ཁ་སང་ཕྱི་ཚེས་བཞིའི་རེས་གཟའ་སྤེན་པའི་ཞོགས་པར་རྫ་ཆུ་ཁ་དབོན་པོ་ཞང་ཐོག་ཏུ་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རྒྱ་ནག་གི་རྒྱལ་དར་མར་ཕབ་པ་སོགས་བྱས་ཡོད་སྟབས་ད་ལྟ་དབོན་པོ་དགོན་གྲོང་གཉིས་དམ་དྲག་བྱེད་ཀྱིན་ཡོད་འདུག
བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ཁ་སང་རེས་གཟའ་སྤེན་པའི་ཞོགས་པ་ནམ་གསལ་བ་ན་རྫ་ཆུ་ཁའི་ཆར་གཏོགས་རྫ་སྨད་དབོན་པོ་ཞང་གི་ཡུལ་ཚོའི་སློབ་གྲྭའི་ཐོག་གི་རྒྱ་ནག་གའི་རྒྱལ་དར་མར་ཕབ་སྟེ། བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད་པ་དང་། ཡིག་ཆ་མང་བོ་སྦྱར་འགྲེམས་བྱས་པའི་གནས་ཚུལ་བྱུང་འདུག འོན་ཀྱང་། ཁ་པར་བརྒྱུད་ལམ་བཀག་ཟིན་པས་ས་གནས་རང་གི་མི་ལ་འབྲེལ་གཏུགས་བྱེད་མི་ཐུབ་ཅིང་། སྦྱར་ཡིག་གི་ནང་དོན་སོགས་བྱ་བྲག་གི་གནས་ཚུལ་ཤེས་རྟོགས་བྱེད་ཐུབ་ཀྱི་མེད་པ་དང་། གནས་ཚུལ་དེའི་རྐྱེན་གྱིས་སེལ་ཤུལ་རྫོང་ནས་ཉེན་རྟོག་པ་འབོར་ཆེན་ཆེད་གཏོང་བྱས་ནས་ད་ལྟ་དབོན་པོ་དགོན་གྲོང་གཉིས་ཧ་ཅང་དམ་དྲག་དོ་དམ་གྱི་འོག་ཏུ་ཚུད་ཡོད་འདུག་ཅིང་། གནས་ཚུལ་ཤེས་ཚོད་ལྟར་ན་དབོན་པོ་ཞང་དང་དབོན་པོ་དགོན་དུ་འགྲོ་བའི་ལམ་འགྲོ་བ་རྣམས་དེར་འགྲོར་མི་བཅུག་པ་དང་། དགོན་པ་དང་ཞང་གི་མི་རྣམས་ཀྱང་ཕྱི་ལ་ཐོན་མི་བཅུག་པ་སོགས་ལམ་འགྲོ་བ་དང་གླིང་བསྐོར་བ་ཚུན་ཆད་ཀྱི་སྒང་ལ་ཡང་དཀའ་ཁག་ཆེན་པོ་ཞིག་འཕྲད་བཞིན་ཡོད་པའི་གནས་ཚུལ་འདུག་ལ། ཟ་ཁང་དང་ཚོང་ཁང་ཁག་གི་སྒོ་ཕྱེ་མི་ཆོག་པའི་དམ་དྲག་ཀྱང་བྱས་ཡོད་འདུག གཞན་འབྲེལ་གཏུགས་བརྒྱུད་ལམ་བཀག་ཟིན་པས་ད་ལྟ་གནས་ཚུལ་ཅི་ཞིག་འབྱུང་བཞིན་ཡོད་ཤེས་རྟོགས་བྱེད་ཐབས་མེད་པར་གྱུར་ཡོད།
གསར་འགོད་པ། དོན་གྲུབ་བཀྲ་ཤིས།
རྒྱ་ནག་གིས་བོོད་ཡུལ་བཙན་གྱིས་བཟུང་། བོད་མི་ཁྲི་འབུམ་གྱི་ཚེ་སྲོག་བཅོམ། དགོན་སྡེ་དྲུག་སྟོང་ལྷག་གྱང་ཧྲིལ་དུབསྒྱུར། གྲྭ་བཙུན་རྣམས་སྐྱ་སར་ཕབས།ནང་བསྟན་རིགས་གཞུང་རྩ་མེད་ཀྱི་ཐབས་ཆུས་ བཤམས། ཁྲིམས་གཞི་བཟོས། ལག་བསྟར་བྱས། མདོར་ན་བོད་མི་དང་། བོད་མའི་རིགས་གཞུང་འཇིག་རྟེན་འདི་ན་ཤུལ་རྗེས་ཙམ་ཡང་ཡོད་མི་ཆོག་པའི་ཁྲིམས་ལུགས་གཏན་ལ་ཕབས། དེ་ལྟར་ན་ཡང་ལྷག་བསམ་དང་གཞན་ཕན་གྱི་ཁྲག་རྒྱུན་མ་ཆད་པའིོ་གངས་ཅན་པ་རྣམས་ནི།ལས་ལ་རྩོན་ཞིང་དཔའ་ངར་ལྡན།ཧྲིལ་བོའི་འཇིག་རྟེན་གྱི་བདེ་སྡུག་ཆེད་དུ།་ བོད་རྒྱ་མི་རིགས་ཀྱི་རང་དབང་དོན་དུ་གཉིས་སྨིན་དབུ་མིའི་ལམ་ཆེན་ན་དྲང་། བདེན་དང་འཚེ་མེད་ཀྱི་དར་ཆ་སྒྲེང་བཞིན་མདུན་དུ་སྤྱོད།འདི་ལྟར་དྲང་བདེན་གྱི་འབོད་སྒྲ་རེ་རེས་རྒྱ་དཔོན་དག་གི་སྙིང་ཁམས་དབུག་གྱིས་འགེང་སྨྲ་ལྕེ་རང་སར་འཁུམས། རྫུན་རྐུབ་རྨང་ནས་ལྡོལ། ཇི་བྱེད་འདི་བྱེད་མེད་པར་གྱུར་དུས་བློ་ལ་འཁོར་བ་ནི་དྲག་གནོན་ཞེས་པའི་བརྗོད་ཚིག་འདི་གཅིག་བུ་མ་གཏོགས་མེད། ཐང་འདིར་ཡང་དབོན་པོ་སྡེ་དགོན་གཉིས་ལ་དྲག་གནོན་བྱེད་ངེས་པས་རྫ་ཆུ་ཁའི་མི་མང་ཡོང་ནས་ཟབ་ཟབ་བྱེད་གལ་ཆེ། གཅིག་རྒྱབ་གཅིག་ལངས་བྱེད་མ་ཕོད་ཀྱང་ལྟ་མོ་བལྟས་ནས་མ་འདུག་རོགས་
སེམས་ཤུགས་ཀྱི་སྒྲོན་མེ་སྦར་བའི་དབོན་པོ་བ་དག་གིས་ས་ཕྱི་ཞི་རྒོལ་ཆེན་མོའི་རྔམ་བརྗིད་ལ་ཆེས་ཐོག་མའི་དབུ་ཁྱུད་བྲིས་ཤིང་། ཐེངས་འདིར་ཡང་རྫ་ཆུ་བའི་རྩ་ལམ་དུ་ཁོལ་བ་ཡང་མི་རིགས་ཀྱི་ཁྲག་རྒྱུན་ཡིན་པ་གསལ་སྟོན་བྱས་པ་སེམས་ཀྱིས་དད་གུས་བྱེད། རྫ་སྐྱེས་ཕུར་བ་ནས།
བོད་རྒྱལ་ལོ། སྙིང་སྟོབས་དང་དཔའ་ངར་ཞུམ་མེད་བོད་ལ་ཡོད། མུ་མཐུད་དུ་་་་་་་།
དབོན་པོ་དགོན་གྲོང་གཉིས་ཀྱི་གཙོས་པའི་གཞིས་ལུས་རྒྱ་ཆེའི་མི་མངས་ཡོངས་ལ་ཆེད་བསྟོད་དང་རྗེས་སུ་ཡི་རངས་ཡོད། ཁྱེད་རྣམས་ཀྱི་སྙིང་སྟོབས་དང་ལ་རྒྱ་ཧ་ཅང་གི་བསྟོད་བསྔགས་ཀྱི་ཡུལ་རེད། ཁྱེད་རྣམས་ལ་རྒྱ་དམར་པོའི་གནོད་འཚེ་ཤུགས་ཆེན་མི་འབྱུང་བའི་སྨོན་ལམ་ཞུ་བཞིན་ཡོད།
ངོ་ནས་བོད་ནང་གི་བོད་མིའི་སྙིང་སྟོབས་ཏེ་ངོ་ནས་ང་ཚོས་རྗེས་སུ་ཡི་རེངས་བྱེད་དགོས་པ་དང་ང་ཚོས་ཀྱང་རང་གི་ནུས་ཚོད་ཀྱིས་བོད་དོན་ལ་ཤུགས་རྒྱག་རོགས་ཞེས་འབོད་བསྐུལ་ཞུ་བཞིན་