའང་རྒྱུན་གནས་སྲ་བརྟན་ཡོང་ག་ལ་ཐུབ། རབ་བྱུང་ན་སྔར་ཉིས་སྟོང་བརྒྱད་ལོའི་ཛ་དྲག་ཚོགས་ཆུང་ལྟ་བུའི་ལས་འགུལ་ཚོགས་ཆུང་ཞིག་ཆེད་དུ་རྩ་་འཛུགས་བྱས་ནས་རྒྱལ་སྤྱིའི་ཐོག་ནུས་པ་ཐོན་པ་ཞིག་ངེས་པར་བྱེད་དགོས།
གང་ལྟར་དོན་ཕན་ནུས་ལྡན་གྱི་ལས་འགུལ་ཞིག་སྤེལ་མི་ཐུབ་ན། ནམ་ཞར་ལྟར་གྱི་ཁ་གཡང་དེ་བསྐྱར་དུ་སྒྲོགས་པ་ལས་བོད་བཙན་བྱོལ་གཞུང་གི་རང་མདོག་དངོས་གནས་དེ་གཞིས་ལུས་མི་མང་ལ་ཇི་མ་ཇི་བཞིན་བསྟན་ན་མི་བཟང་ངམ།
ཨོ། གཞིས་ལུས་རྒྱ་ཆེའི་མི་དམངས་ཚོ་དངོས་གནས་སྙིང་སྟོབས་དང་ཆིག་སྒྲིལ་ལ་ཧ་ལས་སོང་། ད་ཡིན་ན་རང་དབང་ལུང་པའི་ནང་ཡོད་པའི་བཙན་བྱོལ་གཞུང་དམངས་རྣམས་ཀྱང་རང་མགོ་གང་ཐོན་གྱི་སྒེར་དོན་རིགས་མཚམས་བཞག་ནས། གཞིས་ལུས་རྒྱ་ཆེའི་མི་དམངས་ཚོ་དང་ཤ་རུས་གཅིག་པའི་སྤུན་ཟླ་ཡིན་ན། ད་གཅིག་བྱེད་རན་སོང་ཡ།
ད་ནི་ང་ཚོས་རང་ཉིད་བཙན་པོའི་གདུང་རྒྱུད་ཡིན་པའི་དཔང་བོ་འཛམ་གླིང་ལ་བཞག་སོང་། ད་ནི་ང་ཚོས་རང་ཉིད་གསོན་ཐག་ཆོད་པའི་ངོ་གདོང་མི་ཡུལ་ལ་བསྟན་སོང་། ཉིན་འདི་གར་སྐད་ངག་ལྐུགས་པར་གྱུར་ཞིང་མགྲིན་པ་ཡིད་ནས་བརྣངས་པ། མིག་ཆུ་ཤམ་ཤམ་བཞུར་རྒྱུ་འདུག་པའི་དྲ་ངོས་ཀྱི་གསར་འགྱུར་དང་བོད་ནང་གི་གནམ་ས་གོ་འབྱེད་ཀྱི་ལས་འགུལ་འདིས་ཅི་འདྲའི་རང་མི་རིགས་འདིར་སྙིང་སྟོབས་དང་སྤོབས་པ་ཞིག་ཡོད་པ་ཚོར་རེ། 1949ལོ་ནས་1984ནང་བར་བོད་རང་དབང་འཐབ་རྩོད་ཆེད་བོད་མི་འབུམ་བཅུ་གཉིས་ཀྱི་ཚེ་སྲོག་ཤོར་བ་ནི་བོད་མིའི་མི་གྲངས་ཁྱོན་ལས་བཞི་ཆ་གཅིག་ཟིན་པ་སྟེ་མིའི་རིགས་ཀྱི་འཐབ་རྩོད་ཁྲོད་དུ་མི་རིགས་ཤིག་གི་བཞི་ཆ་གཅིག་དུས་ཡུན་ཐུང་ཐུང་འདི་འདྲ་ཞིག་གི་ནང་དུ་ཚེ་སྲོག་ཤོར་བ་ཧ་ལམ་མཐོང་དཀའ་ཚོད་རེད་ལ། ལྷག་པར་རང་ལུས་མཆོད་མེར་ཕུལ་ནས་འཐབ་རྩོད་བྱེད་མཁན་འཛམ་གླིང་ལ་ཟིན་ཐོ་འདི་འདྲ་འགོད་མཁན་མི་རིགས་གང་ལའང་བྱུང་མེད།
དཔྱད་རྩོམ་པ་ཞིག་གིས་ད་ལྟའི་རྔ་བ་གནས་སྟངས་ནི་དུས་རབས་ཉེར་གཅིག་པའི་ལྷ་ས་དང་གཅིག་མཚུངས་རེད་ཟེར་བཀོད་འདུག་པ་བདེན་པ་རེད་འདུག ངོ་མ་ང་ཚོ་བཙན་བྱོལ་ནང་དུ་ཡོད་པ་རྣམས་ཀྱིས་གང་བྱེད་དགོས་པ་ཡང་མི་ཤེས་འདུག ལས་འགུལ་གྱི་ཐབས་བྱུས་གང་བསྟན་དགོས་སམ། ངོ་རྒོལ་སྐད་འབོད་གཅིག་པུས་མི་ཕན། གཞུང་འབྲེལ་ཁག་ལ་འབོད་སྐུལ་གཅིག་པུས་མི་ཕན། ཐབས་གཞན་ཨེ་འདུག་ལྟོས་དང་།
ཁ་དང་ཁུ་ཚུར་ཁྱེར་དང་གཏུག་གི་འགྲོ།།
ཆོས་དར་རྒྱལ་དར་ཟུངས་དང་གཤར་གྱི་འགྲོ།།
བྱང་ཆུབ་སེམས་མཆོག་སྐྱོར་བཞིན་ནང་ལ་འགྲོ།།
པར་ཡིག་སྣ་མང་རང་སྒོར་སྦྱོར་དུ་འགྲོ།།
དཀོན་མཆོག་གསུམ་པོ་མཁྱེན། བོད་མིའི་ལས་དབང་ལ་གཟིགས་ཤིག བོད་ནང་གི་ཛ་དྲག་གནས་ཚུལ་འདི་འདྲ་ཡིན་ལ། བོད་ནང་གི་བོད་མི་ཚོའི་སེམས་ཤུགས་དེ་ངར་ལྕགས་ཤིག་དང་འདྲ་བར་བཙན་གནོན་བྱས་ཀྱིན་ཇེ་ངར་རེད། མཐུན་སྒྲིལ་རྡོག་རྩ་ཇེ་སྒྲིལ་རེད། དུས་འདི་འདྲར་གྱུར་དུས་བཙན་བྱོལ་བ་ཚོས་ཀྱང་མི་སྒེར་གྱི་གནད་དོན་འཁྲུལ་མེད་ཡིན་པའི་ཆོས་ལུགས་དང་ཆོས་རྒྱུད་དག་གི་ཁེ་ཕན་ཟུར་དུ་བཞག་ནས་མི་རིགས་ཤིག་གི་བདེ་སྡུག་དང་མ་འོངས་པའི་ཆེད་དུ་ལོངས་ཤོག་་་་་་ཡ། རང་དབང་ལུང་པ་དག་ཏུ་འཚོ་ཞིང་གནས་པའི་་་་་་གདོང་དམར་ཚང་གི་རྩམ་ཟན་ཚོ།
དགྱ་རྒན་ཚང་གི་ཨ་བ་ཨ་མ། ད་ཚོ་བཙན་བྱོལ་གཞུང་དམངས་གཉིས་ཀ་ཅིག་འཕག་དགོས་ས་རེད།