མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ ༡༣ གྱི་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་མདོ་ཅོ་ནེ་མཁར་ཆེན་དྲི་དྲི་དགོན་པའི་དགེ་འདུན་པ་རང་ལོ་ ༤༠ ལ་བསླེབས་པའི་ངག་དབང་མཁྱེན་རབ་ལ་ལོ་ངོ་ ༡༣  ཁྲིམས་ཆད་བཅད་པ།

འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༨ ཉིན་ཨ་མདོ་ཀན་ལྷོ་ཁུལ་ཇོ་ནེ་མཁར་ཆེན་དྲི་དྲི་དགོན་པའི་དགེ་འདུན་པ་ངག་དབང་མཁྱེན་རབ་གཙོས་པའི་དགེ་འདུན་པ་ ༡༦ དང་མང་ཚོགས་ ༧༣༠ ལྷག་བཅས་ཀྱིས་ཅོ་ནེ་མཁར་ཆེན་དགོན་པ་ནས་མཁར་ཆེན་ཞང་ཉེན་རྟོག་ལས་ཁུངས་མདུན་བར། ༧གོང་ས་མཆོག་བོད་ལ་ཕེབས་དགོས་པ་དང་། བོད་མི་རིགས་ལ་རང་དབང་དགོས་པ་སོགས་སྒྲོག་བཞིན་ཞི་བའི་ངོ་རྒོལ་གནང་ཡོད་ཀྱང་། སྐབས་དེར་ཞང་ཐོག་ཏུ་ཉེན་རྟོག་པ་དང་དམག་མི་ཉུང་ཤས་ཤིག་ལས་མེད་སྟབས་ཁང་པའི་ཕྱིར་ཐོན་ཐུབ་མེད།

དེའི་རྗེས་མཁར་ཆེན་ཞང་ཉེན་རྟོག་ལས་ཁུངས་ཀྱི་བརྡ་ཁྱབ་འབྱོར་ཏེ། གྲྭ་ངག་དབང་མཁྱེན་རབ་གཙོས་པའི་དགེ་འདུན་པ་ ༡༦ འཕྲལ་དུ་ཉེན་རྟོག་ལས་ཁུངས་སུ་མ་འབྱོར་ཚེ་དགོན་གྲོང་གཉིས་ལ་དྲག་གནོན་བྱ་རྒྱུ་ཡིན་ཚུལ་གྱི་བཀའ་རྒྱ་འབྱོར་ཡོད་སྟབས། གྲྭ་ངག་དབང་མཁྱེན་རབ་དང་དགེ་འདུན་པ་དེ་དག་ཉེན་རྟོག་ལས་ཁུངས་སུ་དང་བླང་གིས་ཕྱིན་སྐབས། འདྲི་བརྩད་གང་ཡང་མེད་པར་དེ་མ་ཐག་རྐང་ལྕགས་ལག་ལྕགས་བརྒྱབ་སྟེ་ཉེས་རྡུང་ཚད་མེད་བཏང་ཡོད་པ་དང་། མེ་མདའ་ཐོགས་པའི་དམག་མི་ཚོས་ཁྱེད་ཅག་རང་སར་འདུག་ཚོད་ཟིན་གྱི་མི་འདུག་པས་གསོད་རྒྱུ་ཡིན་ཚུལ་སོགས་ཀྱི་འཇིགས་ཡང་བྱས་ཡོད་འདུག

དགེ་འདུན་པ་དེ་དག་ཉིན་ཁ་ཤས་རིང་བཀག་འགོག་གིས་ཉེས་རྡུང་ཚབས་ཆེན་བཏང་བར་བརྟེན། དེ་གའི་མང་ཚོགས་ ༧༢ ཙམ་ཁང་མཁར་ཆེན་ཞང་ཉེན་རྟོག་ལས་ཁུངས་སུ་ཕྱིན་ཏེ་ཉེས་པ་གང་ཡང་མེད་པའི་དགེ་འདུན་པ་ཚོ་ཀློད་གྲོལ་གཏོང་དགོས་ཚུལ་བརྗོད་སྐབས། རྒྱ་གཞུང་གིས་མང་ཚོགས་ ༧༢ ལ་རྒྱ་སྒོར་ ༣༠༠༠ རེའི་ཉེས་ཆད་བཅད་པ་མ་ཟད། རྗེས་ཕྱོགས་ས་གནས་གཞན་དུ་འགྲོ་མི་ཆོག་པ་དང་། གལ་སྲིད་འགྲོ་དགོས་བྱུང་ཚེ་ཉེན་རྟོག་ལས་ཁུངས་ལ་བཀའ་འཁྲོལ་ཞུ་དགོས་པ་སོགས་ཀྱི་ཆ་རྐྱེན་འོག་སྟེ་ཕྱིར་ལོག་ཏུ་བཅུག་ཡོད་འདུག

དེའི་རྗེས་རྒྱ་གཞུང་གིས་དགོན་གྲོང་གཉིས་སུ་སློབ་གསོའི་ལས་དོན་མགོ་འཛུགས་བྱས་ཏེ། སྲིད་གཞུང་ལ་ངོ་རྒོལ་བྱ་མི་རུང་བ་དང་། ༧ཏཱ་ལའི་བླ་མར་དགག་པ་རྒྱག་དགོས་པ་སོགས་ལ་བཙན་སྐུལ་བྱས་ཡོད་ཅིང་། ལོ་དེའི་ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་གྲྭ་ངག་དབང་མཁྱེན་རབ་གློ་བུར་དུ་འཛིན་བཟུང་བྱས་ཏེ། ཅོ་ནེ་རྫོང་ཐོག་ཏུ་འཁྲིད་དེ་ལོ་ ༡༣ གྱི་ཁྲིམས་ཐག་བཅད་རྗེས་ལན་ཀྲུའུ་བཙོན་ཁང་ཞིག་ཏུ་བསྐྱལ་ཡོད་འདུག རྗེས་སུ་གྲྭ་ངག་དབང་མཁྱེན་རབ་ལ་ཐུག་འཕྲད་བྱེད་དུ་འགྲོ་མཁན་ཚོར་ཁོང་གིས་རྒྱ་གཞུང་གིས་ས་གནས་མང་ཚོགས་ལ་དྲག་གནོན་མ་བྱས་ཚེ་རང་ཉིད་བཙོན་ཁང་ནས་ཅི་ཙམ་འདུག་དགོས་ཀྱང་འགྱོད་པ་མེད་སྐོར་བརྗོད་འདུག

ས་གནས་མང་ཚོགས་ཚོས་རྒྱ་གཞུང་གིས་གྲྭ་ངག་དབང་མཁྱེན་རབ་འཛིན་བཟུང་བྱས་དོན་ནི། ཁོང་དེ་སྔོན་བླ་བྲང་བཀྲ་ཤིས་འཁྱིལ་ནང་བསྟན་སློབ་གླིང་ནས་སློབ་མཐར་ཕྱིན་ཞིང་། དྲི་དྲི་དགོན་པའི་བླ་མའི་ཕྱག་མཛོད་དང་དགོན་པའི་ལས་དོན་གང་ཅིའི་ཐད་ཀྱི་གཙོ་འགན་འཁུར་མཁན་ཡིན་པ། ཕྱི་ནང་གི་གནས་ཚུལ་མང་པོར་ཐུགས་སྣང་དང་སེམས་འཁུར་ཡོད་མཁན་ཞིག་ཡིན་པ་བཅས་ལ་བརྟེན་ཏེ། རྒྱ་གཞུང་གིས་ཁོང་དམིགས་སུ་བཀར་ཏེ་འཛིན་བཟུང་བྱས་པ་ཡིན་ཚུལ་རྗོད་ཀྱི་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

༢༠༢༦/༠༩/༢༥
THE MONK AND THE GUN (དྲ་རྒྱའི་པར།)
Bloggers

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

༢༠༢༦/༠༩/༢༥
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

༢༠༢༦/༠༩/༢༥
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese