མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་པོ་ཨོ་རྒྱན་ལ་བསྔོ་སྨོན་གསུངས།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp


ཉེ་ཆར་རྒྱ་དམག་གིས་དམར་གསོད་བཏང་བའི་འཛམ་ཐང་བར་མ་ཞང་གི་ཨོ་རྒྱན་གྱི་སྐུ་ཕུང་འཛམ་ཐང་ཇོ་ནང་དགོན་ཆེན་དུ་གདན་ཞུས་ཀྱིས་བླ་གྲྭ་ ༡༠༠༠ ལྷག་གིས་བསྔོ་སྨོན་གསུངས་འདུག

ངྷ་སར་གནས་བཞུགས་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལ། ཕྱི་ཚེས་ ༢༦ ཉིན་གྱི་དགོང་མོ་ཞི་རྒོལ་སྐབས་འཛམ་ཐང་ཇོ་ནང་དགོན་པའི་གྲྭ་རང་ལོ་ ༥༢ ཡིན་པ་ཀུན་འཕེལ་ལགས་ཀྱི་མགོར་མེ་མདའ་ཕོག་ཡོད་པ་དང་། འཛམ་ཐང་སྟོད་མ་ཡུལ་ཚོའི་རང་ལོ་ ༢༠ ཡིན་པ་རྣམ་རྒྱལ་ལགས་སུ་མེ་འདའ་ཕོག་སྟེ་ཁོང་གཉིས་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག གཞན་ཉིན་དེར་ཨ་ནེ་ཞིག་གི་རྐང་བ་བཅག་པ་སོགས་མི་མང་པོར་རྨས་སྐྱོན་ཕོག་ཡོད་ཀྱང་། དགོང་མོ་ཡིན་པ་དང་མི་ག་ཅང་མང་བའི་དབང་གིས་གསལ་བོ་ཞིག་ཤེས་རྟོགས་ཐུབ་མི་འདུག

དགོང་མོ་དེར་འཛམ་ཐང་ཇོ་ནང་ཆོས་སྒར་གོང་མའི་རྡོ་རྗེ་སློབ་དཔོན་ཟུར་བ་རང་ལོ་ ༥༠ ཡས་མས་ཡིན་པའི་བླ་མ་བློ་དཔལ་དང་། ཉིན་དེར་སྦྱར་ཡིག་བཀྲམས་མཁན་ཐར་པ་ལགས་ཀྱི་སྤེན་མཆེད་འཛམ་ཐང་ཇོ་ནང་གཙང་བ་གྲྭ་ཚང་གི་རང་ལོ་ ༢༦ ཡིན་པའི་གྲྭ་སྙན་ལོ་དང་རང་ལོ་ ༢༡ ཡིན་པའི་གྲྭ་སང་གྱོ། འཛམ་ཐང་ཇོ་ནང་དགོན་ཆེན་གྱི་ལྷ་སྡེ་རི་འཕུང་སྡེ་བའི་སྡེ་དཔོན་ཚེ་ཪིང་འཕེལ་དང་། དབང་ཀྱོ། གཞན་གཅིག་བཅས་འཛིན་བཟུང་བྱས་ཡོད་འདུག་ལ། འཛམ་ཐང་བར་མ་ཡུལ་ཚོ་ནས་ཀྱང་མི་ ༦ ལྷག་འཛིན་བཟུང་བྱས་ཡོད་ཀྱང་ཁོང་ཚོའི་ལོ་དང་མིང་སོགས་ཤེས་རྟོགས་ཐུབ་མི་འདུག  

སྦྱར་ཡིག་བཀྲམས་མཁན་ཐར་བ་ལགས་ནི་རང་ལོ་ ༢༣ ཡིན་འདུག་ལ། ད་སྐབས་ཁོང་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་ཆགས་ཡོད་ཅིང་། ཁོང་གི་སྦྱར་ཡིག་༼ ཤི་གསོན་གྱི་སྔོན་བརྡ ༽ཞེས་པའི་ནང་ “ད་བར་མི་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན། བོད་ལ་རང་དབང་དགོས་པ་དང་། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུའི་ཆེད་ཡིན་པས། དམིགས་ཡུལ་དེ་མ་འགྲུབ་བར་དུ་ང་ཚོས་ལས་འགུལ་མཚམས་འཇོག་མི་བྱེད་པར་མེར་བསྲེགས་གཏོང་ངེས་ཡིན་”ཞེས་སོགས་བཀོད་ཡོད་འདུག

ཉིན་དེར་རྒྱ་དམག་གིས་དམར་གསོད་བཏང་ཟིན་པ་ཨོ་རྒྱན་ལགས་ནི་རང་ལོ་ ༢༠ ཡིན་ཞིང་། ཁོང་གི་མགོ་ལ་མེ་མདའ་ཕོག་ནས་མྱུར་སྐྱོབ་བྱེད་ལོངས་མ་བྱུང་བར་ས་གནས་དེ་ག་རང་ལ་གྲོང་ཡོད་འདུག སྐབས་དེར་ཁོང་གི་ཕུང་པོ་འཛམ་ཐང་ཇོ་ནང་དགོན་ཆེན་དུ་གདན་འདྲེན་ཞུས་ཏེ་བླ་གྲྭ་ ༡༠༠༠ ལྷག་གིས་འཕོ་ལུང་དང་བསྔོ་སྨོན་གསུངས་རྗེས་ཕུང་པོ་སྤུ་ཐར་ཚང་གི་ཁྱིམ་དུ་ཁྱེར་ཡོད་འདུག འདས་པོ་ཨོ་རྒྱན་ལགས་ནི་ཁྲིན་ཏུའུ་མེན་ཡང་ཞེས་པ་རུ་སློབ་གྲྭར་འགྲིིམ་བཞིན་ཡོད་ཅིང་། ད་བར་དུ་སློབ་གྲྭ་དེར་སློབ་སྦྱོང་བྱས་ཏེ་ལོ་ངོ་ ༦ ཙམ་ཕྱིན་ཡོད་འདུག་ལ། ཉིན་དེར་སྦྱར་ཡིག་བཀྲམས་མཁན་ཐར་བ་དང་ཁོ་གཉིས་སློབ་གྲོགས་ཡིན་འདུག

 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

མཆན། 5

  1. ནད་པ says:
    ལོ་ 14 སྔོན།

    སྔོན་གཤེགས་དཔའ་བོའི་གཟི་བརྗིད་དང་མཛན་སྙན་དེ་མཐོ་སྒང་གི་ཉི་འོད་ལྟར་ནམ་ཡང་ཉམས་པ་མེད་པར་དེ་རིང་ནུབ་ཀྱང་སང་ཉིན་ཤར་རྒྱུར་ངེས་པ་ཡིན།

    གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་འཛིན་ཤོག།

    Reply
  2. གནམ་ལྕགས། says:
    ལོ་ 14 སྔོན།

    དཔའ་བོའི་གཟི་བརྗིད་ནམ་ཡང་ཉམས་པ་མེད།

    Reply
  3. ལྕགས་གི་མྱི། says:
    ལོ་ 14 སྔོན།

    འདས་པོ་ཁོང་ལ་མྱ་ངན་ཞུ། ཨོཾ་མ་ཎྀ་པདྨེ་ཧཱུཾ། བོད་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཁྱེད་དུ་སྔོ་སྨོན་རེ་གསུང་རོགས། ཀུན་མཁྱེན།

    Reply
  4. ཤིང་ལོ། says:
    ལོ་ 14 སྔོན།

    བུ་དཔའ་བོའི་སྐྱེལ་མ་ལ་རྒྱ་ཡིན།།
    དེས་མི་ཚད་རིགས་ཞེན་སྙིང་སྟོབས་ཡིན།།
    བོད་རང་བཙན་ཐོབ་པའི་ཀི་ཞིག་ཐོབ།།
    བོད་གཞིས་འཛོམ་རྒྱུའི་དམ་ཞིག་ཆོས།།

    Reply
  5. sangkye says:
    ལོ་ 14 སྔོན།

    རྒྱ་དམར་ཚངས་ལ་མགོ་མ་སྒུར་བོད་ཀྱི་དཔའ་རྒོད་ཚོ་ལགས། ཇོ་ནང་འཛམས་དགོན་གྱི་གྲྭ་བ་དཔའ་རྒོད་རྣམས་ལ་བསྟོད་བསྔགས་བཅས་ཆབ་གཅིག་ཏུ་མི་མཐུན་ནས་ལས་འགུལ་སྤེལ་བ་དེ་ལ་འཚམས་མ་འཇོགས་རོགས་གནང་། ངོས་ནས་དཔའ་རྒོད་རེད། དཔའ་རྒོད་ཚོའི་དཔའ་མ་ཞུམ་ལགས། དཔའ་རྒོད་ཨོ་རྒྱན་ལགས་ཀྱི་དོན་ཏུ། ཨོྃ་མཎཱྀ་པདྨེ་ཧཱུྃཿ ཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿཨོྃ་མཎཱྀ་པདྨེ་ཧཱུྃཿ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese