མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་འགྱུར་བ་གཏོང་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

སྙན་བཟང་གཡུང་དྲུང་ཚེ་རིང༌།

བོད་ཀྱི་དཔའ་རྟུལ་ཚོས་རང་ལུས་མེར་སྲེག་དང་ལས་འགུལ་གསར་པ་འདིའི་ནུས་སྟོབས་ལ་བརྟེན་ནས་འགྱུར་བ་ཞིག་ཐེབས་པ་ངས་རེ་བ་བྱས་པ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་ལྟའི་བོད་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པའི་ཐད་ལ་སྔོན་ཆད་དང་མི་འདྲ་བར་རྒྱབ་སྐྱོར་ཆེན་པོ་གནང་སྟེ་བོད་དོན་ལ་འགྱུར་བ་ཞིག་ཐེབས་པའམ། ཡང་ན་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་གཞུང་གིས་གླེང་བཞིན་པའི་ཞི་བའི་དོན་ཚན་ལྔ་ཁས་ལེན་གྱིས་བོད་ལ་རང་སྐྱོང་སྤྲོད་སྲིད་པའི་འགྱུར་བ་དེ་འདྲ་མིན། ངའི་རེ་བ་ནི་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དང་སྲིད་ཇུས་བཅོས་བསྒྱུར་གྱི་འགྱུར་བ་དེ་ཡིན།

 

བོད་དུ་རང་ལུས་མེར་སྲེག་གི་ལས་འགུལ་བྱུང་མ་ཐག བཙན་བྱོལ་བོད་གཞུང་གིས་ནུས་པ་ཡོད་ཚད་ཀྱིས་བོད་ནང་གི་འཐབ་རྩོད་འདི་རྒྱལ་སྤྱིར་ཁྱབ་བསྒྲགས་དང༌། ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་གདུང་སེམས་མཉམ་བསྐྱེད་གནང་སོང༌། དེ་རིང་གི་གསར་འགྱུར་ཁག་ལ་བལྟས་ན་བཙན་བྱོལ་བོད་གཞུང་གིས་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་དུ་སྤེལ་རྩིས་ཡོད་པ་འདྲ། རྗེས་སུ་ཡི་རང་ཡོད། བོད་གཞིས་ལུས་མི་དམངས་དང་ལྷག་པར་དུ་བོད་ཀྱི་དཔའ་རྟུལ་རྣམས་ནི་བཙན་བྱོལ་བོད་གཞུང་ལ་སྐུ་དྲིན་ཆེན་པོ་ཡིན་སྟབས་ངོ་རྒོལ་སྤེལ་འོས་པ་ཞིག་ཀྱང་རེད། ཡིན་ནའང་ད་བར་དུ་བཙན་བྱོལ་བོད་གཞུང་གི་ངོས་ནས་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་དང༌། བོད་གཞིས་ལུས་མི་མང་གི་སྙིང་སྟོབས་ལ་བསྟོད་བསྔགས་གནང་ཡོད་པ་མ་གཏོགས། བོད་གཞིས་ལུས་མི་དམངས་ཀྱི་རེ་འདོད་དང་མཐུན་པའི་སྲིད་ཇུས་ཤིག་སྤེལ་མེད། ལྷག་པར་དུ་བོད་རང་དབང་གི་ཆེད་དུ་རང་སྐུ་མེ་ལ་བསྒྲོན་པའི་ལས་འགུལ་གསར་པ་འདི་འདྲ་བྱུང་སྐབས་ཀྱང༌། བཙན་བྱོལ་བོད་གཞུང་གིས་ནུས་པ་ཡོད་ཚད་ངོ་རྒོལ་ལས་འགུལ་གྱི་ཕྱོགས་ལ་གཏོང་རྩིས་ཡོད་པ་ལས་དེའི་ནུས་པའི་ཆ་ཕྲ་མོ་ཙམ་ཡང་སྲིད་ཇུས་བཅོས་བསྒྱུར་གྱི་ཕྱོགས་ལ་གཏོང་རྩིས་ཡོད་པའི་མཚོན་རྟགས་ཅི་ཡང་མ་མཐོང༌།

 

ང་ནི་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་འདི་འགྱུར་བ་གཏོང་དགོས་ཟེར་མཁན་ཁྲོད་ཀྱི་གཅིག་ཡིན། དེར་རྒྱུ་མཚན་འགའ་ཡོད་ཀྱང་དེ་དག་ཕྱོགས་གཅིག་ཏུ་བསྡུས་ན་རང་སྲིད་རང་སྐྱོང་གི་སྲིད་ཇུས་ནི་བོད་གཞིས་ལུས་མི་དམངས་ཀྱི་མངོན་འདོད་མ་རེད་ཅེས་པ་དེ་ཡིན། བཙན་བྱོལ་བོད་གཞུང་ནི་བོད་མི་ས་ཡ་དྲུག་གི་སྐུ་ཚབ་ཡིན་པ་རེད། བོད་ཀྱི་སྐུ་ཚབ་ཀྱིས་བོད་རྒྱ་ཆེའི་གཞིས་ལུས་མི་དམངས་ཀྱི་མངོན་འདོད་བསྒྲུབ་དགོས་པ་རེད་མ་གཏོགས། མངོན་འདོད་གཞན་པ་ཞིག་སྒྲུབ་པ་ཡིན་ན་སྐུ་ཚབ་ཏུ་མ་གྱུར་པ་རེད། ད་བར་དུ་བོད་རྒྱ་ཆེའི་གཞིས་ལུས་མི་དམངས་ནི་རྒྱ་ནག་གི་མནར་གཅོད་མྱོང་མཁན་དང༌། བཙན་བྱོལ་བོད་གཞུང་ནི་དྲིལ་བསྒྲགས་གནང་མཁན་ལྟ་བུར་གྱུར་ཡོད་པ་ནི་ང་ཚོ་ངོ་གནོངས་དགོས་པའི་གནས་ཤིག་ཡིན།

 

            བོད་གཞིས་ལུས་མི་དམངས་ཚོས་བོད་རང་དབང་གི་ཆེད་དུ་དུས་དང་དུས་སུ་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རྒྱུན་མ་ཆད་པར་གནང་ཡོད། ལྷག་པར་དུ་ལོ་གཉིས་ཀྱི་གོང་ནས་བཟུང་བོད་དུ་རང་ལུས་མེར་བསྲེག་གི་མེ་ལྕེ་དམར་པོ་མཆེད་དང་མཆེད་མུས་ཀྱི་མུར་ཡོད། འདི་རྩ་ཆེན་པོ་རེད། འདི་རྩ་ཆེན་པོ་ཡིན་པའི་རྒྱུ་མཚན་ནི། བོད་གཞིས་ལུས་མི་དམངས་ཚོས་རྒྱ་ནག་གི་སྲིད་ཇུས་ལ་འདོད་པ་མ་ཁེངས་པར་བོད་རང་དབང་བརྩོན་ལེན་གྱི་ཐད་ལ་རང་ལུས་དྲོན་མོ་སྦྱིན་པ་གཏོང་གི་ཡོད། འདིས་ད་ལྟ་དང་མ་འོངས་པར་ཡང་བོད་མི་རིགས་ཀྱི་རྩ་དོན་འཛམ་གླིང་འདིའི་སྟེང་དུ་མཁྲེགས་པོར་གནས་འཇུག་ཐུབ། ཡང༌། བཙན་བྱོལ་བོད་གཞུང་གིས་བོད་གཞིས་ལུས་མི་དམངས་ཚོས་བོད་རང་བཙན་གྱི་ཆེད་དུ་ལས་འགུལ་སྤེལ་བཞིན་པ་དང༌། བོད་རང་བཙན་ནི་བོད་གཞིས་ལུས་མི་དམངས་ཀྱི་མངོན་འདོད་ཡིན་པ་མཁྱེན་གྱི་ཡོད་ནའང༌།  རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དེ་ཡང་གློ་བུར་དུ་བསྒྱུར་ཆོག་ཆོག་མིན་སྟབས། དེ་ལ་རྒྱུ་མཚན་ཞིག་དགོས་ཤིང༌། ད་ཐེངས་བོད་ནང་དུ་བྱུང་དང་འབྱུང་བཞིན་པའི་རང་ལུས་མེར་སྲེག་གི་ལས་འགུལ་འདི་ལས་ལྷག་གི་རྒྱུ་མཚན་གཞན་པ་ཞིག་ང་ཚོར་འདྲེན་རྒྱུ་མེད་སྟབས། འདི་རྩ་ཆེན་པོར་གྱུར་པའི་གནད་འགག་གཞན་པ་འདི་རེད།

           

            ཕྱོགས་ངོས་གཞན་ཞིག་ནས་བཤད་ན། བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་བཅོས་བསྒྱུར་གྱིས་བོད་རང་བཙན་གྱི་ལམ་དུ་ཕྱིན་ཚེ་དེས་ྋརྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང༌། རྒྱལ་སྤྱིའི་རོགས་སྐྱོར། རྒྱ་ནག་གི་ངོས་ལེན་སོགས་ལ་དོ་ཕོག་གཏོང་བར་དགོངས་བཞེས་གནང་མཁན་ཡོད་ན་ནི། སྔོན་ཆད་དང་དེ་རིང་གི་གནས་སྟངས་མི་འདྲ་བ་མ་ཟད། དེ་རིང་གི་བོད་ནང་གི་གནས་སྟངས་ནི་ཆེས་ཛ་དྲག་པོ་དང་ཨུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་ཡོད། ལྷག་པར་དུ་བོད་རང་བཙན་ནི་བོད་མི་རིགས་ཀྱི་ཐོབ་ཐང་ཡིན་དུས། བོད་མི་དམངས་ཀྱི་འདོད་བློ་དང་འཚམ་པའི་སྲིད་ཇུས་གང་ཞིག་སྤེལ་ནའང༌། དེས་ྋརྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་ཕམ་མི་སྲིད་ལ། བླ་སློབ་ཀྱི་འབྲེལ་བ་དང༌། ྋརྒྱལ་བ་རིན་པོ་ཆེའི་གཟི་བརྗིད་འཛམ་གླིང་འདིའི་སྟེང་ནས་རྩ་ཡལ་དུ་འགྲོ་མི་སྲིད། དེ་བཞིན་དུ་བོད་རང་བཙན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནས་བབ་དང་དཔལ་འབྱོར་སོགས་ཀྱི་ཐད་ལ་དོ་ཕོག་རྩ་ནས་གཏོང་གི་མེད་སྟབས། དྲང་བདེན་ལ་དགའ་བའི་མི་དག་གིས་འདས་པའི་དུས་སུའང་ང་ཚོར་རྒྱབ་སྐྱོར་གནང་བ་རེད་ལ། མ་འོངས་པར་ཡང་རྒྱབ་སྐྱོར་གནང་ངེས་རེད། འདི་ལ་དོགས་པ་རྣམ་རྟོག་གནང་མི་དགོས་པ་འདྲ། མ་འོངས་པར་རྒྱ་ནག་གིས་བོད་རང་བཙན་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་དང་རྒོལ་གཏམ་གཏོང་རྒྱུ་ཡིན་པ་ནི་གསལ་པོ་ཡིན་ནའང་༌། དེ་ལ་ང་ཚོས་ཀྱང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་གདོང་ལེན་བྱེད་དགོས་པ་མ་རེད་དམ།

           

ང་ཚོར་བཙན་བྱོལ་བོད་གཞུང་གིས་རང་བཙན་བརྩད་ནའང་གྲུབ་འབྲས་མ་བྱུང་བ་རེད་ཅེས་པའི་སྐད་ཆ་སྙིང་རྗེ་པོ་ཞིག་ཡོད།  སྐད་ཆ་དེ་ནི་བདེན་པ་ཆ་ཚང་བ་ཞིག་མིན། ང་དགུ་ལོར་ང་ཚོ་བཙན་བྱོལ་བ་གྱུར་ནས་བདུན་བཅུ་དོན་དགུ་ལོའི་བར་དུ་ང་ཚོའི་འཐབ་རྩོད་ཀྱི་ནུས་པ་ཡོད་ཚད་བཙན་བྱོལ་བོད་གཞུང་དང་དེའི་ལས་ཁུངས་མ་ལག་དང་བཅས་པ་འཛུགས་སྐྲུན་བྱེད་པའི་ཕྱག་ལས་སྟེང་དུ་ཤོར་ཡོད། སྐབས་དེར་ང་ཚོས་འདས་པའི་དུས་སུའང་བོད་རང་བཙན་ཡིན། མ་འོངས་པར་ཡང་རང་བཙན་དགོས་པའི་བསམ་བློའི་འོག་ཏུ་འགྲེངས་ཏེ་རང་བཙན་གླེང་བ་མ་གཏོགས་དོན་དངོས་སུ་ཐབས་ཤེས་ཡོད་ཚད་རྩལ་བཏོན་གྱིས་ཕྱག་ལས་གནང་མེད། ཕྱིས་སུ་བཙན་བྱོལ་བོད་གཞུང་འགྱེལ་ས་ནས་ལངས་ཐུབ་པའི་སྐབས་དེར་གློ་བུར་དུ་ལམ་དབུ་མ་ཞེས་པའི་སྲིད་ཇུས་འདིས་ཡོད་ཚད་ལ་གསར་བརྗེ་བྱས་ཡོད།

 

ད་ཐེངས་ཀྱི་བོད་ནང་གི་རང་ལུས་མེར་སྲེག་གི་ལས་འགུལ་འདི་ལ་བརྟེན་ནས་ང་ཚོ་བོད་རང་བཙན་གྱི་ལམ་དུ་ཕྱིན་ནའང༌། མ་འོངས་པར་རང་བཙན་རེག་མི་རེག་གི་སྐོར་ལ་འདི་འདྲ་ཞིག་དྲན་བྱུང༌། རྒྱ་ནག་གིས་ང་ཚོར་རང་བཙན་ཕར་ཞོག བོད་རང་སྐྱོང་ཡང་ནམ་ཡང་སྤྲོད་མི་སྲིད། རྒྱ་ནག་གིས་ང་ཚོར་བོད་རང་སྐྱོང་སྤྲོད་པ་ལ་ཐོག་མར་ང་ཚོས་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་མིན་པ་ཁས་ལེན་བྱ་དགོས་སྟབས། དོན་གྱི་རྩ་བ་འདི་ནས་འགག་ཚར་ཡོད། དེ་ལ་བསམས་ན་ད་ནི་ང་ཚོས་བོད་ཀྱི་རང་སྐྱོང་ལ་ངང་སྒུག་བྱེད་རྒྱུ་མེད་པ་འདྲ། གཙོ་བོ་རྒྱ་ནག་གི་འགྱུར་བ་དང༌། རྒྱ་ནག་ལ་ཕྱོགས་ཡོངས་ནས་འགྱུར་བ་ཞིག་ཐེབས་པ་ཡིན་ན་བོད་ཀྱི་གནད་དོན་ལའང་འགྱུར་བ་ཞིག་ཏན་ཏན་ཐེབས་རྒྱུ་ཡིན་པའི་ངེས་པ་མེད།

           

            མི་ལུས་ནི་རིན་པོ་ཆེ་ཡིན་པ་ནི་སྨོས་མེད་ཡིན། ཡིན་ནའང་མི་ལུས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་གཏོང་མཁན་རྣམས་ནི་ངོ་མ་རླབས་ཆེན་རེད། ང་ཚོས་ཀྱང་རླབས་ཆེན་གྱི་དཔའ་རྟུལ་འདི་དག་གི་ལས་འགུལ་འདི་དག་གོ་སྐབས་དང་རྒྱུ་མཚན་ཅན་དུ་བགྲངས་ནས་བོད་རང་བཙན་གྱི་ལམ་དུ་འགྲོ་ཐུབ་ཚེ། འདིས་བོད་གཞིས་བྱེས་གཉིས་ཀྱི་བར་ལ་བླ་ན་མེད་པའི་ཆིག་སྒྲིལ་བཟོ་ཐུབ་པ་མ་ཟད། འདིས་བོད་གཞིས་ལུས་མི་དམངས་ཀྱི་ཐུགས་དགྱེས་ཤིང༌། ལྷག་པར་དུ་རྣམ་མཁྱེན་རྒྱལ་བའི་སར་གཤེགས་པའི་དཔའ་བོ་དཔའ་མོ་ཚོས་ཀྱང་ཕྱག་རྡེབ་གནང་ངེས་རེད། མདོར་ན་བོད་གཞིས་ལུས་མི་དམངས་ཀྱི་སེམས་ཤུགས་ཆགས་མི་ཆགས་དང༌། བཙན་བྱོལ་བོད་གཞུང་གནས་མི་གནས་ཀྱང་འདི་ལ་འབྲེལ་བ་ཡོད་སྟབས། བཙན་བྱོལ་བོད་གཞུང་གིས་ལས་འགུལ་གསར་པའི་རིགས་ཀྱི་དབུ་འཁྱུད་ཐོག་མ་འདི་ནས་བྲིས་ཏེ། ད་ལྟའི་བོད་མི་དམངས་སྤྱི་དང་མ་འོངས་བོད་ཀྱི་བུ་རབས་ཚ་བརྒྱུད་རྣམས་ཀྱི་ཆེད་དུ་མངོན་ལྐོག་མེད་པའི་དྲང་བདེན་གྱི་སྲིད་ཇུས་ཤིག་གནང་བར་འབོད་སྐུལ་ཞུ་བཞིན་ཡོད།

འབྲེལ་ཡོད་གསར་འགྱུར།

སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༣ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༣ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༢༤ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

༢༠༢༥/༠༧/༠༢
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡

མཆན། 28

  1. བཙན་པོའི་བུ། says:
    ལོ་ 13 སྔོན།

    སྙན་བཟང་ལགས། མི་སུ་ཞིག་ཡིན་ཀྱང་རང་དབང་དགོས་པ་དེ་ཆོས་ཉིད་རེད། རང་དབང་ནི་མི་ཙམ་མ་ཟད་དུད་འགྲོ་རྣམས་ཀྱི་ཀྱང་མངོན་འདོད་རེད། དེ་ལ་རྩོད་པ་མེད་པ་རེད། འོན་ཀྱང་སེམས་ནང་གི་མངོན་འདོད་དང་མིག་འདུན་གྱི་འཚོ་བ་གཉིས་མཚམས་རེ་ཁ་གཏད་དུ་ལང་གི་ཡོད་པ་དེའང་དངོས་ཡོད་རེད། ང་ཚོ་བོད་རིགས་ཚོར་མཚོན་ནའང་རང་བཙན་འདོད་པ་ནི་རྩོད་མེད་རེད། འོན་ཀྱང་༧གོང་ས་མཆོག་དང་བོད་གཞུང་གི་སེམས་ནང་གི་རང་དབང་ལས་མིག་མདུན་གྱི་དབུ་མའི་ལམ་དེ་བོད་པའི་ཁེ་ཕན་སྒྲུབ་རྒྱུར་བར་ཐག་ཉེ་བ་ཡོད་པར་གཟིགས་ཏེ་སྲིད་བྱུས་དེ་བཟུངས་པ་རེད། དེ་ནི་རྒྱང་རིང་གི་རྒྱ་མཚོ་ལས་མིག་མདུན་གྱི་ཁྲོན་པའི་ཆུ་དེ་སྐོམ་གདུང་སེལ་རྒྱུར་ནུས་པ་ཆེ་བ་ཡོད་པ་དང་གཅིག་མཚུངས་རེད། དེ་གཅིག་ཡིན། གཉིས་ནས་ཁྱེད་རང་གིས་ང་དགུ་ལོར་ང་ཚོ་བཙན་བྱོལ་བ་གྱུར་ནས་བདུན་བཅུ་དོན་དགུ་ལོའི་བར་དུ་ང་ཚོའི་འཐབ་རྩོད་ཀྱི་ནུས་པ་ཡོད་ཚད་བཙན་བྱོལ་བོད་གཞུང་དང་དེའི་ལས་ཁུངས་མ་ལག་དང་བཅས་པ་འཛུགས་སྐྲུན་བྱེད་པའི་ཕྱག་ལས་སྟེང་དུ་ཤོར་ཡོད།ཞེས་པ་དེ་ནི་ཡོངས་སུ་དོན་དངོས་དང་མ་མཐུན་པའི་སྐད་ཆ་ཞིག་རེད། དེ་ཡང་བོད་གཞུང་གིས་རྒྱལ་ཚོགས་གཅོ་འགྱུར་གྱི་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་འབྲེལ་ལམ་གང་ལྕོགས་གནང་སྟེ་བོད་དོན་དེ་རྒྱལ་ཚོགས་སྟེང་ཁྱེར་བ་རེད་ལ་གྲོས་ཆོད་ཀྱང་མི་ཉུང་བ་ཞིག་བཞག་ཡོད། དེ་བཞིན་དུ་རང་ཐག་རང་གཅོད་ཀྱི་ཐ་སྙད་དེ་ཡང་ཨ་རིས་བོད་ཐོག་བཀོལ་སྤྱོད་ཀྱིས་བོད་དོན་དེ་རང་ཐག་རང་གཅོད་ཀྱི་ལམ་ནས་ཐག་གཅོད་གནང་རྒྱུའི་སྲིད་བྱུས་ཨ་རིས་བཟུངས་པ་རེད། འོན་ཀྱང་དེ་དབྱིན་ཇི་དང་རྒྱ་གར་སོགས་པའི་རང་ཉིད་ཀྱི་ཁེ་ཕན་དང་འབྲེལ་ཡོད་ཀྱི་རྒྱལ་ཁབ་མང་པོས་ལམ་བུ་དེ་བཀག་པ་རེད། དེ་དང་དེ་འདྲ་བའི་འབད་བརྩོན་རབ་དང་རིམ་པ་མང་པོ་གནང་པ་རེད། གཉིས་ནས་བཙན་བྱོལ་བོད་གཞུང་གིས་རང་བཙན་སྲ྄ིད་བྱུས་བཟུང་ཚེ་དེ་སྔོན་དང་མི་འདྲ་བའི་ཐབས་བྱུས་གསར་པ་ཞིག་ཁྱེད་རང་གསུངས་རྒྱུ་ཡོད་དམ། ཁྱེད་རང་བྱས་ན་ང་ཚོས་རང་བཙན་ཇི་ལྟར་བརྩོད་དགོས་སམ། དྲག་པོའི་ལམ་ནས་བརྩོད་ཀྱི་ཡིན་ནམ་ཡང་ན་ཞི་བ། དེ་མིན་རྒྱལ་སྤྱིའི་སྟོོབས་ཤུགས་ལ་བརྟེན་ནས་བརྩོད་ངེས་ཡིན། དྲག་པོའི་ལམ་ནས་བརྩོད་ན་གོ་མཚོན་གང་ནས་རག་གི་རེད་དམ། ཞི་བའི་ལམ་ནས་བརྩོད་ན་ང་ཚོས་ད་བར་ཞི་ལམ་ནས་བརྩད་པ་རེད། འོན་ཀྱང་ང་ཚོའི་མངོན་འདོད་ད་དུང་འང་འགྲུབ་མེད་པར་ེད། དེ་བཞིན་དུ་རྒྱལ་སྤྱིའི་རྒྱབ་སྐྱོར་གྱི་སྟོབས་ཤུགས་ལ་བརྟེན་ན་ང་ཚོས་ཐོག་མར་རྒྱལ་སུ་ལ་རེ་ལྟོས་བཅོལ་དགོས་སམ། རྒྱལ་ཚོགས་ལ་རེ་བ་རྒྱག་ས་མེད་པ་ནི་ས་རིས་ཐང་གསལ་རེད། གང་ཡིན་ཟེར་ན་བདེ་འཇགས་ལས་ཁུང་གི་ཁོངས་མི་གཅིག་རྒྱ་ནག་ཡིན་པའི་ཕྱིར། མིག་མདུན་གྱི་དཔེ་མཚོན་གསལ་ཤོས་གཅིག་ནི་སི་རཱི་ཡ་རེད། ར་ཤི་ཡ་དང་རྒྱ་ནག་གིས་བདེ་འཇགས་ལས་ཁུང་གི་ཐོབ་ཐང་སྤྱད་ནས་རྒྱལ་ཚོགས་ཀྱིས་སི་རི་ཡར་ལག་པ་འཆང་རྒྱུར་བཀག་དང་འགོག་བཞིན་པ་རེད།

    Reply
  2. གཡུ་རལ་བཀྲ་རྒྱམ། says:
    ལོ་ 13 སྔོན།

    སྙན་བཟང་ལགས་ཀྱིས་ཁོའི་རང་གི་བསམ་ཚུལ་ཡག་པོ་བྲིས་འདུག་པས་རྒྱབ་སྐྱོར་དང་བཀའ་དྲིན་ཆེ་ཞུ་བ་ཡིན་། ང་ཚོ་སུ་ཡིན་ཡང་རང་མི་རིགས་ཀྱི་རྩ་དོན་འགག་སྒོ་དག་ལ་མནོ་བསམ་བཞེས་རྒྱུ་དེ་ཤིན་ཏུ་གལ་ཆེ།
    མི་ཞིག་ཡིན་ན་རང་གི་ལངས་ཕྱོགས་བརྟན་པོར་གནས་དགོས། མུ་མཐུད་དུ་ཤུ་རེ་བྱོས།

    Reply
  3. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ཆབ་བྲག་ལགས། དེང་སང་བོད་དུ་རང་ལུས་སྲེག་མཁན་ཕལ་ཆེ་བའི་འབོད་ཚིག་དང་ཞི་རྒོལ་བ་རྣམས་ཀྱིས་འབོད་སྒྲ་ནི་བོད་རང་བཙན་ནམ་རང་དབང་རང་བཙན་དང་རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས་ཞེས་པ་དག་ཡིན་པ་ནི་མངོན་གསལ་དོད་པོ་དང་། ས་རིས་ཐང་གསལ་གྱི་དཔང་རྟགས་འཕེར་ངེས་དང་། བོད་དུ་བོད་པ་རྒྱུས་ཅན་ཡོད་བཞིན་དུ། རང་དབང་ལ་སྒྱུར་མཁན་དྷ་སའི་སྲིད་དོན་པའི་ནང་ནས་ཁྱེད་ཡང་གཅིག་ཡིན་པ་འདྲ། རང་ལུས་མེ་བསྲེགས་གཏོང་མཁན་རྣམས་ཀྱི་འབོད་ཚིག་རེ་རེ་བཞིན་ཞིབ་འཇུག་བྱེད་མ་ཐུབ་ཀྱང་དཔའ་བོ་མི་ཉུང་བའི་འབོད་སྒྲ་རང་བཙན་ཡིན་པ་ཡོངས་གྲགས་རེད། སྤྲུལ་སྐུ ་བསོད་བྷེས་རང་ལུས་ཞུགས་འབུལ་སྐབས་སུ། དེ་བས་ཀྱང་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་རང་དབང་རང་བཙན་ཡིན་གསུངས་ཡོད།   ཉིས་སྟོང་བརྒྱད་ལོའི་འབོད་སྒྲ་གཅིག་གྱུར་དེ་རང་བཙན་ཡིན་པ་ཡོངས་གྲགས་རེད། དེའང་ཁྱེད་ཀྱིས་མ་གསན་པ་ནི་ཡ་རེ་མཚར། གསར་འགོད་པ་ལ་ལས་ཀྱང་རང་བཙན་གྱི་འབོད་སྒྲ་དེ། རང་དབང་ལ་གཡོ་བསྒྱུར་བྱེད་མུས་རེད་དོ།། བདེན་པ་བདེན་ཐོག་བྱེད་དགོས་པ་ལས་དེའང་ཆ་རྐྱེན་ཞིག་གི་འོག་ཏུ་བཅུག་ནས་གཡོ་བཅོས་བྱེད་པའི་བྱ་ལག་མང་ན་བདེན་དོན་འཐབ་རྩོད་དེ་ཡང་ནམ་ཞིག་དོན་དངོས་བདེན་པ་དང་རིང་དུ་གྱེས་ནས་འཁྲབ་གཞུང་ཞིག་འཁྲབ་པ་ལྟ་བུར་འགྱུར་ཉེན་མི་ཆེའམ་ལགས།།

    Reply
  4. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ཆབ་བྲག་ལགས། དེང་སང་བོད་དུ་རང་ལུས་སྲེག་མཁན་ཕལ་ཆེ་བའི་འབོད་ཚིག་དང་ཞི་རྒོལ་བ་རྣམས་ཀྱིས་འབོད་སྒྲ་ནི་བོད་རང་བཙན་ནམ་རང་དབང་རང་བཙན་དང་རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས་ཞེས་པ་དག་ཡིན་པ་ནི་མངོན་གསལ་དོད་པོ་དང་། ས་རིས་ཐང་གསལ་གྱི་དཔང་རྟགས་འཕེར་ངེས་དང་། བོད་དུ་བོད་པ་རྒྱུས་ཅན་ཡོད་བཞིན་དུ། རང་དབང་ལ་སྒྱུར་མཁན་དྷ་སའི་སྲིད་དོན་པའི་ནང་ནས་ཁྱེད་ཡང་གཅིག་ཡིན་པ་འདྲ། རང་ལུས་མེ་བསྲེགས་གཏོང་མཁན་རྣམས་ཀྱི་འབོད་ཚིག་རེ་རེ་བཞིན་ཞིབ་འཇུག་བྱེད་མ་ཐུབ་ཀྱང་དཔའ་བོ་མི་ཉུང་བའི་འབོད་སྒྲ་རང་བཙན་ཡིན་པ་ཡོངས་གྲགས་རེད། སྤྲུལ་སྐུ ་བསོད་བྷེས་རང་ལུས་ཞུགས་འབུལ་སྐབས་སུ། དེ་བས་ཀྱང་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་རང་དབང་རང་བཙན་ཡིན་གསུངས་ཡོད།   ཉིས་སྟོང་བརྒྱད་ལོའི་འབོད་སྒྲ་གཅིག་གྱུར་དེ་རང་བཙན་ཡིན་པ་ཡོངས་གྲགས་རེད། དེའང་ཁྱེད་ཀྱིས་མ་གསན་པ་ནི་ཡ་རེ་མཚར། གསར་འགོད་པ་ལ་ལས་ཀྱང་རང་བཙན་གྱི་འབོད་སྒྲ་དེ། རང་དབང་ལ་གཡོ་བསྒྱུར་བྱེད་མུས་རེད་དོ།། བདེན་པ་བདེན་ཐོག་བྱེད་དགོས་པ་ལས་དེའང་ཆ་རྐྱེན་ཞིག་གི་འོག་ཏུ་བཅུག་ནས་གཡོ་བཅོས་བྱེད་པའི་བྱ་ལག་མང་ན་བདེན་དོན་འཐབ་རྩོད་དེ་ཡང་ནམ་ཞིག་དོན་དངོས་བདེན་པ་དང་རིང་དུ་གྱེས་ནས་འཁྲབ་གཞུང་ཞིག་འཁྲབ་པ་ལྟ་བུར་འགྱུར་ཉེན་མི་ཆེའམ་ལགས།།

    Reply
  5. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ཆབ་བྲག་ལགས། དེང་སང་བོད་དུ་རང་ལུས་སྲེག་མཁན་ཕལ་ཆེ་བའི་འབོད་ཚིག་དང་ཞི་རྒོལ་བ་རྣམས་ཀྱིས་འབོད་སྒྲ་ནི་བོད་རང་བཙན་ནམ་རང་དབང་རང་བཙན་དང་རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས་ཞེས་པ་དག་ཡིན་པ་ནི་མངོན་གསལ་དོད་པོ་དང་། ས་རིས་ཐང་གསལ་གྱི་དཔང་རྟགས་འཕེར་ངེས་དང་། བོད་དུ་བོད་པ་རྒྱུས་ཅན་ཡོད་བཞིན་དུ། རང་དབང་ལ་སྒྱུར་མཁན་དྷ་སའི་སྲིད་དོན་པའི་ནང་ནས་ཁྱེད་ཡང་གཅིག་ཡིན་པ་འདྲ། རང་ལུས་མེ་བསྲེགས་གཏོང་མཁན་རྣམས་ཀྱི་འབོད་ཚིག་རེ་རེ་བཞིན་ཞིབ་འཇུག་བྱེད་མ་ཐུབ་ཀྱང་དཔའ་བོ་མི་ཉུང་བའི་འབོད་སྒྲ་རང་བཙན་ཡིན་པ་ཡོངས་གྲགས་རེད། སྤྲུལ་སྐུ ་བསོད་བྷེས་རང་ལུས་ཞུགས་འབུལ་སྐབས་སུ། དེ་བས་ཀྱང་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་རང་དབང་རང་བཙན་ཡིན་གསུངས་ཡོད།   ཉིས་སྟོང་བརྒྱད་ལོའི་འབོད་སྒྲ་གཅིག་གྱུར་དེ་རང་བཙན་ཡིན་པ་ཡོངས་གྲགས་རེད། དེའང་ཁྱེད་ཀྱིས་མ་གསན་པ་ནི་ཡ་རེ་མཚར། གསར་འགོད་པ་ལ་ལས་ཀྱང་རང་བཙན་གྱི་འབོད་སྒྲ་དེ། རང་དབང་ལ་གཡོ་བསྒྱུར་བྱེད་མུས་རེད་དོ།། བདེན་པ་བདེན་ཐོག་བྱེད་དགོས་པ་ལས་དེའང་ཆ་རྐྱེན་ཞིག་གི་འོག་ཏུ་བཅུག་ནས་གཡོ་བཅོས་བྱེད་པའི་བྱ་ལག་མང་ན་བདེན་དོན་འཐབ་རྩོད་དེ་ཡང་ནམ་ཞིག་དོན་དངོས་བདེན་པ་དང་རིང་དུ་གྱེས་ནས་འཁྲབ་གཞུང་ཞིག་འཁྲབ་པ་ལྟ་བུར་འགྱུར་ཉེན་མི་ཆེའམ་ལགས།།

    Reply
  6. ཨ་ར་དཀར་པོ says:
    ལོ་ 13 སྔོན།

    འཁྱམ་པོ་ཟེར་བ་ལགས། ཁྱོད་ཀྱིས་༼མེ་ལྕེ་འདི་དུས་གང་ཙམ་ཞིག་འབར་སམ་ཞེ་ན་དི་ནི་མི་གཅིག་རང་གི་ལག་ཏུ་ཡོད་གོང་ས་མཆོག་ནས་བཀའ་ཞིག་མ་ཕེབས་བར་དུ་འབར་སྲིད་ལ་བོད་མི་ཉི་ཤུ་ཙམ་ཞིག་བོད་སྟན་སྲིད་དང་གོང་ས་མཆོག་བོད་ལ་གདན་འདྲེན་ཆེད་དུ་སྐུ་སྲོག་ཤོར་ཞིང་ད་དུང་ཇེ་ཙམ་འདས་གྲོང་འགྲོ་མིན་ནི་ཁོང་གིས་ཕྱག་ཏུ་ཡོད༽ ལྟོས་དང་། ཕར་རྒྱ་གཞུང་གི་མགོ་ལ་གཡོག་རྒྱུ་དེ་ཚུར་གོང་ས་མཆོག་གི་མགོ་ལ་བཞག་འདུག ངོ་མ་བསྟོད་མི་ཤེས་མཁན་གྱིས་བསྟོད་པ་ལས་སྨད་མི་ཤེས་མཁན་གྱིས་སྨད་ན་དགའ་ཟེར་བ་ཅི་མ་བདེན་ཨང་། རྗེས་མ་ནས་སྐད་ཆ་འདི་རིགས་གང་བྱུང་མ་བཤད་ན་བཟང་གི བསམ་བློ་ཡག་པོ་ཐོངས།

    Reply
  7. རྡོ་རྗེ་ཕ་ལམ། says:
    ལོ་ 13 སྔོན།

    གཡུང་དྲུང་ཚེ་རིང་ཁྱོད་ལ་གཉིད་ལམ་བཏང་བ་རེད་ཡང་ན་གཉིད་ལབ་རྒྱབ་ཀྱི་ཡོད་རེད། ཡང་ན་རྐང་བཙུག་ནས་༸སྐྱབས་མགོན་རིན་པོ་ཆེ་ལ་ཁ་ཏད་དུ་ལངས་ཀྱི་ཡོད། བཙན་བྱོལ་བོད་གཞུང་གྱེལ་ས་ནས་ལངས་ཐུབ་གྲབས་ག་དུས་བྱས་འདུག གྱེལ་ས་ནས་ལངས་པ་ཁྱོད་ལ་གཉིད་ལམ་སྐྱིད་པོ་ཞིག་བཏང་ཡོད་ཀྱི་རེད། ཁྱོད་ཀྱི་ཡང་སྙིང་བཙན་བྱོལ་བོད་གཞུང་གྱེལ་ས་ནས་ལངས་གྲབས་བྱེད་སྐབས་༸གོང་ས་མཆོག་ནས་དབུ་མའི་ལམ་གྱི་གསར་བརྗེ་གནང་སོང་ཅེས་བརྗོད་ན་ཧ་ཅང་ཐལ་དྲག་མིན་འགྲོ། དོལ་རྒྱལ་ཚོགས་པ་མ་གཏོགས་བོད་མི་ཡོད་དོ་ཅོག་གི་༸གོང་ས་མཆོག་ནས་ལམ་སྟོན་གང་གནང་པ་དེར་ཤར་བསྐྱོད་བྱེད་བཞིན་ཡོད། རང་བཙན་གཙང་མ་དང་། དབུ་མའི་ལམ། བདེན་པའི་ཨུ་བཙུག རང་ཐག་རང་གཅོད་བཞིའི་ནང་ནས་དབུ་མའི་ལམ་ལ་རྒྱལ་ཁ་འཐོབ་པ་ཁྱོད་ཀྱི་ཧ་མི་གོའམ། ཀླུ་གར་བྱམས་ཟེར་བ་འདི་དང་ཁྱོད་ཀྱི་ཁའི་ནང་སྐྱག་པ་ཚ་པོ་ཞིག་བླུགས་དགོས་པ་འདུག ནར་ནར་ལྕེ་ལ་བདག་པོ་མ་རྒྱབ་ན། རིལ་རིལ་དབུ་ལ་འོ་རྒྱལ་བཟོས་ཡོང་ངོ་། ང་ཚོ་བོད་མི་ཚོ་ག་ཚོད་ཀྱི་ཐབས་སྡུག་ན་ཡང་༸གོང་ས་མཆོག་ནས་བཀའ་གནང་པ་བཞིན་དབུ་མའི་ལམ་ཐོག་ཤར་བསྐྱོད་བྱེད་ན་ཕྲལ་ཕུགས་གཉིས་ལ་ཕན་པ་ཡིན། ༸གོང་ས་མཆོག་ནས་ཨོ་ཚོད་ཀྱི་དབུ་མའི་ལམ་གྱི་ལམ་ཁ་དེར་བདམས་པ་མ་ཡིན་པར་ལོ་མང་པོའི་རྗེས་ཐུགས་བསམ་ཞིབ་མོར་བཏང་སྟེ་དོ་དོ་ཏན་ཏན་གྱི་སྒོ་ནས་ཐག་བཅད་བཞག་པ་ཞིག་རེད་མ་གཏོགས་ཁྱོད་ནང་བཞིན་གྱི་སྐྱེ་བོ་ཕལ་པ་ཞིག་གི་བསམ་བློ་བཏང་པ་ནང་བཞིན་ཞིག་ག་ནས་ཡིན། ༸གོང་ས་མཆོག་ནི་ང་ཚོས་སངས་རྒྱས་སྐུ་ཤ་རློན་པ་ཞིག་ལ་ངོས་འཛིན་བྱེད་ཐུབ་པ་ལ་དབུ་མའི་ལམ་གྱི་ཐོག་ནས་ང་ཚོར་རང་དབང་ཚད་ལྡན་རག་གི་མ་རེད་ལབ་ན་ཡིད་ག་ནས་ཆེས། དབུ་མའི་ལམ་ཟེར་བ་ནི་ཐབས་ལམ་ཞིག་ཡིན་པ་མ་གཏོགས་ང་ཚོས་སོ་སོར་བདག་པའི་རང་དབང་ཡོངས་རྫོགས་རྒྱ་གཞུང་ལ་རྩིས་སྤྲོད་བྱེད་པ་དེ་འདྲ་གང་ཡང་མིན། བསམ་བློ་ཡག་པོ་བཏང་སྟེ་དྲ་རྒྱའི་ནང་གནས་ཚུལ་བཀོད་ན་ཡག དེ་ལས་དཀྲོག་གཏམ་ཆེ་དྲག་ན་རང་གཞན་གཉིས་ལ་གནོད་པ་ཡིན། དབུ་མའི་ལམ་རྒྱལ་ལོ།

    Reply
  8. བདུད་རྡོ། says:
    ལོ་ 13 སྔོན།

    རྣམ་པ་ཚོས་བསམ་ཚུལ་བཏོན་པ་ཡག་པོ་རེད་དེ་རྒྱུ་མཚན་ཡང་དག་ཞིག་བཤད་རྒྱུ་དང་།ཐབས་ལམ་ཡང་དག་ཞིག་སྟོན་རྒྱུ་མེད་ན་ཁ་བཙུམ་རོགས།བོད་ནང་གི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་དགོངས་པ་ཅིག་ཅིག་རེད་མུག་མུག་རེད་ཟེར་ནས་རང་སྣང་གང་དྲན་མ་བཤད་རོགས།

    Reply
  9. བདུད་རྡོ། says:
    ལོ་ 13 སྔོན།

    ཚང་མས་ཡག་པོ་བྲིས་འདུག།གོ་རྒྱུ་འདུག།འདི་འདྲ་མང་ཙམ་འབྲི་རོགས་

    Reply
  10. མཇུག་མེད། says:
    ལོ་ 13 སྔོན།

    དྲ་གྲོགས་ཚོ་དངོས་གནས་བཤད་ན་རང་སྲོག་ལུས་གཏོང་མཁན་དང་ཁ་སྐྱང་སྐྱང་བཤད་འདུག་མཁན་གྱི་བར་ལ་ཆེ་བར་ཐག་རིང་བོ་གཅིག་འདུག ག་ཡིན་ཟེར་ན་རང་ལུས་མེ་གཏོང་མཁན་ཚོ་མིང་ཆེ་བས་རང་དབང་དང་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཐུབ་པ་ཡིན་ན་འགྲིག་ཚར་བའི་སེམས་ཐག་བཅད་པ་ཁོང་ཚོ་སྐད་འབོད་ལ་བརྟེན་ནས་ཤེས་ཐུབ། དེ་དངོས་གནས་ཀྱང་རེད་བསམ། ཁ་སྐྱང་སྐྱང་བཤད་མཁན་ཚོ་དོན་མེད་པའི་བསམ་བློ་སྣ་ཚོགས་གཏོང་ནས་སྐད་ཆ་བཤད་དེ་ཉི་མ་སྐྱལ་རྒྱུ་དེ་རེད། དེ་ལ་བོད་པའི་གཏམ་དཔེ་ལ་བློ་མིང་ཚང་གི་དོན་མི་འགྲུབ་ཟེར་བ་དེ་རེད།

    Reply
  11. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    གྲོགས་འཇམ་ཚུལ་ལགས། རང་དབང་དགོས་པའི་སྐད་འབོད་ནང་ལ་རང་བཙན་ཡོད་རེད་དང་ཡོད་མ་རེད་ཅེས་ངས་རྩོད་པ་རྒྱག་འདོད་མེད། གང་ཡིན་ཟེར་ན་ང་ཁོང་རྣམ་པ་མིན་པས་ངས་རང་དབང་ནང་ལ་གང་དང་གང་བླུགས་ཡོད་མེད་ངོ་མ་མི་ཤེས། འོན་ཀྱང་ངའི་བསམ་བློ་གཏོང་སྟངས་ནི། ཁོང་རྣམ་པས་རང་སྲོག་དམོར་པོ་དམར་པོའི་མེ་ལ་མཆོད་ཕོད་ས་ནས་རང་བཙན་འདོད་ཀྱིན་ཡོད་ན་རང་བཙན་ཞེས་པའི་ཚིག་གཉིས་པོ་བཤད་མི་ཕོད་པ་དང་བསད་མི་ཤེས་མཁན་ཞིག་རྩ་བ་ཉིད་ནས་ཡིན་རྒྱུ་མ་རེད་འདོད་ཀི
    དགོས་ངོ་མ་ཡིད་བཞིན་ནོར་བུ་དགོས་པ་རེད། ཡིད་བཞིན་ནོར་བུ་ཅིའི་ཕྱིར་དགོས་པ་ལ་ང་རང་ཚོའི་བསམ་ཚོད་ཙམ་པོ་བའི་ལན་འདེབས་བྱེད་མི་འོས། ཡིད་བཞིན་ནོར་བུས་བོད་རང་བཙན་ཡོང་རེ་མེད་པར་གཟིགས་ནས་བོད་དང་བོད་ཀྱི་བསྟན་སྲིད་ལ་ཕུགས་རྒྱང་རིང་པོའི་དབུ་མའི་ལམ་འདི་གསར་གཏོད་གནང་བ་རེད། ཁ་སང་ཡུལ་ཤུལ་དུ་བོད་མི་ཆིག་སྟོང་བཞི་བརྒྱ་ལྷག་འཛོམས་པའི་འབོད་ཚིག་དེ་དག་ལ་ཡང་ཁྱོད་ཅག་གིས་དྲང་ངེས་ཀྱི་འགྲེལ་བཤད་མང་པོ་ཞིག་རྒྱག་རྒྱུ་ཡིན་ནམ། ད་འདི་ལྟར་འཁྲབ་ན་ཡག་པོ་མ་རེད། ཐད་ཀར་དམར་རྗེན་དུ་བཤད་པ་དེ་ག་རང་ལ་ངོས་འཛིན་གནང་རོགས། བོད་རྒྱ་ཆེའི་མི་དམངས་ཀྱིས་སེམས་ཀྱི་དམར་དམར་པོ་ཡིག་ངག་གཉིས་ཐོག་ན་ཡོད་པ་འདི་ལས་གཞན་ཞིག་ཡོད་ནི་མ་རེད། མདོར་ན་ངས་ང་ཚོས་དྲང་མོ་བཤད་དགོས་དྲང་མོར་འགྲོ་དགོས་ལབ་ཀྱིན་ཡོད།

    Reply
  12. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    དུས་བབས་ཚང་འདི་ཕྱོགས་སུ་ལྷུངས་བའི་རྣམ་པ་འདུག། ངའི་མཆན་མང་པོ་ཞིག་དྲ་ངོས་སུ་མི་འཇོག་དོན་ཅི་ཡིན་ནམ། དེ་སྔ་ལུང་རིག་རྒྱལ་ལགས་དྲ་བདག་ཡིན་པ་ཞིག་གོ་མྱོང་། དངོས་གནས་བྱས་ན་ཁོང་མི་དྲང་ཚུགས་ཅན་ཞིག་ཡིན་པ་འདྲ་མཐོང་སོང་། ད་ཆ་དྲ་བདག་ཁོང་ཡིན་སུ་ཡིན་ཅི་ཆ་མི་རྟོགས།

    Reply
  13. འཇིགས་མེད་སེང་གེ says:
    ལོ་ 13 སྔོན།

    ལན་མེད་མཁན་གྱི་རྩོམ་པ་པོ་འདི་ཡ་མཚན་ཞིག་མ་རེད་དམ། ཆེ་ཟིག་བཤད་ཁུལ་ཡིན་མོད། སྐབས་ངན་ནས་དམག་ཆར་ཕབས་འདུག ད་ཁ་གཏད་བཅག་ན་མ་གཏོགས། དེ་མཁས་རྟགས་གེ་མ་རེད་གདའ། ཧཧཧཧ

    Reply
  14. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    བསམ་ཚུལ་དངོས་ནས་ཡག་པོ་གསུང་འདུག འདི་ལྟར་བསམ་ཚུལ་བརྗེ་རེས་ཆེས་མི་ཉུང་བ་ཞིག་བྱས་ན། གཟོད་ནས་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ནི་གཞིས་ལུས་མི་མང་གི་ཚབ་བྱེད་མཁན་ཡིན་པ་དེར་དང་དུ་ལེན་རྒྱུར་ཕན་ཐོག་ཡོད་ངེས་ཡིན།

    Reply
  15. འཁྱམ་པོ། says:
    ལོ་ 13 སྔོན།

    བོད་མི་ཞིག་ཡིན་ནས་གཟུང་བོད་རང་བཙན་འདོད་ལ་བོད་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པ་ཀུན་གྱི་ཤེས་ འོན་ཀྱང་རྒྱ་ནག་ལ་བདེན་པ་བཤད་ས་མེད་ལ་མཉམ་འབྲེལ་རྒྱལ་ཚོགས་འམ་འཛམ་གླིང་རྒྱལ་ཁབ་སུ་ཞིག་གིས་ཀྱང་རྒྱ་ནག་ལ་བོད་འདི་རང་བཙན་སྤྲོད་དགོས་ཞེས་བཀའ་བཏང་བའི་ཐོབ་ཐང་དེ་སུ་ལ་ཡང་མེད་རྒྱལ་ཁབ་ཁ་ཤས་ཞིག་ནས་བོད་ལ་་རྒྱབ་བསྐྱོར་རྣམས་པ་ཕྲན་བུ་ཡོད་པ་ཡང་ཁོང་ཚོ་རང་རང་ལ་སྲིད་ཐོག་ནས་དེ་མཚུང་གི་ཁེ་ཕན་རེ་ཡོད་པ་ལས་བོད་ཀྱི་བསྟན་སྲིད་ལ་བསམ་མཁན་ཞིག་མེད་ ད་ལྟའི་བོད་ནང་འབར་བཞིན་པའི་མེ་ལྕེ་འདི་དུས་གང་ཙམ་ཞིག་འབར་སམ་ཞེ་ན་དི་ནི་མི་གཅིག་རང་གི་ལག་ཏུ་ཡོད་གོང་ས་མཆོག་ནས་བཀའ་ཞིག་མ་ཕེབས་བར་དུ་འབར་སྲིད་ལ་བོད་མི་ཉི་ཤུ་ཙམ་ཞིག་བོད་སྟན་སྲིད་དང་གོང་ས་མཆོག་བོད་ལ་གདན་འདྲེན་ཆེད་དུ་སྐུ་སྲོག་ཤོར་ཞིང་ད་དུང་ཇེ་ཙམ་འདས་གྲོང་འགྲོ་མིན་ནི་ཁོང་གིས་ཕྱག་ཏུ་ཡོད་ ཡིན་ནའང་བོད་འདི་ཙམ་ཞིག་མེ་ལ་སྒྲོན་ཚེ་ད་གཟོད་བོད་རང་དབང་ཐོབ་ཐུབ་ཞེས་སུ་ཞིག་གིས་བཤད་མི་ཐུབ་ལ་འཇུག་འབྲས་ད་དུང་སྤུན་ཟླ་གང་མང་ཞིག་གིས་ཚེ་སྲོག་ཤོར་རྒྱུ་ཡིན་པ་ཤེས་བཞིན་དུ་ད་དུང་མེ་ལྕེ་འབར་དགོས་ཞེས་པ་ནི་རང་ཉིད་ལ་ཉན་ཁ་གང་ཡང་མེད་པའི་ལུང་པ་རུ་སྡད་ཏེ་ཁ་སྟོང་པ་བཤད་པ་རང་རེད།།

    Reply
  16. གྲགས་བསོད་ says:
    ལོ་ 13 སྔོན།

    སྙན་བཟང་ལགས་ཀྱི་བཤད་པ་དེ་ངོ་མ་གཞིས་ལུས་བོད་མི་དམངས་ཚོའི་མཐར་ཐུག་གི་མངོན་འདོད་རེད། འོན་ཀྱང་དེ་ཡར་མར་དྲུད་མཁན་ནི་བཙན་བྱོལ་ནང་གི་སྨྱུག་འཛིན་པ་ཚོ་རེད།

    Reply
  17. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    འཇིགས་བྲལ་བསྟན་འཛིན་ལགས། ངོ་མ་བཤད་ན་དྲི་བ་འདིའི་ལན་འདེབས་པ་ཁྱོད་མ་རེད། ཡང་གཅིག་བཤད་ན་ཁྱོད་ཀྱིས་མགོ་ཚོས་མི་འདུག
    “བཙན་བྱོལ་བོད་གཞུང་གིས་བོད་གཞིས་ལུས་མི་དམངས་ཚོས་བོད་རང་བཙན་གྱི་ཆེད་དུ་ལས་འགུལ་སྤེལ་བཞིན་པ་དང༌། བོད་རང་བཙན་ནི་བོད་གཞིས་ལུས་མི་དམངས་ཀྱི་མངོན་འདོད་ཡིན་པ་མཁྱེན་གྱི་ཡོད་ནའང༌། རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དེ་ཡང་གློ་བུར་དུ་བསྒྱུར་ཆོག་ཆོག་མིན་སྟབས། དེ་ལ་རྒྱུ་མཚན་ཞིག་དགོས་ཤིང༌། ད་ཐེངས་བོད་ནང་དུ་བྱུང་དང་འབྱུང་བཞིན་པའི་རང་ལུས་མེར་སྲེག་གི་ལས་འགུལ་འདི་ལས་ལྷག་གི་རྒྱུ་མཚན་གཞན་པ་ཞིག་ང་ཚོར་འདྲེན་རྒྱུ་མེད་སྟབས། འདི་རྩ་ཆེན་པོར་གྱུར་པའི་གནད་འགག་གཞན་པ་འདི་རེད།”
    ཅེས་པ་འདིས་རང་ལུས་མེར་བསྲེགས་པ་རྣམ་པ་ནི་བོད་རང་བཙན་རྩོད་མཁན་རྩོད་མཁན་གྱི་དཔ་མཚོན་ལ་བཞག་མི་འདུག་གམ། ད་དུང་གོང་ན་གནས་ཚུལ་འདི་བྱུང་་བས་གཞུང་གི་དབུ་མའི་ལམ་དེ་རང་བཙན་གྱི་ལམ་ལ་བསྒྱུར་དགོས་འདུག་བཤད་འདུག་ག ཁོང་རྣམ་པས་བོད་ཀྱི་སྲིད་ཇུས་བསྒྱུར་དགོས་པའི་རེ་བ་གང་འདྲ་ཞིག་བཏོན་སོང། བཏོན་མེད་པ། དེ་བས་ངས་དྲི་བ་དང་པོ་དེ་དྲིས།
    ཡང། “མ་འོངས་པར་རྒྱ་ནག་གིས་བོད་རང་བཙན་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་དང་རྒོལ་གཏམ་གཏོང་རྒྱུ་ཡིན་པ་ནི་གསལ་པོ་ཡིན་ནའང་༌། དེ་ལ་ང་ཚོས་ཀྱང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་གདོང་ལེན་བྱེད་དགོས་པ་མ་རེད་དམ།”
    ཞེས་བཤད་འདུག་པས། དྲི་བ་གཉིས་པ་དང་གསུམ་པ་དེ་དྲིས་པ་ཡིན།
    ཐ མར། “རང་སྲིད་རང་སྐྱོང་གི་སྲིད་ཇུས་ནི་བོད་གཞིས་ལུས་མི་དམངས་ཀྱི་མངོན་འདོད་མ་རེད་”་ཅེས་བཤད་འདུག་པས་དྲི་བ་ཐ་མ་དེ་དྲིས་པ་ཡིན།
    ཁྱོད་ཀྱིས་འདི་ལ་རྒྱ་རི་ཚང་གིས་ཅིག་གསུངས་འདུག་ཟེར་བ་ཙམ་ལས་ལན་མེད་དོན་ཅི། དེ་བས་ཡང་བསྐྱར་དོ་བདག་དང་ཁྱོད་རང་གཉིས་གྲོས་ཁ་ཡག་པོ་ཞིག་བྱས་ནས་ལན་སྐབས་དོན་དང་འབྲེལ་བ་་གསལ་བོ་ཞིབ་ཚགས་ཤིག་གནང་རོགས་ཞུ། གང་ལྟར་ལན་འདེབས་འདི་ཡང་སྐལ་མེད་སར་སྐེ་རིང་བ་ཞིག་མིན་པས་དགའ་བསུ་ཞུ།

    Reply
  18. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    ད་དུང་ལུས་འདུག
    དེ་དག་གིས་རང་དབང་དགོས་ཞེས་མི་གསུང་མཁན་མེད་པ་ཁྱེད་ལ་གཟུར་ས་མེད། ཁོང་ཅག་གི་རང་དབང་གི་ནང་དུ་རང་བཙན་འདུས་མེད་པར་ཁྱེད་ཀྱིས་ཚིག་ཐག་ཇི་ལྟར་གཅོད་དམ། མདོར་ན་བོད་མི་དེ་དག་གི་འབོད་ཚིག་ལ་བལྟས་ནས་བོད་མིའི་མངོན་འདོད་དབུ་མའི་ལམ་ཁོ་ན་ཡིན་པར་གྲུབ་རབས་ཀྱི་གསུང་ཕྱོགས་དེ་མ་མཛད་རོགས་ཞེས་ཞུ་བ་ཡིན། གཞིས་བཞུགས་བོད་མིའི་མངོན་འདོད་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པ་དེ་ཡིན་པ་རྩོད་མེད་གཅིག་གྱུར་རེད། དེ་ལས་ལྷག་པར་ཅང་བཤད་དགོས་དོན་མི་འདུག དཔའ་རྟུལ་དེ་དག་གི་བློས་བཏང་དེ་ཁྱེད་ཅག་རང་རང་གི་ལྟ་བའི་རྒྱབ་རྩར་དྲངས་ནས་རང་གི་ལྟ་ཕྱོགས་ལ་ཁེ་ཕན་ཞིག་ཨེ་ལོན་གནང་གི་མ་འདུག

    Reply
  19. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    བཀྲ་ཤིས་བདེ་ལེགས་གྲོགས་པོ་བཟང་པོ།
    ཁྱེད་ཀྱི་གསུང་ཚུལ་འདི་ལ་ལན་འདེབས་པ་ནི་བསམ་ཚུལ་རྗེ་རེས་ཙམ་གྱི་ཆེད་དུ་ཡིན།
    དྲི་བ་དང་པོ། སྐུ་སྲོག་མཆོད་མེར་བསྒྲོན་མཁན་རྣམ་པའི་ཁྲོད་ན་བོད་རང་བཙན་གྱི་དགོས་འདུན་བཏོན་སོང་བ་དུ་ཙམ་འདུག
    ཞེས་པའི་སྐོར་ལ། ཁ་ནས་མ་བཏོན་པ་ཙམ་གྱིས་རང་བཙན་ཁོང་གི་མངོན་འདོད་མིན་པར་སྒྲུབ་ཀྱི་ཡིན་ནམ། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་དེ་བོད་རང་བཙན་གྱི་འབོད་ཚིག་འབྲེལ་རྒྱུ་མེད་པ་འམ་འབྲེལ་བ་མེད་པ་ཞིག་ལ་ཁྱེད་ཀྱིས་སྒྲུབ་ཀྱི་ཡིན་ནམ། ལར་ནས་བོད་རང་བཙན་ཞེས་ངག་ནས་བཏོན་པ་བཅུ་གྲངས་ཤིག་བྱུང་ཡོད། དེ་ལ་ཁྱེད་ཀྱིས་ལན་གསར་བ་ཞིག་གམ་དྲི་བ་གསར་བ་ཞིག་འདོན་གྲབས་ཡིན་ནམ།
    དྲི་བ་གཉིས་པ། རྒྱ་གཞུང་གིས་བོད་རང་བཙན་གྱི་ཐད་ལ་ཐོག་མཐའ་བར་གསུམ་དུ་མངོན་སུམ་བརྒྱུད་ཤུགས་ནས་འགོག་གནོན་བྱེད་བཞིན་པ་མིན་ནམ།
    རྒྱ་ནག་གིས་གདོང་གི་རྣམ་འགྱུར་ལ་བལྟས་ནས་འུ་ཅག་གི་འབོད་ཚིག་བརྗེ་དགོས་སམ།
    དྲི་བ་གསུམ་པ། བཙན་བྱོལ་གཞུང་གིས་དེ་སྔ་དང་མི་འདྲ་བར་བོད་རང་བཙན་ཐད་ལ་ནུས་པ་དམིགས་བསལ་གང་དག་འདོན་ཐུབ་བམ།
    མང་པོ་ཡོད་ཆོག ཕོང་བ་མེད་པ་ཡོང་ཆོག ང་དེའི་སྐོར་ལ་ཆེད་མཁས་མིན་པ་དང་ཐད་ཀར་འབྲེལ་བ་མ་བྱུང་བས་ད་དངོས་སུ་ཞུས་བསྡད་ན་ཉོག་པའི་རྒྱུ་རེད། དཔེ་གཅིག་ནི་སྲིད་ཇུས་འགྱུར་བ་བཏང་བ་ཙམ་གྱིས་དོན་དག་མང་པོ་ཞིག་བྱེད་ཇེ་བདེར་འགྲོ་བ་ལོས་མཁྱེན།
    དྲི་བ་བཞི་བ། དབུ་མའི་ལམ་འདི་བོད་མིའི་མངོན་འདོད་མིན་ཚུལ་ལ་རྒྱུ་མཚན་གང་དག་བཤད་རྒྱུ་ཡོད། རང་བཙན་བོད་མིའི་མདོན་འདོད་མིན་པ་ལ་རྒྱུ་མཚན་ཇི་ཙམ་བཤད་རྒྱུ་ཡོད་པ་དེ་ལས་ལྡབ་གཅིག་བཤད་རྒྱུ་ཡོད། འོན་ཀྱང་གནད་འགག་ནས་ཁྱེད་ཅག་གིས་ཉན་མིན་ཉན་དང་། ཉན་རུང་གོ་མི་གོ་དེར་ཐུག་ཡོད།
    ཁྱེད་ཅག་གིས་ཧ་ཅང་ཧ་ཅང་གཏིང་ཟབས་ས་ཞིག་ནས་དྲི་བ་ཞིག་འདོན་གྱི་ཡོད་པའི་ཟོལ་འདྲ་ཞིག་བྱེད་ཀྱང་དོན་དུ་དྲི་བ་དེ་ཚོ་ཧ་ཅང་གཏིང་མི་ཟབས་པ་ཞིག་ཏུ་རྒྱུན་དུ་མཐོང་གི་འདུག དེས་ན་དབུ་མའི་ལམ་འདི་དེ་བཞིན་ཁ་སྲབ་པའི་སྲིད་ཇུས་ཤིག་ཡིན་པ་མིན་ནམ་སྙམ་ནས་དེ་རིང་ཡང་གོང་གི་ལན་དེ་འདེབས་འདོད་སྐྱེས་བྱུང་། བསམ་ཚུལ་རྗེ་རེས་ཀྱི་ཆེད་ཡིན། ལེགས་ཕྱོགས་ནས་བཞེས་པའི་རེ་བ་ཡོད།

    Reply
  20. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    བོད་པའི་་བདག་པོ་ངོ་མ་བོད་གཞིས་ལུས་རྒྱ་ཆེའི་མི་མང་ཡིན་པ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བོད་གཞི་བྱེས་གཉིས་ཀྱི་སྐུ་ཡི་སྐུ་ཚབ་དང་གསུང་གི་གསུང་ཚབ་ཡིན་པར་དོགས་པ་དགོས་དོན་ཡོད་པ་མ་རེད་ལ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་དགོངས་དོན་ངོ་མ་རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་བྱ་དགོས་པ་དང་བོད་མི་ས་ཡ་དྲུག་གིས་༸གོང་ས་མཆོག་གི་བཀའ་གསུང་དང་ལེན་བྱེད་པའི་དམ་བཅའ་ཡང་བརྟན་པོ་ཡོད་པ་གསལ་་བོ་རེད་མ་གཏོགས། རྗེ་༸གོང་ས་མཆོག་གི་ཞལ་གཅིག་པོ་མཇལ་འདོད་པ་ལས་ཁོང་གི་རླབས་ཆེ་བའི་དགོངས་དོན་ལ་ཡིད་ཆེས་དང་དང་ལེན་མི་འདོད་མཁན་ཉུང་ཤས་རེ་མ་གཏོགས་ཡོད་ཀྱི་མ་རེད་འདོད་ཀྱིན།

    Reply
  21. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 13 སྔོན།

    སྙན་བཟང་ལོ་ལོ་སྙན་ལ་མི་བཟང་ནི་ཞུས་པ་མིན་ཏེ། བོད་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་ཤིག་ཡོད་པ་མ་རེད། མེད་པ་ཞིག་ལ་འགྱུར་བ་ག་རེ་གཏོང་དགོས་པ་རེད། རེ་བ་ཞིག་ཡོད་པ་རེད། རེ་བ་དེ་ཇེ་མཐོར་གཏོང་དང་ཇེ་དམའ་གཏོང་ཟེར་བ་དེ་རེད། སྤྱིར་བོད་ལ་”རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས”ཟེར་བའི་ཁ་དཔེ་ཞིག་ལས། “རེ་བ་མཐོ་ས་དང་གྲ་སྒྲིག་དམའ་ས”ཟེར་བའི་གཏམ་དཔེ་འདྲ་ཡོད་ནི་མ་རེད། དེའི་ཕྱིར། བོད་གཞུང་གིས་ནམ་དུའང་རེ་བ་མཐོ་ས་ནས་རྒྱག་གི་མ་རེད། དེ་ཡང་རྒྱུ་མཚན་མེད་པ་དེ་འདྲ་མ་རེད། ཁྱོད་དང་ང་མ་སྐྱེས་པའི་སྔ་རོལ་ནས་བཙན་བྱོལ་གཞུང་གིས་འདི་བ་ཚང་ལ་རེ་བ་བརྒྱབ་ནས་བསྡད་པ་རེད། དེའི་ཕྱིར། རེ་བ་མཐོ་སར་སོང་ན་རེ་བ་རེ་བ་ས་ནས་བདེན་པར་གྲུབ་རྒྱུ་ཡིན་པ་དང་། ཡང་ན་རེ་བ་དེ་ཐིག་ལེ་དང་། ཐིག་ལེ་ནཱ་ད། ན་དཱ་ཡང་མི་དམིགས་པ་སྟོང་བ་ཉིད་དུ་འགྲོ་རྒྱུ་ཡིན་པ་ཤེས་ཀི་ཡོད་པ་རེད།
    ཁྱོད་ཀྱིས་ཅི་ཞིག་ཤེས་ཀི་ཡོད། བོད་ནང་ནས་མེ་ལྕེ་རེ་འབར་གི་འདུག ད་རེ་བ་ཡོད་ཀི་ཟེར་བ་ཡིན་ནམ། དེ་ནི་ན་ནིང་ཞིག་ལ་མཚོ་སྔོན་བརྙན་འཕྲིན་གར་སྟེགས་སྟེང་གི་མོ་བ་རེ་བ་ཁ་ཡི་བྱེད་སྟངས་རེད། མེ་ལྕེ་དེ་དག་ཁྱོས་ཨེ་ཤེས། མི་ཤེས་ན་དེ་ནི་འཆི་ཁའི་མེ་ལྕེ་དམར་ལམ་པ་ཟེར་བ་དེ་རེད། དེ་ནི་མི་རིགས་འདི་བར་སྲིད་དུ་སྐྱེ་བ་བཞེས་རྒྱུ་ཡིན་པའི་སྔོན་བརྡ་རེད། དེ་ནི་འུ་ཚང་གི་བོད་རང་བཙན་གྱི་སྐྱེ་སྲིད་ལ་མཚམས་སྦྱོར་གྱི་སྔོན་བརྡ་གང་ཡང་མ་རེད།
    དེང་སང་བཙན་བྱོལ་ནང་གི་ཡིག་རྨོངས་པ་ཚོ་ཕྱི་རྒྱལ་ལ་སོང་ནས་ལོ་ཤས་འགོར་རྗེས་ད་གཟོད་སྐེ་ལ་གསེར་གྱི་ལྕགས་ཐག་རེ་གོན་ནས་ཕྱིར་ཡོང་སྟེ་བཙན་བྱོལ་ནང་ནས་ཕྱུག་ཉམས་སྟོན་རྒྱུ་ཞིག་དང་། སྨྱུག་ཐོགས་པ་ཚོ་ཕྱི་རྒྱལ་ནས་ལོ་ཤས་འགོར་རྗེས་རང་བཙན་མ་བཙན་ཟེར་བའི་རྩོམ་ཡིག་རེ་འབྲི་རྒྱུ་ཟིག་ལོབས་ཡོད་ཀི། དེ་ལུགས་སྲོལ་ཞིག་ཡིན་ན་མི་ཤེས་མ་གཏོགས། ད་ནི་ཆུ་ནང་ལ་རྡོ་གཡུགས་མ་གཡུགས་ཅང་ཡོད་རྒྱུ་མ་རེད་བསམ་གི་འདུག ཁ་སང་ངས་ཀྱང་རྡོ་རྒན་ཞིག་གཡུགས་པ་ཡིན་ཏེ་ལྷུང་ས་ཕ་རིའི་ནགས་ལ་མ་ལྷུང་བར། མི་ལྷུང་སྐྱག་དོང་ནང་ལ་ལྷུང་བས་ད་ནི་རྫོབ་དཀྲུགས་ཀྱིན་པ་བྱ་ཅིག་རྩོག ཧ་ཧ་ཧ་ཧ་་་་

    Reply
  22. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 13 སྔོན།

    བོད་ནང་བྱུང་བའི་གནས་དོན་དེ་དག་གཅིག་ལས་གཅིག་གལ་ཆེ་བ་དང་ཛ་དྲག་ཆེ་བ་ཤ་ཏག་ཡིན་པ་ལས་དོན་མེད་དེར་རིན་གོང་ཆེ་ཆུང་རྩིས་པའི་གནས་དོན་ཞིག་བྱེད་དགོས་མཐོང་མ་སོང་། ལྷག་དོན་བོད་མི་ཁྲི་འཚོ་མང་པོའི་དཀྱིལ་ལ་མེ་མདའ་འཕང་པའི་བྲག་མགོ་དང་གསེར་རྟན་གཉིས་ཀྱི་ལས་འགུལ་དེར་བོད་མི་དཔྱོད་ལྡན་ཚང་མས་དངོས་ཡོད་མཐོང་ཐོས་ཡོད་པ་ཙམ་མ་ཚད་དུས་དེ་ནས་རྒྱ་ནག་གཞུང་གི་བོད་ཀྱི་ས་ཕྱོགས་ཁག་ནང་ཁ་པར་འབྲེལ་བ་མཐུད་མ་ཐུབ་པ་བྱས་ཡོད་། ད་དུང་འདི་བཤད་དོན་གཅིག་ནི་༢༠༡༡ལོའི་ནང་བྱུང་བའི་ལས་འགུལ་ག་འདྲ་ཞིག་ཡིན་ན་ཡང་ཁམས་དང་ཨ་མདོ་གཉིས་ཀྱི་ཡུལ་མི་རྐྱང་པ་ཡར་ལང་བྱས་པའི་གནད་དོན་ཞིག་མ་ཡིན་པ་བོད་ཆོལ་ཁ་གསུམ་ནང་གནས་དོན་ཆེ་ཆུང་ལ་མ་སྟོས་པའི་ཡར་ལང་བྱས་པའི་གནས་ལུགས་ཡོད་པ་ཞིག་ཡིན། ངས་དང་པོ་ནས་བཀའ་ཁྲི་མཆོག་གི་ཨ་མདོ་རྔ་བའི་བླ་མ་ཞིག་ཨ་རེའི་ནང་རྔ་བའི་གནས་སྟངས་འབྲེལ་བརྗོད་བྱེད་དུ་གདན་དྲངས་པ་དེར་འོས་འཚམ་ཞིག་མཐོང་མ་སོང་ལ་དངོས་ཡོད་སྐབས་དེར་ཁམས་རྟ་འུ་ནང་མེ་བསྲིག་གི་དོན་རྐྱེན་བྱུང་ཟིན་པ་རེད་ལ་འཛམ་གླིང་གི་གསར་ཤོག་ཁག་གྲགས་ཟིན་པ་ཞིག་རེད་དེར་། ཆུང་ས་ནས་དེ་འདྲ་ཞིག་ལ་དྲང་བདེན་བྱས་མ་སོང་ཅེས་གསར་མགོད་པས་མ་འདྲི་རུང་གནས་ལུགས་ཡོད་པ་རེད་།

    Reply
  23. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    རྒྱ་བོད་གྲོས་མོལ་བྱེད་དགོས་ན་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་དགོས་ཟེར་བ་དེ། རང་སྐྱོང་མི་སྤྲོད་པའི་རྒྱུ་མཚན་དུ་བགྲང་བ་ནི་གླེན་པའི་སྐད་ཆ་རེད། འོ་ན། ཐའེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པའང་ཁས་ལེན་དགོས་ཞེས་རྒྱ་ནག་གཞུང་གིས་བཤད་ཡོད། དེ་ཁས་ལེན་ས་འགྲོ་ཡི་རེད་དམ། རྒྱ་ནག་གིས་དེ་ལྟར་ཆ་རྐྱེན་བཀོད། ང་ཚོས་རྩ་དོན་གཉིས་རྒྱུན་འཁྱོངས་བྱེད་པ་བཅས་ནི་ཁས་བླངས་མ་བླངས་ཞིག་གི་དོན་དག་མ་རེད། དེ་ལོ་རྒྱུས་ཀྱི་གནས་སྟངས་ཤིག་རེད། དེ་ལ་ཁས་བླངས་མ་བླངས་ཟེར་ས་འགྲོ་ཡི་མ་རེད། ཁས་ལེན་རྒྱུའི་གཞི་རྩ་ཡོད་པ་མ་རེད། རྒྱ་ནག་གཞུང་གིས་དེ་ལྟར་སྨྲས་པ་གཞི་རྩ་མེད་པའི་ཆ་རྐྱེན་ཞིག་རེད།

    ཡིན་ནའང་། ནམ་རྒྱུན་ཅིག་དོ་སྣང་ཡོད་ཁུལ་ཚོས། ཁས་མ་བླངས་ན་རང་སྐྱོང་སྤྲོད་ཀྱི་མ་རེད་ཅེས་ལབ་པ་ཡིན་ན། ཐད་ཀར་ཞུས་ན་དེ་གླེན་གཏམ་ཆགས་ཚར་བ་རེད། ང་ཚོའི་རྩོད་པ་དེ་རུ་ཡོད་པ་རེད། དེ་རྩད་ནས་གནས་སྟངས་འདིར་བསྡད་ཡོད་པ་རེད། སྲིད་ཚོང་པའི་སྐད་ཆ་དེ་དག་ཅི་བཞིན་སྒྲུབ་དགོས་ཀྱི་རེད་བསམས་དུས་ད་ཚར་སོང་བ་རེད། ཆབ་སྲིད་ཀྱི་རྩོད་པ་དང་བྱུང་རབས་ཀྱི་དོན་དངོས་གཉིས་དཀྲུག་དཀྲུག་གཏོང་རྒྱུ་ཡོད་པ་མ་རེད།

    གཞན་ཡང་། མི་སུ་ཡིན་ན་ཆོག བོད་ནང་གི་ད་ལྟའི་ཞི་རྒོལ་འདི་དག་གན་དང་མཐུན། འདི་དང་མི་མཐུན་ཞེས་དབྱེ་འབྱེད་ཀྱིས་བཀའ་མོལ་གནང་མཁན་དག་ནི་དངོས་གནས་ཞུས་ན་ཅང་འགོ་མ་འཚོས་པའི་རྟགས་རེད། སྐབས་འདིར་དེ་དབྱེ་འབྱེད་བྱ་ས་འགྲོ་ཡི་མ་རེད། དེ་ཐུགས་ལ་ཉར་རོགས།

    Reply
  24. འཇིགས་བྲལ་བསྟན་འཛིན། says:
    ལོ་ 13 སྔོན།

    སྐུ་སྲོག་མཆོད་མེར་སྒྲོན་མཁན་རྣམ་པའི་ཁྲོད་ན་བོད་རང་བཙན་གྱི་དགོས་འདུན་བཏོན་སོང་བ་དུ་ཙམ་འདུག
    ལན། སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ལགས། བོད་རང་བཙན་གྱི་དགོས་འདུན་འདོན་མཁན་ཡིན་ན་མཐའ་གཅིག་ཏུ་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ཁྲོད་དུ་ཡོང་དགོས་པ་ཞིག་མ་རེད། ཡང་ཁོང་རྣམ་པའི་ཁྲོད་ན་བོད་རང་བཙན་གསུང་མཁན་མེད་པ་ཡང་མ་རེད། དེ་ཚོ་ཁྱོད་རང་སྤྱི་ཟུར་ཞིག་ཡིན་ཙང་མཁྱེན་མདོག་ཁ་པོ་རེད། མ་གཞི་ནས་ཕྱི་ལོ་ ༡༩༤༩ ལོ་ནས་ད་བར་བོད་མིས་རྒྱ་ནག་གི་བཙན་འཛུལ་དབང་བསྒྱུར་ལ་ངོ་རྒོལ་གྱིས་བོད་མི་འབུམ་ཚོ་མང་པོའི་སྲོག་ཤོར་བ་རེད། སྐབས་དེར་བོད་རང་བཙན་གྱི་དགོས་འདུན་མེད་པ་རེད་དམ། དེ་མིན་ན་ཁྱོད་རང་གིས་ཁ་སང་གི་དགོས་འདུན་འདོན་མཁན་དེ་ཚོ་དང་དེ་རིང་གི་དགོས་འདུན་འདོན་མཁན་དེ་ཚོའི་བར་ཚེ་སྲོག་གི་རིན་ཐང་ལ་ཁྱད་པར་གང་འདྲ་བྱས་ཕྱེ་གི་ཡོད།

    རྒྱ་གཞུང་གིས་བོད་རང་བཙན་གྱི་ཐད་ལ་ཐོག་མཐའ་བར་གསུམ་དུ་མངོན་སུམ་བརྒྱུད་ཤུགས་ནས་འགོག་གནོན་བྱེད་བཞིན་པ་མིན་ནམ།
    དེ་བདེན་པ་རེད། རྒྱ་ནག་གཞུང་གིས་བྱེད་ཀྱི་ཡོད་རེད། ག་རེ་བྱས་ནས་བྱེད་ཀྱི་ཡོད་རེད་ཟེར་ན། བོད་རྒྱ་ནག་གི་ཆ་ཤས་མིན་ཙང་བྱེད་ཀྱི་ཡོད་རེད། མ་ཟད་བཙན་བྱོལ་དུ་བོད་མིའི་དབུས་སྒྲིག་འཛུགས་ཡོད་ཙང་བྱེད་ཀྱི་ཡོད་རེད། གཞིས་བྱེས་གཉིས་སུ་རྒྱ་བོད་ཐ་དད་ཡིན་པའི་བོད་མིའི་བསམ་ཚུལ་ལ་འགྱུར་སོང་མེད་ཙང་འགོག་གནོན་བྱེད་ཀྱི་ཡོད་རེད། དེ་མཁྱེན་མདོག་ཁ་པོ་རེད་པཱ། དེ་འདྲའི་བོད་མིའི་བསམ་འདུན་དེ་རྒྱ་ནག་གི་ངོ་ལ་བལྟས་ནས་འགྱུར་བ་གཏོང་དགོས་པ་རེད་དམ།
    ལན། བཙན་བྱོལ་གཞུང་གིས་དེ་སྔ་དང་མི་འདྲ་བར་བོད་རང་བཙན་ཐད་ལ་ནུས་པ་དམིགས་བསལ་གང་དག་འདོན་ཐུབ་བམ།

    གཞུང་གི་ངོས་ནས་བོད་རང་བཙན་ཐད་དེང་སྐབས་ནུས་པ་འདོན་ཡུལ་མེད་པ་དེ་ཁྱེད་རང་སྤྱི་ཟུར་ཞིག་པའི་ཆ་ནས་མཁྱེན་དགོས་ངེས་རེད། ཡིན་ནའང་ཁྱེད་རང་ཕྱི་རྒྱལ་དུ་ཕེབས་རྗེས་དྲི་བ་འདི་གང་འདྲ་བྱས་ནས་ནང་ལ་བསྐོར་ཐུབ་ཀྱི་འདུག

    དབུ་མའི་ལམ་འདི་བོད་མིའི་མངོན་འདོད་མིན་ཚུལ་ལ་རྒྱུ་མཚན་གང་དག་བཤད་རྒྱུ་ཡོད།
    ལན། ཕྱི་ལོ་ ༢༠༡༠ ལོའི་གྲོས་ཚོགས་ཉན་ཞིབ་ཀྱི་སྐབས་སུ་ཚོགས་ཕེབས་གནང་ཡོད་ན། སྐབས་དེར་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་ལགས་ཀྱིས་བསམ་འཆར་ཡིག་ཆའི་སྐོར་ལ་གང་གསུངས་པ་གསན་ཡོད་ན་དྲི་བ་འདི་ཚོ་ཡོང་དོན་མེད་པ་ཞིག་རེད།

    Reply
  25. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    དྲི་བ་འགའ།
    སྐུ་སྲོག་མཆོད་མེར་བསྒྲོན་མཁན་རྣམ་པའི་ཁྲོད་ན་བོད་རང་བཙན་གྱི་དགོས་འདུན་བཏོན་སོང་བ་དུ་ཙམ་འདུག
    རྒྱ་གཞུང་གིས་བོད་རང་བཙན་གྱི་ཐད་ལ་ཐོག་མཐའ་བར་གསུམ་དུ་མངོན་སུམ་བརྒྱུད་ཤུགས་ནས་འགོག་གནོན་བྱེད་བཞིན་པ་མིན་ནམ།
    བཙན་བྱོལ་གཞུང་གིས་དེ་སྔ་དང་མི་འདྲ་བར་བོད་རང་བཙན་ཐད་ལ་ནུས་པ་དམིགས་བསལ་གང་དག་འདོན་ཐུབ་བམ།
    དབུ་མའི་ལམ་འདི་བོད་མིའི་མངོན་འདོད་མིན་ཚུལ་ལ་རྒྱུ་མཚན་གང་དག་བཤད་རྒྱུ་ཡོད།

    Reply
  26. འཇིགས་བྲལ་བསྟན་འཛིན། says:
    ལོ་ 13 སྔོན།

    གཡུང་དྲུང་ལགས་ཀྱིས་གསུངས་དོན་ལ། ༼རྒྱ་ནག་གིས་ང་ཚོར་བོད་རང་སྐྱོང་སྤྲོད་པ་ལ་ཐོག་མར་ང་ཚོས་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་མིན་པ་ཁས་ལེན་བྱ་དགོས་སྟབས། དོན་གྱི་རྩ་བ་འདི་ནས་འགག་ཚར་ཡོད།༽ཅེས་བཤད་འདུག

    རྒྱ་ནག་གི་སྔ་ཕྱི་བར་གསུམ་གྱི་སྲིད་བྱུས་སུ་ཡོད་པ་ནི་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། དེ་འདྲའི་བོད་དེ་ཡང་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་པ་དེ་ཁས་ལེན་དགོས་པ་དེ་རེད།
    གནད་དོན་འདི་ནི་རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པ་ཁྲིམས་འགལ་དང་ཁྲིམས་མཐུན་གྱི་གནད་དོན་ལ་ཐུག་གི་ཡོད་པས། ང་ཚོས་བསམ་འཆར་ཡིག་ཆར་བོད་ཀྱི་ས་ཁུལ་ཁག་ཅིག་སྔར་ནས་རྒྱ་ཁོངས་སུ་ཡོད་པ་ལྟ་བུའི་ཁས་ལེན་བྱས་ཀྱང་། གྲུབ་འབྲས་གང་ཡང་ཐོན་མེད། དེའི་རྒྱུ་མཚན་ནི་རྒྱ་ནག་ལ་དགོས་པ་ནི་བོད་ཡོངས་རྒྱ་ནག་གི་ཆ་ཤས་ཡིན་པ་མཐའ་གཅག་ཏུ་ཁས་ལེན་དགོས་པ་དེ་རེད། གལ་སྲིད་ང་ཚོས་རང་གི་ལོ་རྒྱུས་ཡོངས་རྫོགས་ནག་བསུབ་བཏང་བའི་ཐོག་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་བླངས་ན་ད་གཟོད་རྒྱ་ནག་ནང་ཁུལ་གྱི་བོད་རིགས་ཀྱི་མདུན་ལམ་ཆེད་རང་སྐྱོང་གི་སྐད་ཆ་རབ་རིབ་ཅིག་ཡོང་མདོག་ཁ་པོ་རེད། ཡིན་ནའང་ང་ཚོས་ངེས་པར་ཤེས་དགོས་པ་ནི། ད་བར་འདས་པའི་མི་ལོ་ལྔ་བཅུ་ང་གྲངས་ཤིག་གི་རིང་བོད་གཞུང་མང་གིས་འཐབ་རྩོད་གང་བྱས་པ་ཁྲིམས་འགལ་དང་། མཐའ་ན་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་ནག་ཆེན་པར་ངོས་ལེན་ཞུ་དགོས་པ་དེ་རེད། དེ་ཞུ་མིན་ང་ཚོས་རང་འདོད་རེད། ཡིན་ནའང་མ་འོངས་པར་བོད་རང་བཙན་རྩོད་ཐུབ་མཁན་ཡོང་མི་སྲིད་པའམ། རྩོད་ཐུབ་མཁན་བྱུང་ཡང་རྩོད་ལམ་མེད་པ་ཞིག་བཟོ་ཡག་གི་དབང་ཆ་དེ་སུ་གང་ལ་ཡོད་མ་རེད།

    ཡིན་ནའང་ངས་ནན་བརྗོད་བྱེད་རྒྱུ་ལ། ངས་རང་བཙན་རྩོད་དགོས་ཀྱི་ཡོད་པ་དང་། དབུ་མ་རྩོད་རྒྱུ་མེད་པ་དེ་འདྲ་རྩ་བ་ནས་བརྗོད་ཀྱི་མེད། ངས་ཞུ་དོན་ནི་གཡུང་དྲུང་གིས་བཤད་པའི་འགག་རྩ་དེ་དོན་དངོས་ཡིན་པ་ར་སྤྲོད་བྱས་པ་ཙམ་ཡིན།

    Reply
  27. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    ཨ་རོ་གྲོགས་པོ་ཉ་ཉོག་མང་བ་དང་བསྐྱར་བཤད་ཡང་བཤད་བྱས་ནས་ཀློག་ཁོམ་མ་ཡོང་ཀྱང་། སྲིད་བྱུས་བཅོས་བསྒྱུར་གྱི་ཆ་རྐྱེན་དུ་རང་ལུས་མེར་བསྲེགས་བཀོད་པ་དང་། བོད་ནང་གི་མངོན་འདོད་རང་སྲིད་རང་སྐྱོང་མ་རེད་ཅེས་མ་རེད་ཟེར་བའི་སྒྲ་དེ་ཤུགས་ཆེན་པོས་བཏོན་མ་བཏོན་མི་འདུག ངས་ལྟོས་ན་ཁྱེད་ཀྱིས་འདིའི་རྒྱུ་མཚན་བཤད་ན་ཡག་གི་རེད། དེ་མིན་ཅང་མེད།

    འོ། ཁ་སང་རང་བཙན་སྐོར་གྱི་སྐད་ཆ་དེ། རྡ་རམ་ས་ལའི་རང་བཙན་པ་ཚོ་ལས་ཅིག་དྲག་གི་བསམ་སོང་སྟེ། དེ་རིང་རང་བཙན་གླེང་སྟངས་འདིས་རང་བཙན་ཅིག་ལ་དྲུད་མི་འདུག་གམ།

    རབ་ཡིན་ན། འུ་ཚོས་བོད་ནང་གི་ངོ་རྒོལ་གན་རང་བཙན་དང་དབུ་མའི་ཕྱོགས་གང་དུའང་མ་དྲུད་ན་ཡག་གི་རེད། དེ་འདྲུད་རྒྱུའི་རྒྱུ་མཚན་ཡང་ཚད་ལྡན་ཡོད་པ་མ་རེད། ངས་སྔ་མོ་ནས་ཞུས་ཚར། དེས་ན་ཁྱེད་རྣམ་པས་ཀྱང་རང་བཙན་དང་སྤྱིར་སྲིད་དོན་གྱི་སྐད་ཆ་འདི་བཤད་དུས་བསམ་བློ་ཐོངས་ཡ།

    Reply
  28. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དམིགས་ཡུལ་གཉིས་སྨན་དབུ་མའི་ལམ་དང་། ཐབས་ལམ་ཞི་བའི་ལས་འགུལ་ལ་བསྒྱུར་བ་མ་བཏང་ན་མི་བཟང་ངམ་། དགོངས་དག་འགོ་བརྗོད་ཙམ་ལས་ད་ལྟ་ཀློག་ཁོམས་མ་བྱུང་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese