མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསེར་རྟ་བླ་རུང་སྒར་གྱི་དུར་ཁྲོད་དུ་ཟླ་བ་གྲཊ་པར་མྱ་ངན་ཞུས།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་ཕྱི་ཚེས་ ༡ ཉིན་གསེར་རྟ་བླ་རུང་སྒར་གྱི་དུར་ཁྲོད་དུ་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་ཉེ་ལམ་གསེར་རྟ་རྫོང་ཐོག་ཏུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐབས། རྒྱ་དམག་གིས་དམར་གསོད་བཏང་བའི་རྒྱལ་གཅེས་དཔའ་བོ་ཟླ་བ་གྲགས་པ་ལགས་སུ་མྱ་ངན་བསྔོ་སྨོན་གནང་ཡོད་འདུག བསྔོ་སྨོན་སྐབས་འདྲ་པར་ཆེན་པོ་ཞིག་གི་འོག་ཏུ་ “ ༢༠༡༢ ལོའི་ཕྱི་ཟླ་ ༡ ཚེས་ ༢༤ ཉིན་བོད་རང་དབང་གི་ཆེད་དུ་སྐུ་སྲོག་ཤོར་བའི་མདོ་ཁམས་གསེར་རྟའི་རྒྱལ་གཅེས་དཔའ་བོ་ཟླ་བ་གྲགས་པ་ཐུགས་རྗེའི་འཛིན་པར་ཞུ ” ཞེས་འཁོད་ཡོད་པ་རེད།

 

དོ་ནུབ་གནས་ཚུལ་འབྱོར་བ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་དཀར་མཛེས་ཁུལ་གསེར་རྟ་རྫོང་ཐོག་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན་པའི་ཡིག་ཆ་ཞིག་བཀྲམ་ཡོད་པར་བརྟེན། ཉིན་དེར་བོད་མི་མང་པོ་རྫོང་ཐོག་ཏུ་འཛོམས་ཏེ། ངོ་རྒོལ་བྱེད་མཁན་གྱི་ཕུང་པོ་རྒྱ་ནག་གཞུང་གི་ལག་ཏུ་མ་ཤོར་བ་བྱེད་དགོས་སྐོར་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་ངོས་ནས་ཀྱང་དྲག་གནོན་བྱེད་རྒྱུ་གྲ་སྒྲིག་ཆ་ཚང་བྱས་ཡོད་འདུག་ཀྱང་། ཉིན་དེར་ཛ་དྲག་གི་གནས་ཚུལ་བྱུང་མེད་མོད། ཕྱི་ཚེས་ ༢༤ ཉིན་མི་མང་གིས་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་སྐབས། རྒྱ་ནག་གི་ཉེན་རྟོག་པས་མི་མང་ཁྲོད་མེ་མདའ་བརྒྱབ་སྟེ། གསེར་རྟ་རྫོང་ཤོ་རེབ་གྲོང་ཚོའི་རང་ལོ་ ༢༥ ཡིན་པའི་ཟླ་བ་གྲགས་པ་དམར་གསོད་བཏང་ཡོད་པ་དང་། དབོན་བཟའ་སྡེ་བའི་རང་ལོ་ ༣༥ ཡིན་པའི་པོ་པོ་ལགས་སུ་མེ་མདའ་ཕོག་སྟེ་ས་རུ་འགྱེལ་མ་ཐག་ཉེན་རྟོག་པས་བཙན་འཁྱེར་བྱས་ཡོད་ཀྱང་། མང་ཚོགས་ཀྱིས་ཁོང་འདས་གྲོངས་སུ་སོང་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག གཞན། ཉིན་དེར་མི་ཧ་ཅང་མང་པོར་རྨས་སྐྱོན་དང་མི་ ༣༠ ཙམ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག  

 

ཉིན་དེར་མེ་མདའ་ཕོག་སྟེ་ས་ལ་འགྱེལ་པ་རྣམས་དེ་མུར་རྒྱ་དམག་གིས་རེ་རེ་བཞིན་བཙན་འཁྱེར་བྱས་ཡོད་སྟབས། ཤི་རྨས་ཀྱི་གནས་ཚུལ་གསལ་བོ་ཤེས་ཐུབ་མེད་ཀྱང་། ས་གནས་མི་མང་ཚོས་ཉུང་མཐར་མི་གསུམ་བཞི་ཞིག་བསད་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག་ལ། ཉིན་དེར་དྲག་ཆས་དམག་མི་བསླེབས་ཏེ་རྫོང་ཐོག་གི་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་རྒྱག་བཅུག་སྟེ་མི་མང་ཕྱིར་འཐོན་བཅུག་མེད་པ་དང་། ཁྲོམ་གཞུང་གི་མི་མང་ཁྲོད་གང་བྱུང་དུ་མེ་མདའ་རྒྱག་པ་དང་འཛིན་བཟུང་བྱེད་པ། རྡུང་རྡེག་ཚད་ལས་བརྒལ་བ་གཏོང་བ་སོགས་བྱས་ཡོད་ཅིང་། ཉིན་དེར་ཚོང་ཁང་དང་ཟ་ཁང་འགར་གཏོར་བཤིག་བཏང་ཡོད་འདུག་ལ། རྨས་མ་ཚོར་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པའི་དཀའ་ངལ་ཡང་འཕྲད་བཞིན་ཡོད་པ་རེད།

 

ཕྱི་ཟླ་ ༡ ཚེས་ ༡༦ ཉིན་དཀར་མཛེས་ཁུལ་གསེར་རྟ་རྫོང་ཞོ་རོག་སྡེ་པའི་གྲྭ་བ་གཉིས་ཀྱིས་གསེར་རྟ་རྫོང་དཀྱིལ་དུ་ཡོད་པའི་གསེར་རྟའི་མདུན་ཐང་དུ་“ ལྷ་རྒྱལ་ལོ། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ” ཅེས་སོགས་ཀྱི་སྐད་འབོད་རྒྱག་བཞིན་རླུང་རྟ་གཏོར་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་སྐབས། རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ཏེ་ཁོང་གཉིས་འཛིན་བཟུང་བྱས་སྐབས། ཉེ་འཁོར་གྱི་བོད་མི་མང་པོ་འདུ་འཛོམས་བྱུང་སྟེ་སྐད་འབོད་ངོ་རྒོལ་བྱས་ཡོད་པ་མ་ཟད། གྲྭ་པ་དེ་གཉིས་ཉེན་རྟོག་པའི་ལག་ནས་ཚུར་འཕྲོག་ཡོད་འདུག སྐབས་དེ་ནས་བཟུང་ཉེན་རྟོག་པ་དང་དམག་མི་མང་དུ་བཏང་སྟེ་རྫོང་གི་སྲིང་ལམ་ཀུན་དུ་དྲག་ཆས་དམག་མི་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེན་བྱས་ཡོད་འདུག

 

དེ་བཞིན། ཟླ་ ༡ པོའི་ཚེས་ ༢༢ ཉིན་གསེར་རྟ་རྫོང་ཁོངས་ཤོལ་སྟོད་མའི་དོན་ཡོད་ཉི་མ་དང་ཤོལ་སྨད་མའི་དགེ་འདུན་གཉིས་ཀྱིས་བོད་རྒྱལ་ལོ་ཞེས་སྐད་འབོད་ཅིག་བྱས་པར་ཉེན་རྟོག་པས་འཛིན་བཟུང་གཅར་རྡུང་དྲག་པོ་བྱས་ཏེ། དོན་ཡོད་ཉི་མའི་ལག་གཡས་པ་བཅག་ཡོད་པ་རེད།།

 


གསར་འགོད་པ། དོན་གྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༤ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༤ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠

མཆན། 15

  1. གངས་སྤྲེལ་ཚ། says:
    ལོ་ 13 སྔོན།

    གསེར་ལྗོངས་བླ་མ་རུང་གི་དུར་ཁྲོད་དུ་སླེབས་པ་ཙམ་གྱིས་ངན་འགྲོའི་སྒོ་ཆེན་འགགས་པར་གསུང་ཡོད། ད་ཐེངས་དཔའ་བོ་དེ་རིགས་ལས་བཟང་རེད་འདུག

    Reply
  2. ཁམས་སྨྱུག་གསར་པ། says:
    ལོ་ 13 སྔོན།

    རྒྱལ་གཅེས་དཔའ་བོ་དང་དཔའ་མོ་མི་རིགས་ཀྱི་ཁྱད་དུ་སྐུ་གཤེགས་པ་ཚང་མར་མྱ་ངན་དང་སྔོ་བ་ཞུ། སྙིང་སྟོབས་ཀྱི་མེ་རླབས་འཁྱིལ་བཞིན་པའི་གཞིས་སྡོད་བོད་མི་ཡོངས་ལ་སྙིང་ཐག་པ་ནས་གུས་འདུད་ཞུ། བདེན་པ་ཉིད་རྒྱལ་གྱུར་ཅིག

    Reply
  3. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ཁོང་གི་འདོད་དོན་བཞིན། བོད་ལ་སྐྱིད་པའི་ཉི་མ་ཤར་བར་ཤོག། འགྲོ་བ་མི་ལྟ་ཅི་སྲོག་ཆགས་ཐམས་ཅད་ཀྱིས་ཆེས་རྩ་ཆེའི་རྒྱུ་དངོས་ཐམས་ཅད་ལས། ལྷག་པའི་གཅས་འཛིན་བྱེད་ས་དེ་རང་ཉིད་ཀྱི་སྲོག་རེད། བོད་ནང་བསད་གཏུབ་ག་རེ་བྱེད་ནའང་ཡུལ་བྱོལ་ཚོ་ཁ་གདངས་མིག་བགྲད་ནས་བསྡད་རྒྱུ་ལས་ཅི། ཁོང་གིས་བོད་མི་རིགས་ཆེད་དུ་རང་སྲོག་བཏང་བ་རེད། དེར་རྒྱབ་སྐྱོར་གྱི་རྣམ་འབྱོར་ཅི་ཡང་མེད། ད་མི་ལབ། ངས་ལབ་ན་ཕན་འབྲས་ནི་མེད། རང་སྲོག་བློས་གཏོང་བས་སྐུལ་མ་ཐུབ་ན་ངས་སྡུག་སྐད་ཀྱིས་ག་ལ་ཡོང་། དེ་བས་ང་རང་ཁ་ཚུམས་ཏེ་མ་ཎི་རེ་མོས་ལ་མ་མོས་རེ་བཏོན་ན་དགའ། ཨོཾ་མ་ཎི་པདྨེ་ཧུཾཿ
    ཨོཾ་མ་ཎི་པདྨེ་ཧུཾཿ ཨོཾ་མ་ཎི་པདྨེ་ཧུཾཿ འདྲེན་ཆོགས་སྤྱན་རས་གཟིགས་ཀྱི་རྗེས་བཟུང་སྟེ། ནུབ་ཕྱོགས་བདེ་བ་ཅན་ལ་སྐྱེ་བར་ཤོག། 
    ཕྱག་སྟོང་འཁོར་ལོས་བསྒྱུར་པའི་རྒྱལ་པོ་སྟོང་། སྤྱན་སྟོང་བསྐལ་བ་བཟང་པོ་སངས་རྒྱས་སྟོང་། གང་ལ་གང་འདོད་དེ་ལ་དེ་སྟོན་པ། བཙུན་པ་སྤྱན་རས་གཟིགས་ཀྱིས་ཁོང་ལ་གཟིགས།།

    Reply
  4. ཤིང་ལོ། says:
    ལོ་ 13 སྔོན།

    བོད་རིག་པའི་གནས་མཆོག་བླ་རུང་སྒར་ཁ།།
    བོད་ཆོལ་ཁ་གསུམ་གྱི་རེ་འདུན་བཅོལ་ས།།
    དགྲ་ནག་པོས་ཁྲག་ལ་བརྫི་ཉེན་ཆེ་དང་།།
    དེའི་སྙིང་བོ་རྩ་ནས་འདོན་ཉེན་ཆེ་འོ།།

    Reply
  5. སྣང་གསལ། says:
    ལོ་ 13 སྔོན།

    ཁྱེད་རྣམས་པས་རྒྱལ་ཁབ་དང་མི་རིག་གིས་ཆེད་དུ་་་བློད་བཏོང་ཆེན་པོ་གནང་བར་་་ཡིད་རང་དང་མི་རིང་བར་ལྡན་པའི་མཐའ་གསལ་ཡོང་བར་སྨོན།།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    རྒྱལ་གཅེས་དང་མི་རིགས་ཀྱི་དཔའ་བོ་དཔའ་མོ་སྐུ་གཤེགས་ཚང་མར་མྱ་ངན་དང་གུས་འདུད་ཞུ། གཞིས་ལུས་བོད་མི་ཡོངས་ལ་གུས་འདུད་ཞུ། བདེན་པ་ཉིད་རྒྱལ་འགྱུར་ངེས།

    Reply
  7. ཐོ་རེངས། says:
    ལོ་ 13 སྔོན།

    2012 ལོ་འདིར་བོད་མདོ་ཁམས་གཉིས་ནས་རྒྱ་གཞུང་ལ་སྔ་ཕྱི་བསྟུན་མར་ཡར་ལང་དང་ཞི་རྒོལ་གང་མང་བྱས་བྱེད་བཞིན་པ་ཞིག་རེད། འོན་ཀྱང་ཆ་མ་སྙོམ་པ་ཞིག་ལ་དབུས་ལྷ་ས་དང་མདོ་སྟོན་ཕྱོགས་རྣམས་བདེ་འཇགས་ཡིན་པ་མངོན་གསལ་རེད།
    གནས་ཚུལ་འདིའི་ཐད་ལ་བལྟ་ཚུལ་མི་འདྲ་བ་འབྱུང་བཞིན་ཡོད།

    Reply
  8. ལྗང་སྨྱུག says:
    ལོ་ 13 སྔོན།

    ངའི་སྙིང་ཉེ་བའི་སྤུན་ཟླ་ཚོར་ཀླ་ཀློ་རྒྱ་དམར་གྱིས་ཚོད་ལས་རྒལ་བའི་མནར་སྤྱོད་འདི་འདྲ་གཏོང་བཞིན་འདུག རྒྱ་འདྲེ་དེ་ཚོའི་བྱེད་སྟངས་དེ་མཐོང་དུས། བཟོད་མི་ཐུབ་པའི་ཁོང་ཁྲོ་དང་། སྤུན་ཟླ་དེ་ཚོའི་སེམས་ཤུགས་དང་དཔའ་ངར་དེ་མཐོང་དུས་སྨྲ་མི་ཐུབ་པའི་ཚོར་ཤུགས་དང་དགའ་སྐྱོ། ད་ང་ཚོས་ཅི་བྱས་ན་དྲག་་་་་་་་་
    གོང་གི་འདྲ་པར་དག་དཔེ་ཡག་པོ་བླངས་འདུག ཐུགས་རྗེ་ཆེ།
    གོང་གི་རྨས་སྐྱོན་ཚབ་ཆེན་ཕོག་པ་དེ་སྐུ་གཤེགས་དཔའ་བོ་ཟླ་བ་གྲགས་པ་ལགས་རེད་པས།

    Reply
  9. ནད་པ says:
    ལོ་ 13 སྔོན།

    བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་དང་སྒོས་སུ་དཔར་རིས་འདི་ནས་མཐོང་ཐོས་བྱུང་བའི་སྙིང་སྟོབས་དང་ལ་རྒྱ་ཅན་གྱི་རྒྱལ་གཅེས་དཔའ་བོ་དམ་པ་ཟླ་བ་གྲགས་པ་ལགས་དམར་གསོད་བཏང་བའི་ཡིད་སྐྱོའི་གནས་ཚུལ་ཐབས་སྡུག་དེར་མྱ་ངན་དང་གུས་འདུད་གྲངས་ཞུ།

    རྒྱལ་གཅེས་ཀྱི་སྔོན་གཤེགས་དཔའ་རྒོད་འདི་ཚོ་ནི་ང་ཚོའི་བོད་རྒྱལ་ཁབ་དང་བོད་མི་རིགས་རྣམས་གཅིག་ཏུ་བསྒྲིལ་ཏེ་དམངས་གཙོ་དང་རང་དབང་གི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མཁན་གྱི་རླབས་ཆེན་གྱི་མི་སྣ་ཤ་སྟག་ཡིན།

    སྐུ་གཤེགས་དམ་པ་ཁོང་རྣམས་བོད་ཆོས་ལྡན་གྱི་རིགས་སྨྱུག་ཏུ་སྐུ་བལྟམས་པ་དེ་ནི་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་ཆེ་ཤོས་དེ་ཡིན་ལ། ཁོང་སྐུ་རྣམས་རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་ཆེད་སྐུ་སྲོག་བློས་བཏང་གནང་བ་དེ་ནི་ཁོང་རྣམས་པའི་གཟི་བརྗིད་གཅིག་ཡིན།

    ང་ཚོས་བསྐལ་པ་ཇི་སྲིད་ཀྱི་བར་ནམ་ཡང་དཔའ་བོ་དཔའ་མོ་འདི་དག་གི་བཀའ་དྲིན་དང་གཟི་བརྗིད་དེ་ནམ་ཡང་ཉམས་པ་མེད་པར་དྲན་གསོ་བྱེད་དགོས་ལ་རྒྱལ་རབས་དང་ལོ་རྒྱུས་གསེར་གྱིཐང་མའི་ནང་དུ་བཀོད་པ་དེ་ཡང་ང་ཚོའི་འགན་ཁྲི་བླ་མེད་དེ་ཡིན།

    ༸ བོད་ཀྱི་བླ་ན་མེད་པའི་༸ གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་བོད་ཀྱི་བདེན་མཐའ་གསལ་བའི་སྨོན་འདུན་གྲངས་ཞུ།

    Reply
  10. ཤར་མདའ། says:
    ལོ་ 13 སྔོན།

    བོད་མི་རིགས་ཀྱི་རྩ་དོན་ཆེད་དུ་རང་སྲོག་གཏོང་མཁན་གྱི་རྒྱ་སྤྱིའི་དཔའ་བོ་ཟླ་བ་གྲགས་པ་ལགས་ལ་གུས་འདུད་དང་མྱ་ངན་ཞུ་རྒྱུ་མ་ཟད་ཡི་རིང་དང་བསྔགས་བརྗོད་ཡོད་སྐྱེ་བ་རྗེས་མ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གདུལ་གཞིང་དུ་སྐྱེ་བའི་གསོལ་འདེབས་ཞུ།

    Reply
  11. ཐ་ཧྭར་སྐལ་བཟང་། says:
    ལོ་ 13 སྔོན།

    ང་ཚོས་གནར་གཅོད་མང་ཙམ་རེག་ཡང་བདེན་དཔང་ཉུང་ཙམ་མ་གཏོགས་མི་རེག་པས།ད་རེས་ཀྱི་དཔར་འདི་ཚོ་རེག་པར་བཟང་འདུག
    བོད་ནང་གི་བོད་མི་ཚོའི་དཔའ་སྟོབས་ལ་བསྟོད་པ་བྱེད་པའི་ཚིག་མི་འདུག

    Reply
  12. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    ངོ་མ་རྒྱའི་ཉེན་རྟོག་པ་རྣམས་ཇི་འདྲའི་གདུག་རྩུབ་ཆེ་བ་ལ། འཛམ་གླིང་གི་ནང་ནས་གདུག་རྩུབ་ཆེ་ཤོས་ཀྱི་དམག་མི་རེད་ཟེར་ན་ཡང་མི་འགྲིག་པ་མེད། དཔར་པ་སུ་ཡིན་རུང་ཐུགས་རྗེ་གྲངས་མེད་ཆེ། པར་འདི་ནི་འཛམ་གླིང་གི་མདུན་དུ་བོད་ཀྱི་གནས་སྟངས་མཚོན་བྱེད་ཀྱི་དཔང་པོ་ཞིག་ཏུ་གྱུར་ཡོད། བོད་ནང་གི་དཔའ་རྒོད་ཚོའི་བྱས་རྗེས་ལ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ།

    Reply
  13. བཀྲ་ཤིས། says:
    ལོ་ 13 སྔོན།

    གནས་ཚུལ་བོད་མིའི་རང་དབང་གི་ཚགས་ཤོག་ཐོག་སྐུར་རོགས་་འབོད་སྐུལ་ཞུ་ཞུ།

    Reply
  14. སྨར་དྷཱིཿཟེར། says:
    ལོ་ 13 སྔོན།

    ཀྱེ་མ་བོད་པའི་ལས་དབང་འདི་ངོ་མ་སྐྱོ་པོ་རེད། ད་ནི་མི་རབས་གསར་པ་གཞོན་སྐྱེས་ཚོ་ཡར་ལང་ཤོག ངོ་མ་ལང་ཤོག གཞིས་བྱེས་གཉིས་ཀ་ཡར་ལང་ཤོག བོད་རང་བཙན་རྒྱལ་འགྱུར་ཅིག

    Reply
  15. འཇིགས་མེད་སེང་གེ says:
    ལོ་ 13 སྔོན།

    མདོ་ཁམས་སྟོད་སྨད་ཀྱི་དཔའ་རྒོད་ཚོར་སྙིང་ཐག་པ་ནས་རྗེས་དྲན་ཞུ་རྒྱུ་མ་གཏོགས་ཐབས་ཤེས་ཟད། ཁྱེད་རྣམ་པའི་ཚེ་སྲོག་བློས་བཏང་གནང་བ་དོན་འབྲས་མྱུར་ཏུ་འབྱུང་བར་བོད་མི་ཚོར་རེ་བ་ཤིན་ཏུ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese