མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ཟླ་ ༢ ཚེས་ ༨ ཉིན་བཙན་བྱོལ་བོད་མི་ཚོས་ཉིན་བརྒྱ་དུས་གཅིག་གི་ལས་འགུལ་སྤེལ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཛ་དྲག་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ཕྱི་ཟླ་
 ༢ ཚེས་ ༨ ཉིན་བཀའ་སྤྱི་གཉིས་ཀྱིས་དབུ་ཁྲིད་པའི་བཙན་བྱོལ་བོད་མི་ཡོངས་ཀྱིས་ཉིན་བརྒྱ་དུས་གཅིག་ལ་ཟས་བཅད་སྙུང་གནས་གནང་རྒྱུ་ཡིན་འདུག

དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ པའི་སྟེང་དབུས་བོད་མི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་རྣམ་གཉིས་ཀྱིས། ད་ལྟའི་བོད་ནང་གི་གནས་སྟངས་ཐོག་ཛ་དྲག་གི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

ཐོག་མར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཉེ་ལམ་བོད་ཀྱི་ཁམས་བྲག་མགོ་རྫོང་དང་། གསེར་རྟ། རྔ་པ། མགོ་ལོག་བཅས་སུ་རྒྱ་དམག་གིས་བོད་མི་དམར་གསོད་དང་འཛིན་བཟུང་བྱས་པའི་ལོ་རྒྱུས་སྐོར་ངོ་སྤྲོད་གནང་སོང་ལ། དེའི་རྗེས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ༡༩༤༩ ལོ་ནས་ད་བར་རྒྱ་དམར་གྱིས་བོད་མི་དམར་གསོད་དང་དགོན་སྡེ་གཏོར་བཤིག ཆོས་དང་རིག་གཞུང་རྨེག་མེད་དུ་བཏང་བའི་ལོ་རྒྱུས་སྒྲོག་སྦྱང་དང་། ལྷག་པར་དུ་ ༢༠༠༩ ལོ་ནས་ ༢༠༡༢ ལོའི་ལོ་མགོ་བར་བོད་མི་ ༡༧ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་སྟངས་སྐོར་ངོ་སྤྲོད་གནང་བྱུང་།

སྤྱི་འཐུས་ལྷན་ཚོགས་ཀྱི་གསལ་བསྒྲགས་ནང་འཁོད་དོན། “ རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྐབས་ཏེ། ༢༠༡༢ ལོའི་ཟླ་ ༡ ཚེས་ ༢༣ ཉིན། བོད་ཀྱི་བྲག་འགོ་རྫོང་དུ་མང་ཚོགས་ཀྱིས་ངོ་རྒོལ་ཁྲོམ་སྐོར་བྱས་སྐབས་རྒྱ་གཞུང་གི་དྲག་ཆས་མི་སྣས་མེ་མདའ་གང་བྱུང་བརྒྱབ་སྟེ། བོད་མི་ནོར་པ་ཡོན་ཏན་དང་གེ་འཕེན་ལོ་བརྒྱ་ཚང་གི་བུ་གཉིས་དམར་གསོད་བཏང་བ་དང་། གཞན་བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད། ཕྱི་ཚེས་ ༢༤ ཉིན་གསེར་རྟ་རྫོང་དུ་མི་མང་གིས་ངོ་རྒོལ་སྐད་འབོད་བྱས་སྐབས། རྒྱ་ནག་ཉེན་རྟོག་པ་དང་དམག་མིས་མང་ཚོགས་ཁྲོད་མེ་མདའ་བརྒྱབ་སྟེ། དབོན་བཟའ་སྡེ་བའི་པོ་པོ་དང་། ཤོ་རེབ་གྲོང་ཚོའི་ཟླ་བ་གྲགས་པ་གཉིས་དམར་གསོད་དང་། བོད་མི་བཅུ་ཕྲག་འགའ་ལ་རྨས་སྐྱོན་ཕོག་ཡོད། དེ་བཞིན། རྔ་བ་རྫོང་དང་། འཛམ་ཐང་རྫོང་། འབར་ཁམས་རྫོང་། པད་མ་རྫོང་གི་མང་ཚོགས་ཀྱིས་ཞི་བའི་སྒོ་ནས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱས་སྐབས་བོད་མི་མང་པོ་ཞིག་འཛིན་བཟུང་བཙན་ཁྲིད་བྱས་འདུག ཕྱི་ཚེས་ ༢༦ ཉིན་འཛམ་ཐང་རྫོང་བར་མ་ཤང་དུ་ཞི་རྒོལ་སྐབས། རྒྱ་ནག་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ། བར་མ་ཤང་བཤོས་མདའ་སྡེ་བའི་ཕ་སྤོས་ཐར་གྱི་བུ་ལོ་ ༢༠ ཅན་གྱི་ཨོ་རྒྱན་དམར་གསོད་དང་། བོད་མི་སྐོར་ཞིག་ལ་རྨས་སྐྱོན་ཕོག་ཡོད” ཅེས་འཁོད་འདུག

གསལ་བསྒྲགས་དེར་མུ་མཐུད་དུ་འཁོད་དོན། “ རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན། ཁམས་པའི་བརྙན་འཕྲིན་སོགས་བོད་སྐད་འཕྲིན་ལམ་ཁག་ཏུ་བོད་མི་ཚོས་རྒྱའི་ལོ་གསར་དགའ་སྟོན་ལ་རོལ་བཞིན་པའི་རྣམ་པ་མངོན་ཐབས་བྱེད་བཞིན་པའི་སྐབས་སུ། ལུགས་རྙིང་གི་ལོ་ཐོ་དར་སའི་མདོ་ཁམས་ཀྱི་ཡུལ་སྡེ་ཁག་ཏུ་ལོ་གསར་གྱི་དུས་ཆེན་སྲུང་བརྩི་མ་བྱས་པར། རྣམ་པ་ཅི་རིགས་ཐོག་རང་ལུས་མེར་བསྲེགས་གཏོང་མཁན་དཔའ་བོ་དཔའ་མོ་ཚོར་གདུང་སེམས་མཉམ་སྐྱེད་བྱས་ཡོད་ ” ཅེས་འཁོད་འདུག

མུ་མཐུད་དུ།  “ ལྕགས་ཡོས་ལོར་རང་ལུས་མེར་བསྲེགས་གཏོང་མཁན་གྱི་འདས་གསོན་དཔའ་བོ་དཔའ་མོ་རྣམས་དང་། རྒྱ་ནག་ལོ་གསར་སྐབས་ཀྱི་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་བའི་འབོད་ཚིག་དག་ནི། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག  བོད་ལ་རང་དབང་དགོས་ཞེས་པ་དེ་ཡིན་ཞིང་། ཁོང་རྣམས་ཀྱི་བློས་གཏོང་ཆེན་པོའི་ལས་འགུལ་དེར་སྐབས་དུས་སོ་སོར་༧གོང་ས་མཆོག་དབུ་བཞུགས་ཐོག་བོད་ཀྱི་བླ་ཆེན་ཚོས་བསྔོ་སྨོིན་མཆོད་འབུལ་གནང་ཡོད་ལ། བཀའ་སྤྱི་ཐུན་མོང་གི་གོ་སྒྲིག་འོག་གཞུང་འབྲེལ་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་ཏེ་རྒྱལ་སྤྱིའི་ནང་ཞུ་སྐུལ་རིམ་པར་བྱས་ཡོད། ཨ་རི་དང་ཡུ་རོབ་གྲོས་ཚོགས། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་གསལ་བསྒྲཊ་དང་། གྲོས་ཆོད་འཇོག་པ། གྲོས་ཚོགས་སུ་བགྲོ་གླེང་། རྒྱ་གཞུང་ལ་དྲག་གནོན་མཚམས་འཇོག་དགོས་པའི་གསལ་འདེབས་བཅས་གནང་ཡོད་ལ། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱ་རིགས་དམངས་གཙོ་དོན་གཉེར་བའི་ཚོགས་པ། རྒྱ་བལ་འབྲུག་གཙོས་བོད་མི་གནས་ཡུལ་ཁག་དང་། དྲང་བདེན་ལ་དགའ་བའི་མི་སྒེར་བཅས་ཀྱིས་རྒྱབ་སྐྱོར་གནང་ཡོད ” ཅེས་འཁོད་འདུག

སྤྱི་འཐུས་ལྷན་ཚོགས་ཀྱིས་ཛ་དྲག་ལས་འགུལ་ཁག་ཅིག་སྤེལ་འཆར་ཡོད་པ་ནི། གཅིག སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་གཙོས་སྤྱི་འཐུས་རྨོག་རུ་བསྟན་པ་དང་། སྤྱི་འཐུས་འཇམ་དབྱངས་བཟོད་པ།  སྤྱི་འཐུས་འཇུ་ཆེན་དཀོན་མཆོག་བཅས་ཀྱིས་ཕྱི་ཚེས་ ༢༩ ཉིན་ལྡི་ལིར་ཆེད་བསྐྱོད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་། གཞུང་ཚབ་ཁག་ལ་བོད་ནང་གི་ཛ་དྲག་གནས་སྟངས་ཞུ་སྐུལ་དང་། རྒྱ་ནག་གཞུང་ཚབ་པར་ཐུག་འཕྲད་བྱས་ཏེ། སྤྱི་ལྷན་གྱི་ཛ་དྲག་དགོས་འདུན་ཁག་གདོང་ཐུག་གིས་སྤྲོད་རྒྱུ། གཉིས། རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་སྤྱི་ལྷན་ཡོངས་བསྒྲགས་ཀྱི་སྙན་ཞུ་སྤྲོད་རྒྱུ། གསུམ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་དཔོན་རིགས་ཁག་ལ་ཞུ་སྙན་འབུལ་རྒྱུ། གྲོས་ཚོགས་ཁག་སོ་སོར་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་འཕར་མ་འཇོག་ཐབས་དང་། རྒྱལ་ཚོགས་དྲུང་ཆེ་རྒྱུན་ལས་ཀྱི་སྐུ་ཚབ་ངོ་ཐུག་ཐུབ་ཐབས་ཀྱི་འབད་བརྩོན་བྱ་རྒྱུ། བཞི། ཕྱི་རྒྱལ་བོད་རིགས་ཚོཊ་པ་དང་བོད་རིཊ་སྤྱི་མཐུན་ཚོཊ་པ་ཁག རྒྱ་གར་བོད་མི་སིལ་ཚོང་བ་བཅས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་གདུང་སེམས་མཉམ་སྐྱེད་ཀྱི་ཞི་བའི་ལས་འགུལ་སྤེལ་རྒྱུ།  ལྔ། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ ཉིན་འཛིན་སྐྱོང་བཀའ་ཤག་གིས་ཡོངས་ཁྱབ་གསལ་བསྒྲགས་ནང་། རྒྱལ་སྤྱིའི་ཐོག་གདུང་སེམས་མཉམ་སྐྱེད་ལས་འགུལ་ཉིན་བརྒྱ་དུས་གཅིག་ཏུ་སྤེལ་རྒྱུར་བོད་མི་རྣམས་མཉམ་ཞུགས་དགོས་རྒྱུ། དྲུག སྤྱི་ཡོངས་ལྷག་དཀར་ཉིན་བོད་ཟས་དང་བོད་གོས། བོད་སྐད་བཀོལ་སྤྱོད་ཀྱིས་མཚོན་བྱེད་སྒོ་ཁག་བོད་མི་སྡོད་གནས་ཁག་ཏུ་སྲུང་བརྩི་ཞུ་རྒྱུ།

ལོ་གཅིག་རིང་གཞིས་ཆཊ་ཁག་ཏུ་ཟླ་རེའི་ལྷག་དཀར་སྲུང་བརྩི་ཞུ་ཆེད། ལྷག་དཀར་སྲུང་བརྩི་དགོས་པའི་རྒྱུ་མཚན་ངོ་སྤྲོད་དང་འབྲེལ། བདེན་ཚིག་སྨོན་ལམ་དང་། བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ། གུ་རུའི་ཐུགས་དམ་གནད་བསྐུལ། གསོལ་འདེབས་བདེན་པའི་རྔ་སྒྲ་བཅས་སྒྲོག་འདོན་བྱ་རྒྱུ། བདུན། ཆུ་འབྲུག་ལོ་གསར་སྐབས། ལྕགས་ཡོས་ལོའི་བོད་ནང་གི་ཛ་དྲག་གནས་སྟངས་དང་བསྟུན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཙམ་ལས། གཞས་ཞབས་བྲོ་སོགས་སྤྲོ་དགའི་རིགས་མི་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ། བརྒྱད། ཆུ་འབྲུག་ལོ་གསར་ཚེས་གཅིག་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚེས་གཏོར་གྲུབ་མཚམས། ངྷ་སར་གནས་བཞུགས་སྤྱི་འཐུས་རྣམས་དགོང་དྲོའི་ཆུ་ཚོད་ ༥ བར་ཟས་བཅད་སྙུང་གནས་གནང་རྒྱུ། དགུ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན། ལྕགས་ཡོས་རང་ལུས་མེར་བསྲེགས་ལས་འགུལ་གྱི་ལོ་འཁོར་སྲུང་བརྩིའི་ཚུལ་དུ། སྤྱི་ལྷན་གྲོས་ཚོགས་ཚོགས་དུས་ ༣ པར་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཕུལ་ཏེ་བགྲོ་གླེང་གནང་རྒྱུ་བཅས་བསྟན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༡༦ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༡༧ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༡༧ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༡༨ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

མཆན། 15

  1. བར་དོ་བ says:
    ལོ་ 14 སྔོན།

    ད་ནི་ཕྱི་ལོག་ནས་སྐད་འབོད་དང་སྨོན་ལམ་གྱི་ལས་འགུལ་ཇི་ཙམ་སྤེལད་ཀྱང་། རྒྱལ་སྤྱིའི་རོགས་སྐྱོབ་ཁ་ཡོད་ལག་ཡོད་ཅིག་ཐོབ་པའི་རེ་བ་ཤིན་ཏུ་ཕྲ། རྒྱལ་སྤྱིའི་སྟོབས་ལྡན་རྒྱལ་ཁབ་ཀྱི་མི་མང་གིས་བོད་ཀྱི་གནས་བབ་མ་ཤེས་པ་ག་ལ་ཡིན། དཔེར་ན། དབྱིན་ཇིའི་མི་མང་བརྒྱ་ཆ་༦༠་བརྒལ་བས་བོད་ལ་རང་དབང་སྟེར་དགོས་པའི་བསམ་ཚུལ་ཡོད་ནའང་། རྒྱལ་ཁབ་དེས་བོད་ཀྱི་གནས་བབ་རང་གཞུང་གི་སྲིད་དོན་གལ་ཆེར་བརྩིས་ནས། རྒྱ་ནག་ལ་གནོན་ཤུགས་སྤྲོད་པའམ་ཤུགས་རྐྱེན་གཏོང་བའི་དགོས་དོན་དུ་ལག་ལེན་བྱ་མི་སྲིད་པ་ཝ་ལེར་གསལ།

    བོད་ནང་གི་གནས་སྟངས་ཐད་ནས་སྐྱིད་སྡུག་མཉམ་མྱོང་བྱ་བའམ། བོད་དོན་ལ་ཕན་རེ་འདོགས་པའི་བསམ་པ་ཡོད་ན། གཞུང་དམངས་གང་ཡིན་ལ་མ་ལྟོས་པར་བཙན་བྱོལ་བ་གང་མང་ཞིག་འ་འུར་ཟང་ཟིང་མེད་པར་བོད་ནང་དུ་འཛུལ་ཏེ། སྐད་འབོད་ལ་སོགས་རང་གིས་གང་འཇོན་གྱི་ལས་འགུལ་སྤེལ་ནས་རྒྱ་དམར་གྱི་བཙོན་དུ་སྡོད་དགོས། དེ་ལྟར་བྱས་ན་བོད་ནང་གི་གནས་བབ་ཇེ་ལེགས་སུ་འགྲོ་བའི་རེ་བ་ཡོད་པར་སྙམ།

    Reply
  2. བར་དོ་བ says:
    ལོ་ 14 སྔོན།

    ཨ་ཁ་ཁ། སྔོན་མ་བསྟན་འཛིན་བརྩོན་འགྲུས་ལྟ་བུའི་ཆབ་སྲིད་པ་མིག་ཡ་ཞར་ཚོས་བོད་ལ་གོམ་བགྲོད་ཟེར་བའི་བསླུ་བྲིད་ཅིག་གིས་འུར་བསླངས་ནས། ༢༠༠༨ལོར་གཞིས་ལུས་བོད་མི་མང་སྡུག་ལ་སྦྱར་སོང་།
    ད་ཆ་ཡང་བཀའ་ཁྲི་བློ་བཟང་སེང་གེས་ཆབ་སྲིད་པ་ཡ་ཞར་ཚོས་བྱ་སྤྱོད་ལ་ལད་མོ་གནང་རྒྱུ་ཡིན་པ་འདྲ། རྒྱལ་སྤྱིའི་རོགས་སྐྱོབ་ལ་རེ་བ་མེད་པ་ཤེས་བཞིན་དུ་གཞིས་ལུས་པ་ཚོར་ངར་སློང་འདོད་པ་མིན་ནམ།
    ཇི་འདྲའི་ཡིད་སྐྱོ་བ་ལ་ཨང་། ༢༠༠༨ལོར་གཞིས་ལུས་པ་ཚོས་དཔའ་གང་ཡོད་ཀྱིས་རྒྱ་གུང་ཁྲན་གཞུང་ལ་ངོ་རྒོལ་བྱས་ཀྱང་། རྒྱལ་སྤྱིའི་རོགས་རམ་ཕན་འབྲས་ལྡན་པ་གང་ཞིག་རག་སོང་ངམ། དེ་རྗེས་འཛམ་གླིང་དཔལ་འབྱོར་ཉམས་ཉེས་བྱུང་དུས། དབྱིན་ཇིའི་གཞུང་གིས་བོད་རྒྱ་ཁོངས་ཡིན་པ་ཁས་ལེན་བྱས་པ་དེ་རྒྱལ་སྤྱིའི་རོགས་སྐྱོབ་ཡིན་ནམ།
    རྒྱལ་སྤྱིའི་སྲིད་དོན་གནས་བབ་ཤེས་བཞིན་དུ་གཞིས་ལུས་བོད་མི་ཚོར་ངར་སློང་བ་འདི་ནི་སྨྱོན་པའི་བྱ་བྱེད་ལས་གཞན་ཅི།
    བཙལ་བྱོལ་བ་ཚོར་སྲིད་དོན་གྱི་རྣམ་དཔྱོད་ཅིག་ཡོད་ན། ཐབས་ཟད་འུ་ཐུག་གིས་རང་ལུས་མེར་ལ་སྒྲོན་མི་དགོས་པར་བོད་སྐྱོབ་ཐུབ་པའི་གདམས་པ་རེ་གཞིས་ལུས་པ་ཚོར་སྟོན་རྒྱུའི་དུས་ལ་བབས་འདུག་གོ།

    Reply
  3. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ལས་འགུལ་སྤེལ་བ་ལ་བསྔགས་བརྗོད་གྲངས་མེད་ཡོད། ལས་འགུལ་དེ་ལས་ཛ་དྲག་པ་ཞིག་སྤེལ་མ་ཐུབ་པ་ཅི་ཡིན་ནམ།

    Reply
  4. གདོང་གཡུ་ལོང་། says:
    ལོ་ 14 སྔོན།

    རྒྱ་ནག་གི་དྲི་བསྒྲགས་རྫུན་མའི་འོག་ཏུ་ང་ཚོའི་དོན་དམ་པའི་དཀའ་སྡུག་དང་ན་ཟུག་མིག་མཆུ་དང་འོ་དོད་དེ་དག་རྒྱ་ནག་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ནས་ཕྱི་གསལ་ནང་གསལ་ཅིག་ཤེས་ཀི་ཡོད་བ་མ་རེད།   དེར་བརྟེན་ང་ཚོའི་བོད་ནང་དུ་ཛ་དྲག་གི་གནས་ཚུལ་ཅི་ཙམ་བྱུང་བ་དང་ཛ་དྲག་གི་ལས་འགུལ་ཅི་ཙམ་སྤེལ་ན་ཡང་རྒྱ་ནག་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་གཡོ་སྐྱོམ་དང་གྲགས་འགུལ་ཅི་ཡང་མེད་སོང་བ་རེད།

    Reply
  5. གདོང་གཡུ་ལོང་། says:
    ལོ་ 14 སྔོན།

    མི་མང་ཕྱིར་ཐོན་ཏེ་འབོད་ཚིག་འདྲ་མིན་ཐོག་ནས་འབོད་སྒྲ་སྒྲོགས་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་རེད་མོད། དེ་ལས་ཀྱང་གལ་འགངས་ཆེན་པོ་ཞིག་ནི་རྒྱ་ཡིག་དང་དབྱིན་ཡིག་གི་བརྡ་འཕྲིན་བརྒྱུད་ལམ་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་བཏོན་ཏེ་བོད་ནང་གི་ཛ་དྲག་གི་གནས་ཚུལ་དེ་དག་རྒྱལ་སྤྱི་དང་ལྷག་པར་དུ་རྒྱ་ནག་གི་མི་མང་གི་མདུན་དུ་ཕྱི་གསལ་ནང་གསལ་ཅིག་བསྒྲགས་རྒྱུ་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་རེད་བསམ།

    Reply
  6. བསྟན་འཛིན་ཆོས་འཕེལ། says:
    ལོ་ 14 སྔོན།

    བཀའ་སྤྱི་ཟུང་འབྲེལ་གྱིས་སྤེལ་འཆར་ཡོད་པའི་ལས་འགུལ་དོན་ཚན་དགུ་པོ་ནི། ད་ལྟའི་བོད་ནང་ཛ་དྲག་གནས་སྟངས་སྐྱི་གཡའ་བ་རྣམས་ལ་ཁ་ཚ་དགོས་ཐུག་གི་ཕན་ཐོག་ཡོད་པ་ཞིག་ཏུ་མཐོང་སོང་བས། ཧ་ཅང་བཀུར་འོས་བཀའ་བློན་དང་སྤྱི་འཐུས་རྣམ་པར་ཐུགས་རྗེ་ཆེ་དང་ལས་འགུལ་ཚང་མར་ཡི་རངས་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན།

    Reply
  7. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    ད་ཡིན་ན། དངོས་གནས་སྤྱི་བའི་འགན་ཞིག་དང་། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་འཐུས་མིའི་བློ་སྟོབས་དང་ཆེ་མཐོང་ཞིག་གི་བཟོ་ལྟར་མངོན་ཡོང་གི་འདུག སྙིང་སྟོབས་ལྡན་པའི་བརྩོད་ལེན་བྱས་ན། འཇིག་རྟེན་འདིར་འགྲུབ་མི་ཐུབ་པའི་ལས་དོན་གཅིག་ཀྱང་ཡོད་པ་མ་རེད། ཐེངས་འདིའི་རྣམ་པའི་ཚོའི་ལས་འཆར་དག་ལ་ཡིད་རངས་བསྔགས་བརྗོད་ཡོད། མུ་མཐུད་དུ་རྒྱུན་བསྲིངས་ཏེ་སྒྲུབ་རྒྱུ་གལ་ཆེན་རེད། གནས་སྐབས་གཡེར་རྒྱུགས་ཙམ་གྱིས་ས་ཆོད་ཀྱི་མ་རེད། བོད་ནང་གི་ན་ཟུག་དང་འཕར་ལྡིང་མཚམས་འཇོག་མི་སྲིད་པ་དེ་བཞིན་དུ། རྣམ་པ་ཚོས་ཀྱང་དུས་བསྟུན་རྒྱུན་བསྲིངས་ཀྱིས་འབོད་སྐུལ་དང་འབད་བརྩོན་རོགས།

    Reply
  8. མི་རབས་གསར་པ་ says:
    ལོ་ 14 སྔོན།

    ལས་འགུལ་དེ་རྒྱབ་སྐྱོར་དང་མཉམ་ཞུགས་བྱེད་ངེས་ཡིན།

    ཡིན་ནའང་། ཉམས་འཇོག་དགོས་པའི་བསམ་ཆར་ཞིག་ལ་་་་ལས་འགུལ་ཉིན་དེའི་རིང་བོད་པ་ཡིན་དོ་ཅོག་གི་བོད་ཆས་གོན་དགོས་པ་གནད་དུ་མཐོང་། ང་ཚོའི་ལས་འགུལ་སྐབས་་་ཁ་ནས་དབྱིན་སྐད་དང་ཡང་ན་་་་་རང་གང་དུ་གནས་པའི་ལུང་སྐད་དེ་སྒྲོག་བཞིན་ཡོད། བོད་ཆས་ཞིན་མ་གོན་ན་བོད་པ་ངོས་ཟིན་དཀའ་་་་་་་། སྔོན་ཆད་དེའི་སྐོར་ནས་Spain མི་ཞིག་གི་དྲི་བ་ཡང་དྲིས་སོང་།

    རྒྱུ་མཚན་དེ་དག་མང་པོའི་ཁྲོད་ནས་བོད་ཆས་མཐའ་གཅིག་གྱོན་དགོས་སམ།

    ཚང་མའི་གོན་རོགས་གནང་་་་་ཞེས་འབོད་སྐུལ་ནན་ཞུ་དུ………………….།

    Reply
  9. ཅང་མེད། says:
    ལོ་ 14 སྔོན།

    ལས་འགུལ་དེ་རྒྱབ་སྐྱོར་དང་མཉམ་ཞུགས་བྱེད་ངེས་ཡིན།

    ཡིན་ནའང་། ཉམས་འཇོག་དགོས་པའི་བསམ་ཆར་ཞིག་ལ་་་་ལས་འགུལ་ཉིན་དེའི་རིང་བོད་པ་ཡིན་དོ་ཅོག་གི་བོད་ཆས་གོན་དགོས་པ་གནད་དུ་མཐོང་། ང་ཚོའི་ལས་འགུལ་སྐབས་་་ཁ་ནས་དབྱིན་སྐད་དང་ཡང་ན་་་་་རང་གང་དུ་གནས་པའི་ལུང་སྐད་དེ་སྒྲོག་བཞིན་ཡོད། བོད་ཆས་ཞིན་མ་གོན་ན་བོད་པ་ངོས་ཟིན་དཀའ་་་་་་་། སྔོན་ཆད་དེའི་སྐོར་ནས་Spain མི་ཞིག་གི་དྲི་བ་ཡང་དྲིས་སོང་།

    རྒྱུ་མཚན་དེ་དག་མང་པོའི་ཁྲོད་ནས་བོད་ཆས་མཐའ་གཅིག་གྱོན་དགོས་སམ།

    ཚང་མའི་གོན་རོགས་གནང་་་་་ཞེས་འབོད་སྐུལ་ནན་ཞུ་དུ………………….།

    Reply
  10. ཤིང་ལོ། says:
    ལོ་ 14 སྔོན།

    ད་འགྲིག་གི་ཡོད་ཀི ད་ནི་བོད་མི་རིགས་ཀྱི་འཐུས་ཚབ་ཡིན་ལོབ་དང་། ཁ་ཕོ་མ་རེད། ཐུགས་རྗེ་ཆེ།

    Reply
  11. མགོ་ལོག་ཟླ་བྷེ། says:
    ལོ་ 14 སྔོན།

    བཀུར་འོས་ཚོགས་གཙོ་རྒན་གཞོན་དབུས་བོད་མི་མང་དཔལ་ལྡན་སྤྱི་འཐུས་རྣམ་པའི་མཛད་པ་ལ་ཡི་རང་ཡོད། ངོ་མ་གཞིས་ལུས་མི་མང་དང་སྐྱིད་སྡུག་མཉམ་མྱོང་
    བྱེད་དགོས་འདུག

    ལྷག་དཀར །
    ཚིག མགོ་ལོག་ཟླ་བ་ཐར །
    གཅིག་ན་བླ་མའི་བླ་གཟའ་རེད ། །
    གཉིས་ན་རིགས་ཀྱི་ལ་རྒྱ་རེད ། །
    གསུམ་ན་ཞི་བདེའི་གཞི་མ་རེད ། །
    གཟའ་ལྷག་པའི་ཉིན་མོར་ལྷག་དཀར་དགོས ། །
    མི་ལྷག་བསམ་ཅན་ཚོས་ལྷག་པར་དགོས ། །

    ལུས་ལ་བོད་ཆས་དག་མ་གྱོན ། །
    ཁ་ནས་བོད་སྐད་གཙང་མ་བཤད ། །
    སེམས་ལ་བྱམས་བརྩེ་རྣལ་མ་སྒོམ ། །
    གཟའ་ལྷག་པའི་ཉིན་མོར་ལྷག་དཀར་དགོས ། །
    མི་ལྷག་བསམ་ཅན་ཚོས་ལྷག་པར་དགོས ། །

    སྡིག་དང་འབྲེལ་བའི་དམར་ཟས་སྤོང་། །
    རྫུན་དང་འབྲེལ་བའི་གཏམ་བརྗོད་བསྐྱུར ། །
    གནོད་དང་འབྲེལ་བའི་བྱ་ལས་འཇོག །
    གཟའ་ལྷག་པའི་ཉིན་མོར་ལྷག་དཀར་དགོས ། །
    མི་ལྷག་བསམ་ཅན་ཚོས་ལྷག་པར་དགོས ། །

    ཁ་སྐད་དུ་བྲིས་པའི་གཞས་ཚིག་འདི་སྔོན་མ་ནས་བོད་ནང་གི་གླུ་བ་གླུ་མ་
    མང་པོས་བཏང་ཡོད ། ལྷག་པ་དཀར་པོ།ལྷག་བསམ་དཀར་པོ།

    Reply
  12. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    བཀའ་སྤྱི་དང་བོད་གཞུང་སྒེར་མི་མང་ལ་མཚོན་ན་འདི་འདྲ་རེ་མ་གཏོགས་ལས་འགུལ་སྤེལ་རྒྱུ་ཁག ཡུལ་དུས་དང་ཡུལ་ཁྲིམས་སོགས་ལ་བསྟུན་དགོས་པའི་ཕྱིར།

    Reply
  13. སྐར་མདའ། says:
    ལོ་ 14 སྔོན།

    ཅིག་ནས་ཅིག་འདོན་རྒྱུ་ཟེར་བ་དང་། གཉིས་ནས་མཆོད་འབུལ་བྱེད་རྒྱུ་ཟེར་བ་འདྲ་བོ་དེ་ཚོ་ནི་ང་ཚོ་ལ་དགོས་ཚོད་མ་རེད། དེ་རིགས་ཀྱིས་བོད་ཀྱི་གནད་སེལ་བར་ནུས་པ་གང་ཡང་ཐོན་རེ་མེད། དེ་དག་གི་འགྲོ་གྲོན་དང་དུས་ཚོད། ལས་ཀ་ཚང་མ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་དོན་ཞུ་སྐུལ་བྱེད་པའི་མཐུན་རྐྱེན་ཐོག་བཏང་ན་ཡག་གི་རེད། ཞུ་སྐུལ་དེ་ཡང་གསལ་བསྒྲགས་རེ་ཟུང་དང་ཞུ་གཏུག་རེ་ཟུང་གི་ངང་ནས་བམ་འཇོག་མི་བྱེད་པར་ཡང་ནས་ཡང་དུ་ཞུས་ཏེ་སུན་པོ་བཟོ་དགོས།

    Reply
  14. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དོན་ཚན་༩ལས་༥པ་ནི།
    ་་་་་ ལྔ། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༨ ཉིན་འཛིན་སྐྱོང་བཀའ་ཤག་གིས་ཡོངས་ཁྱབ་གསལ་བསྒྲགས་ནང་། རྒྱལ་སྤྱིའི་ཐོག་གདུང་སེམས་མཉམ་སྐྱེད་ལས་འགུལ་ཉིན་བརྒྱ་དུས་གཅིག་ཏུ་སྤེལ་རྒྱུར་བོད་མི་རྣམས་མཉམ་ཞུགས་དགོས་རྒྱུ། ་་་་་་ཞེས་པ་འདི་ནི་བོད་གཞིས་བྱེས་གཉིས་ཀས་མ་ཐོས་མ་གོ་མེད་པར་བྱེད་དགོས་པར་དགོས་གལ་ཆེ་བ་ལགས།

    Reply
  15. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ལོ་འདིར་ལོ་གསར་གྱི་རྣམ་པ་སུས་བསྟན་ན་དེ་ནི་བོད་མི་རིགས་ཀྱི་རྐང་འདྲེན་ངོ་མ་དེ་ཆགས་སོང་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese