མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྦྱིན་བདག་འཚོལ་ཞོར་དང་མི་གཏོང་ཞོར་བྱ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་བཀའ་ཁྲི་མཆོག་དང་ནང་སྲིད་བཀའ་བློན། ནང་སྲིད་དྲུང་འཕར་བཅས་ཨ་རུ་ནཱ་ཅལ་བོད་མིའི་གཞིས་ཆགས་ཁུལ་དུ་ཕེབས་ཏེ། ས་ཁུལ་དེ་དག་གི་བོད་མི་ ༡༠༠༠ ཁཱེ་ན་ཌར་གཏོང་རྒྱུའི་ལས་གཞི་མགོ་འཛུགས་བྱས་ཡོད་པ་ལྟར། འདི་གའི་གསར་འགོད་པ་ནང་སྲིད་དྲུང་ཆེ་དོན་གྲུབ་རྡོ་རྗེ་ལགས་དང་ཐུག་འཕྲད་ཀྱིས་གནད་དོན་དེའི་སྐོར་ལ་རྒྱུས་ལོན་བྱས་ཡོད།

ཉེ་ཆར་ནང་སྲིད་དྲུང་འཕར་དོན་གྲུབ་རྡོ་རྗེ་ལགས་དང་ཐུག་འཕྲད་ཀྱིས་གནས་ཚུལ་རྒྱུས་ལོན་བྱུང་པ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༢༡ ནས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས། ནང་སྲིད་དྲུང་འཕར་དོན་གྲུབ་རྡོ་རྗེ་བཅས་གཞུང་འབྲེལ་ཕྱོགས་བསྐྱོད་གཟིགས་སྐོར་དང་འབྲེལ། རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཡོད་པའི་བོད་མིའི་གཞིས་སྒར་མེའོ་ཆོས་འཕེལ་གླིང་དུ་ཕེབས་ཏེ། མེའོ་དང་ཏི་ཛུ། བསྟན་འཛིན་སྒང་བཅས་ཀྱི་མགོ་འཛིན་མི་གྲངས་ ༣༠ ལྷག་བསྡུ་བསྐོང་གིས་ས་ཁུལ་དེ་དག་ནས་བོད་མི་ ༡༠༠༠ ཁཱེ་ནཱ་ཌར་གཏོང་རྒྱུའི་ལས་གཞི་དངོས་སུ་གཞུང་འབྲེལ་མགོ་འཛུགས་གནང་པའི་ཁྱབ་བསྒྲགས་དང་། ལས་གཞི་ངོ་སྤྲོད། ལས་གཞི་ལག་བསྟར་ཚོགས་ཆུང་དང་བོད་མི་ ༡༠༠༠ འདེམས་སྒྲུག་བྱ་ཕྱོགས་སོགས་ངོ་སྤྲོད་བྱས་ཡོད་འདུག

ལས་གཞི་དེ་འབྱུང་འགྱུར་ལོ་ ༥ ནང་ཚུན་ཡོངས་སུ་འགྲུབ་པར་བྱ་འཆར་ཡིན་ཞིང་། ཁཱེ་ཎ་ཌ་གཞུང་གིས་ཨ་རུ་ནཱ་ཅལ་ཁུལ་གྱི་བོད་མི་གཅིག་སྟོང་གནས་སྤོར་དུ་ཡོང་རྒྱུར་ཁྲིམས་མཐུན་བཀའ་འཕྲོད་ཐོབ་ཡོད་པ་ཙམ་ལས། དཔལ་འབྱོར་དང་སྡོད་གནས་སོགས་སྒེར་དངོས་ནས་ཐབས་ཤེས་བྱ་དགོས་སྟབས། ཐེངས་འདིའི་ལས་གཞིའི་གཙོ་འགན་ཁཱེ་ཎ་ཌ་བོད་ཀྱི་འཆར་འགོད་ཚོགས་པ་(Project Tibet Society) དང་ཁཱེ་ཎ་ཌ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱིས་འཁུར་གྱི་ཡོད་པ་དང་། ཁོང་ཚོས་བོད་མི་གནས་སྤོར་བ་ཚོར་ཕར་ཕྱོགས་ནས་སྤྱིན་བདག་འཚོལ་རྒྱུ་དང་། སྡོད་གནས་གོ་སྒྲིག ཁཱེ་ཎ་ཌ་གཞུང་དང་འབྲེལ་ལམ་འཛིན་རྒྱུ་སོགས་ལས་གཞི་འདིའི་སྤྱི་འགན་འཁུར་ཡོད་འདུག འདི་ཕྱོགས་ནས་གནས་སྤོ་བ་འདེམས་སྒྲུག་དང་ཆ་རྐྱེན་ཚང་མིན་ཞིབ་བཤེར་སོགས་ཀྱི་འགན་འཁུར་དེ་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་འཁུར་ཡོད་པ་དང་། ལས་གཞི་ལག་བསྟར་ལ་ཁཱེ་ཎ་ཌ་བོད་ཀྱི་འཆར་འགོད་ཚོགས་པའི་འཐུས་མི་གཅིག་དང་། ནང་སྲིད་ལས་ཁུངས་ཀྱི་འཐུས་མི་གཅིག བསྟན་འཛིན་སྒང་དང་ཏེ་ཛུ། མེའོ་གསུམ་གྱི་ས་གནས་མགོ་འཛིན་བཅས་མི་སྣ་ ༥ ལས་གྲུབ་པའི་ཚོགས་ཆུང་ཞིག་གཏན་འབེབས་ཟིན་ཡོད་པ་ལྟར་མི་སྣ་འདེམས་སྒྲུག་སོགས་ཀྱི་རྐང་འགན་ཚོགས་ཆུང་དེ་ཡིས་འཁུར་རྒྱུ་ཡིན་འདུག

ནང་སྲིད་དྲུང་འཕར་དོན་གྲུབ་རྡོ་རྗེ་ལགས་ཀྱིས་གསུངས་པ་ལྟར་ན། མི་སྣ་འདེམས་སྒྲུག་བྱ་ཕྱོགས་ཀྱི་ཆ་རྐྱེན་ཁཱེ་ཎ་ཌ་གཞུང་གིས་གཏན་འབེབས་བྱས་ཡོད་འདུག་ལ། མི་སྣ་འདེམས་སྒྲུག་གི་འོས་ཆོས་ཁོངས་སུ་ཚུད་རྒྱུར། གལ་ཆེ་ཤོས་ཨ་རུ་ནཱ་ཅལ་ས་ཁུལ་བོད་མིའི་གཞིས་ཆགས་ཀྱི་སྒྲིག་ཁོངས་ཡིན་པ་གང་ཞིག་ལ་གཞིས་ཆགས་ལས་ཁུངས་ཀྱི་མིང་ཐོའི་ཐོ་གཞུང་ནང་ཡོད་པ་ལྟར་ ༢༠༡༠ ཟླ་ ༡༢ ཚེས་ ༡༨ གོང་གཞིས་སུ་ཡོད་པ་མ་ཟད། ད་ལྟའང་མུ་མཐུད་གཞིས་ཁོངས་སུ་ཡོད་པ། སྐྱབས་བཅོལ་ལག་དེབ་དང་རང་བཙན་ལག་དེབ་བཅས་ཡོད་པའི་ཁར། ཁྲིམས་འགལ་དང་ནག་ཉེས་མེད་པ། ཕར་སླེབས་རྗེས་འཇིགས་སྐུལ་རིང་ལུགས་སོགས་ཁྲིམས་འགལ་དང་ཚུལ་མིན་གྱི་ལས་ཀ་བྱ་རྒྱུར་དོགས་གཞི་མེད་པ། ལོ་རྒྱུས་རྫུན་བཟོས་ཀྱི་འདེམས་སྒྲིག་ཁོངས་སུ་ཚུད་ཐབས་བྱས་མེད་པ། ཁཱེ་ཎ་ཌར་སླེབས་རྗེས་སྦྱིན་བདག་གི་གན་རྒྱ་རྫོགས་རྗེས་རང་མགོ་འཕེར་ངེས་ཡིན་པ། གཟུགས་གཞི་བདེ་ཐང་ཡིན་པ་སོགས་ཀྱི་ཆ་རྐྱེན་ཚང་དགོས་ཀྱི་ཡོད་འདུག

ཐོག་མར་ལས་གཞི་འདིར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཐེ་བྱུས་བྱེད་ཀྱི་མེད་ཀྱང་ད་ཆར་གཞུང་འབྲེལ་དུ་གྱུར་པའི་སྐོར་དྲིས་པར་ཁོང་གིས། “ལོ་སྔོན་མའི་ནང་ཁཱེ་ཎ་ཌ་ནས་ཆེད་དུ་ས་ཁུལ་དེ་དག་ནང་རྟོག་ཞིབ་འཐུས་མི་ཡོང་རྗེས་གཞིས་ཆགས་ཁག་ནས་མི་སྣ་འདེམས་སྟངས་སོགས་ཁོང་ཚོས་བསྒྲུབ་ཁག་པོ་ཡོད་པས་བོད་མིའི་སྒྲིག་འཛུགས་ཀྱིས་འགན་འཁུར་རོགས་ཞེས་རེ་སྐུལ་གནང་པ་ལྟར། ལས་གཞི་འདི་ཐོག་མར་༧གོང་ས་མཆོག་གིས་གསལ་འདེབས་གནང་པ་ཞིག་དང་། ཕར་གཏོང་རྒྱུ་དེ་ཡང་བོད་མི་ཡིན་སྟབས། ལག་བསྟར་སྐབས་བོད་མིའི་སྒྲིག་འཛུགས་ཀྱིས་འགན་འཁུར་ཆོག་གི་རེད་ཅེས་ཞལ་བཞེས་གནང་པ་རེད”ཅེས་བརྗོད་བྱུང་།

ཁེ་ན་ཌའི་ཕྱོགས་ཀྱི་ཐག་གཅོད་ལྟར་ན། ཁཱེ་ཎ་ཌ་བོད་ཀྱི་འཆར་འགོད་ཚོགས་པ་བརྒྱུད་ཁཱེ་ཌའི་མི་སེར་ཡིན་མཁན་མི་ ༥ ལས་མ་ཉུང་པ་རེ་ཡིས་ལོ་གཅིག་རིང་ཁོང་ཚོའི་འཚོ་བ་དང་སྡོད་གནས་སོགས་མཐུན་རྐྱེན་གང་དགོས་སྦྱོར་རྒྱུའི་ཁེག་ཐག་བྱུང་རིགས་གནས་སྤོར་དུ་ཡོང་ཆོག་པ་དང་། ཆ་རྐྱེན་ཚང་སྟེ་གནས་སྤོར་བྱ་གཏན་འཁེལ་རིགས་ཀྱི་ནང་མི་རྣམས་ཁ་བྲལ་དུ་མ་སོང་པར་ལྷན་དུ་ཡོང་རྒྱུ། གལ་སྲིད་ནང་མི་ཡོང་གི་མིན་ཀྱང་མི་ ༡༠༠༠ གི་གྲངས་ཚད་ནང་བརྩི་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་འདུག ནང་སྲིད་དྲུང་འཕར་ལགས་ཀྱིས་ “ས་གནས་མང་ཚོགས་ཀྱི་རེ་བ་ནི་ཁྱིམ་ཚང་རེ་ནས་མི་རེ་གཏོང་ཐུབ་རྒྱུ་དེ་རེད། དེ་ནི་གཙོ་བོ་མི་ཚང་རེ་ནས་མི་རེ་ཕར་འགྲོ་ཐུབ་ཚེ་ཁྱིམ་ཚང་མང་པོ་ཞིག་ལ་ཕན་ཐོགས་ངེས་པ་དང་། དེ་མིན་མི་སུ་ཞིག་མཐའ་མིའི་ཐག་གཅོད་ནང་གཏོང་གཏན་འཁེལ་བ་དེའི་ནང་མི་ཚང་མ་ལྷན་དུ་བཏང་ཚེ། ཁྱིམ་ཚང་གང་འཚམས་ཤིག་ལས་གཞིས་ཆགས་ཁག་ཡོང་ལ་དེ་ཙམ་ཕན་ཐོགས་འབྱུང་ཐུབ་ཀྱི་མིན་པར་བརྗོད་ཀྱི་ཡོད་ཀྱང་། ད་སྔའི་ཐག་གཅོད་དེ་ཁཱེ་ཎ་ཌ་གཞུང་གི་སྲིད་བྱུས་ཤིག་ཡིན་སྟབས་འགྱུར་པ་འགྲོ་རྒྱུ་ཁག་པོ་ཡོད་པ་རེད”ཅེས་བརྗོད་བྱུང་།

ནང་སྲིད་དྲུང་འཕར་དོན་གྲུབ་རྡོ་རྗེ་ལགས་སུ་ཕར་ཕྱོགས་ནས་སྦྱིན་བདག་གི་གནས་སྟངས་གང་འདྲ་ཆགས་ཡོད་མེད་དྲིས་པར་ཁོང་གིས་ལན་འདེབས་གནང་པ་ལྟར་ན། ལས་དོན་དེའི་རིགས་ཁཱེ་ཎ་ཌ་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་ཀྱི་འཆར་འགོད་ཚོགས་པས་འགན་ཁུར་ཡོད་པ་དང་། ད་ཆར་སྦྱིན་བདག་མ་རག་པའི་དཀའ་ངལ་ཅིག་འཕྲད་ཀྱི་འདུག་ལ། ཁཱེ་ཎ་ཌ་གཞུང་གི་གཏན་འབེབས་ནང་ལས་གཞི་དེ་ལོ་ ༥ ནང་ཚར་དགོས་སྟབས། གང་མགྱོགས་མི་སྣ་འདེམས་སྒྲུག་གིས་སྦྱིན་བདག་འཚོལ་ཞོར་དང་མི་གཏོང་ཞོར་བྱ་རྒྱུ་ཡིན་པར་བརྗོད་བྱུང་ལ། འདི་ཕྱོགས་ནས་མི་སྣ་འདེམས་སྒྲུག་ཟིན་འཕྲལ་ཐོ་གཞུང་རྣམས་ཁཱེ་ཎ་ཌ་གཞུང་ལ་ཕུལ་ཏེ་མཐའ་མའི་ཐག་གཅོད་ཁཱེ་ཎ་ཌ་གཞུང་གིས་བྱ་རྒྱུ་ཡིན་འདུག

གནས་ཚུལ་རྒྱུས་ལོན་བྱས་པར་ད་སྔའི་འཆར་གཞི་ལྟར་ན་བོད་མི་ ༡༠༠༠ ཕར་སླེབས་རྗེས་ཁཱེ་ཎ་ཌའི་བོད་རིགས་འདུས་སྡོད་གྲོང་ཁྱེར་ཊོ་རོན་ཊོ་ (TORONTO) དང་། ཝན་ཁོ་ཝར་ (VANCAUVER )།   ཨོ་ཊ་ཝ་ (OTTAWA ) ། མོན་ཊི་རིལ་ (MONTREAL) །   ཁེལ་གྷ་རི་( CANGARY ) བཅས་ཀྱི་ནང་བགོ་གྲེམས་བྱ་རྒྱུ་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༤ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 16

  1. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    སྙིང་རྗེ་བོ་ཞིག་གསུངས་འདུག་་་་་་་་་་གཞིས་ལུས་ཚོའི་མནར་གཅོད་འོག་ནས་སྡུག་རུས་བྱོས་ལ་རྩམ་དྲི་མ་ཡལ་བ་ཞིག་བྱོས། ཕྱི་སྡོད་པ་ཚོ་རྩམ་དྲི་མ་བྲོ་ཡང་ཆོག་ཟེར་བ་རེད་ལ།
    ཡང་གཅིག་བྱས་འདི་ལྟར་གསུངས་ཆོག་པ་རེད། འོན་ཀྱང་ལག་ལེན་ལ་མེད་པ་མིག་མཐོང་མ་ཡིན་ནམ
    རྒན་ལགས་ཀྱི་སེམས་ལ་ཡང་གསལ་ཐང་ཡིན་ཤག་རེད ཝརཎ་མཐོ་སློབ་ད་ཉམ་ཚར་འདུག་ སྭ་ར་ཡང་ཇེ་ཞེན་ཡིན་སྐད
    ད་དུང་སྐད་ཡིག་སློབ་ཐུབ་པ་ཞིག་བྱེད་དགོས་གསུངས་ན་་་་ཉིད་ཀྱིགསུངས་དང་ཁྱེད་ཀྱི་སེམས་ཁ་གང་བ་ཞིག་སྔར་བྱུང་བ་དང་ཕྱིས་སུ་ཡོངས་ཐུབ་རྒྱུ་ཨེ་རེད།
    སེམས་ཀྱི་སྐད་ཆ་གསུངས་བ་ལས་ཁ་གཡང་གི་ལན་མི་དགོས།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བོད་པ་ཡུལ་ལུང་དུ་མར་གྱར་ནས་མི་རབས་གསུམ་པར་སླེབས་ཀྱིན་ཡོད་ན་ཡང་ད་དུང་བོད་ཞེན་འགྱུར་མེད་ཐ་ན་ཁོར་ཡུག་གི་གནོན་ཤུགས་འདྲ་མིན་འོག་ནས་མང་ཆེ་བས་བོད་ཡིག་དང་བོད་སྐད་བརྗེད་བཅུག་མེད། འདི་ལྟར་ད་དུང་གནས་ཐུབ་རྒྱུར་རེ་བ་དང་ཐབས་ལམ་ཡོད། གཅིག་ནས་བོད་མི་ཚོ་ཕྱི་གླིང་དག་ཏུ་ཡང་མཉམ་གནས་དང་མཉམ་འབྲེལ་གྱི་འཚོ་ཐབས་དང་བོད་ཕྲུག་ཚོར་བོད་ཡིག་སློབ་ཚན་སློབ་ཐུབ་པ་ཞིག་བྱེད་དགོས། བོད་ནང་ལ་ཅི་ཙམ་གྱིས་མནན་ན་ཡང་མི་ནོན་པ་ཞིག་ཆགས་བཞིན་པ་དང་བཙན་བྱོལ་བ་ཚོ་ཅི་ཙམ་གྱིས་ཁ་ཐོར་ན་ཡང་ལར་ཞེན་དང་སེམས་ཤུགས་ཀྱིས་སྦྲེལ་ཡོད་པ་འདི་མུ་མཐུད་དེ་གནས་ཐུབ་པར་རེ་བ་མེད་པ་ཞིག་ཅི་ལ་ཡིན། ཡང་གཅིག་བཤད་ན་ཡུལ་གྱར་བོད་མི་འབུམ་གཅིག་འདི་ཕྱི་གླིང་བའི་མི་རུ་གྱུར་སོང་ན་ཡང་ས་ཡ་ཆ་བོར་ཆག་སྒོ་མ་བྱུང་ན་དེས་ངའི་འདོད་པ་གང་ཐུབ།

    Reply
  3. ཐོ་རེངས། says:
    ལོ་ 14 སྔོན།

    བདག་གིས་༼དབུ་གཙང་གི་མི་འདི་རྣམས་མགོ་བདེ་དང་། རང་གི་ལྟོ་གོས་ཙམ་མ་གཏོག་བསམ་བློ་མི་གཏོང་མཁན་ཞིག་རེད་འདུག༽ ཅེས་བཤད་པ་འདི་ནི་གཙོ་བོ་དེང་དུས་ཀྱིས་གནས་བབ་ཀྱི་དབང་དུ་བྱས་ནས་བཤད་པ་ཡིན། དེ་ཡང་གཙོ་ཆེ་བའི་དབང་དུ་བྱས་ནས་བཤད་པ་ཡིན་མ་གཏོགས་བརྒྱ་ཆ་བརྒྱའི་ཐག་བཅད་གང་ནས་ཡིན། སྤྱི་རིགས་ནས་བོད་རྒྱལ་གཅེས་ལྷག་བསམ་ཅན་ཀྱི་མི་བོད་མདོ་དབུས་ཁམས་གསུམ་ན་ཡོད་པ་སྨོས་ཅི་དགོས། འོན་ཀྱང་མི་མང་གི་བསམ་བློ་དང་སྙིང་སྟོབས་ལྷག་བསམ་གྱི་ཕྱོགས་ནས་བལྟས་ན་མདོ་ཁམས་གཉིས་ཡག་ཤོས་རེད་སྙམ་པའི་བལྟ་ཚུལ་རང་ཉིད་ལ་ཡོད། ༢༠༠༨ ནས་བཟུང་ད་ཐུག་གི་བར་དུ་བོད་ནང་གི་ས་ཆ་གང་ལ་ངོ་རྒོལ་དང་སྐད་འབོད་བྱེད་མཁན་གྱི་མི་རྣམས་གཙོ་བོ་མདོ་ཁམས་ནས་རེད། བདག་གིས་དངོས་ཡོད་གནས་ཚུལ་ཡིན་མ་གཏོགས་ཕྱོགས་ཞེན་དང་གཏོར་བཀྲུག་གི་བསམ་བློ་གཞི་ནས་མིན་ལགས། དེས་ན་འདི་ལ་ནོར་འཁྲུལ་དང་ཞིབ་འཇུག་གི་མ་འདངས་པས་ཆ་ཡོད་ན་དགོང་འགལ་མེད་པར་ཞུ།

    Reply
  4. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    དམ་བཅའ་རེ་རུམ་དེ་ས་དྲོ་ས་ཤིག་དུ་གཉིད་ལ་སྡོད། སྐྱིད་པོ་ཞིག་བཤད་གི་ཡོད་གི

    འདི་ལྟར་གཏོར་གང་ཐུབ་བྱས་ན་རྒྱ་ནག་པོ་བོད་མི་རིགས་རྩ་མེད་བཟོ་བའི་སྲིད་ཅོས་ལ་ཡང་རབ་འདེགས་ཅུང་བྱས་ཡོད་སྙམ། བྱ་བ་འདིའི་འཇུག་འབྲས་མི་རབ་གཉིས་དང་ཡང་ན་གསུམ་གྱི་རྗེས་སུ་མངོན་ཡོང་བ་ཡིན།
    ད་ལྟའི་མངོན་འདོད་ཙམ་པོ་བ་དེ་ནི་མི་རབ་འདིའི་དཔལ་འབྱོརམ་མཐར་གཏུག་ན་ལྟོ་གོས་ཙམ་གྱི་ཆེད་རེད། མི་འདི་དག་གི་མི་རབ་གཉིས་ཀྱི་རྗེས་སུ་ད་ལྟད་མོ་ཡོད་ནི་རེད
    ཡང་མེས་སོ་བོད་མི་རེ་རེད་ཟེར་རྒྱུ་ལས་རྩམ་དྲི་མི་བྲོ་ཐག་བཅད་པ་ཡིན། དེ་དུས་ཨ་རོ་སྔར་ཀྱི་དམ་བཅའ་ཟེར་བ་ཤིག་གཏན་ནས་མེད།

    Reply
  5. ཚེ་རིང་བཀྲིས། says:
    ལོ་ 14 སྔོན།

    གྲོགས་པོ་ཐོ་རེངས་ལགས།
    ཁྱེད་ཀྱིས་༼དབུ་གཙང་གི་མི་འདི་རྣམས་མགོ་བདེ་དང་། རང་གི་ལྟོ་གོས་ཙམ་མ་གཏོག་བསམ་བློ་མི་གཏོང་མཁན་ཞིག་རེད་འདུག།༽ཞེས་བརྗོད་འདུག ངོ་མ་དེ་ནི་བསམ་བོ་རྣལ་དུ་ཕབས་པའི་སྐད་ཆ་ཞིག་ཨེ་ཡིན་ན། རྒྱ་དམར་གྱི་སྐར་ལྔ་དར་དམར་འོག་ལ་ཚར་ལོངས་བྱུང་བའི་བོད་རང་བཙན་གྱི་སྣེ་ཁྲིད་པ་རྒྱལ་ཅེས་དཔའ་བོ་དཔའ་བོ་དེ་དག་དབུ་གཙང་བ་མ་རེད་དམ། བཙན་བྱོལ་དུ་ཡོད་པའི་དབུ་གཙང་བ་ཞེས་བརྗོད་ན་ཆོག་སྙམ། གུས་པས་བཙན་བྱོལ་དུ་ཡོད་པའི་དབུ་གཙང་བ་ཕལ་མོ་ཆེ་དེ་ལྟར་རེད་སྙམ།
    འདིར་དབུས་གཙང་བ་ཕལ་མོ་ཆེ་མངའ་རིས་དང་སྟོད་པ་བ་ཚོ་རེད།

    Reply
  6. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    བོད་གཞུང་གིས་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་ཞིག་མ་རེད་བསམ། དེ་རིང་སང་ཉིན་བོད་ནང་གི་ཛ་དྲག་དང་བོད་མི་ཚོས་སྡུག་བསྔལ་དེ་ལས་སྐྱོབས་ཐབས་འམ་གདུང་སེམས་མཉམ་བསྐྱེད་རེ་བྱེད་ཨེ་ཐུབ་མི་བལྟ་བར་ལུས་སེམས་བདེ་བར་འཁོད་པའི་ཁྱིམ་ཚང་ཁ་ཤས་ཤིག་གི་ངོ་སོ་འཚོལ་ཐབས་བྱེད་བཞིན་པ་འདི་ལ་བློ་ཕམ་ཚད་མེད་ཡོད། སྔོན་གྱི་སྤྱི་ལོ་༥༨,༥༩བར་གྱི་གཞུང་འཛིན་པ་ཚོ་འདུག་འདུག་བྱས་ན་གཏན་ནས་འདུག་ཐབས་མེད་དོ། མར་ལ་རྒྱ་དམག་གིས་དམག་རྒྱག་བཞིན་པའི་སྐབས་སུ་ཡར་ནས་དཔོན་པོ་སྐུ་དྲག་ཚོས་སྟོན་མོ་བྱས་ནས་བསྡད་པའི་འབྲས་བུ་ད་ལྟ་མྱོང་བཞིན་པ་འདི་ཚོ་རེད། ཚང་མའི་བསམ་ཤེས་ཡག་པོ་རེ་བྱེད་དགོས་པའི་དུས་ལ་བབ་འདུག

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བོད་མི་རེའི་སེམས་ན་དམ་བཅའ་གཅིག་རང་དགོས། དེ་ནི་ང་གང་ལ་སོང་ན་གང་ནས་བསྡད་ན་བོད་མི་སྐྱབས་བཅོལ་བ་ཞིག་ཡིན། ངས་རང་གི་ནུས་ཚོད་ཀྱིས་བོད་དོན་འཐབ་རྩོད་ཆེད་དུ་འབད་བརྩོན་བྱེད་དགོས་སྙམ་པ་འདི་རང་ཡིན། འདི་ཡོད་ན་བོད་མི་ཚང་མ་རྒྱལ་ཁམས་ཡོངས་སུ་ཁ་ཐོར་ན་ཡང་དོན་གྱི་ཆིག་སྒྲིལ་གྱི་ནུས་པ་འདོན་ཐུབ། དེ་མེད་ན་རྡ་སའི་རི་སྒང་ལ་ཚང་མ་སྤུངས་ན་ཡང་དོན་ཕན་ཅི་ཡང་མེད།

    Reply
  8. Dawai Shonu says:
    ལོ་ 14 སྔོན།

    བརྩེ་བའི་གྲོགས་མཆོག་ཚོ་།་་་་་་བཙན་འབྱོལ་བོད་མི་ཚོས་དཀའ་ངལ་མང་པོ་གདོང་ལེན་བྱས་ཏེ་བཙན་འབྱོལ་སྤྱི་ཚོགས་དྲོ་སོབ་སོབ་འདི་བཟོས་ཡོད་པ་རེད། ད་ལྟ་གསར་དུ་ཕེབས་མཁན་ཚོ་ཚུར་་ཡོང་ཆོག་ཆོག་་་བསྡད་ཆོག་ཆོག་་་་སློབ་གྲྭར་འགྲོ་ཆོག་ཆོག་་་་་་ཚོང་ལས་གཉེར་ཆོག་ཆོག་འདི་ཚོ་ཚང་མ་བཟོ་མཁན་བཙན་འབྱོལ་བ་ཚོ་རེད། ཁོང་ཚོ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་དགོས་པ་ལས་དོན་མེད་རྟག་ཏུ་་འཁང་ར་་་དང་སྐྱོན་བརྗོད་བྱེད་མི་ངན། བཙན་འབྱོལ་གྱི་བོད་མི་ཚོ་སྙིང་རྗེ་་་་་་་་་་་་ག་དུས་ཡིན་ནའང་ཁ་བརྡུང་བཟེད་དགོས་རེད།
    ཕྱི་རྒྱལ་ལ་འགྲོ་མཁན་འདོད་པ་ཚང་མ་རེད། ད་ལྟ་ཨ་རུ་ན་ཅལ་བོད་མི་ཚོར་གོ་སྐབས་ཤིག་ཐོབ་པ་རེད་་དེ་ལ་ང་ཚོ་ཚང་མ་དགའ་དགོས་པ་རེད་དཱ། ང་རྒྱལ་ཕྲག་དོག་བྱེད་མི་ངན། ང་ཚོ་ཚང་མ་བོད་མི་གཅིག་པ་རེད་པ།་་་་་་་སུ་ལ་ཡག་ག་བྱུང་ཡང་དགའ་དགོས་པ་རེད། བོད་ནང་གི་བོད་མི་ཚོས་རང་སྲོག་གློས་གཏོང་བྱེད་ཀྱི་ཡོད་པ་རེད་་་་་་་་་་་དེ་ཁྱེད་རང་གིས་བྱས་རྗེས་གང་ཡང་མ་རེད་པ་་་་་ཁྱེད་ཚོས་དེ་ལ་ཡུད་བཤད་དགོས་པ་གང་རེད་་་་་་་་་་ཁོང་ཚོས་རང་ཡུལ་དོན་དུ་སྲོག་གཏོང་བ་ཚང་མས་ཤེས་ཀྱིན་ཡོད་རེད་ལ་སེམས་ནང་ཡོད་པ་རེད།་་་་་་་་ཁྱེད་རང་ཚུར་བྲོས་སླེབས་པ་རེད་པ

    བོད་ནས་ཡོང་མཁན་ཞིག་ཡིན་ན་ཕྱི་རྒྱལ་ལ་འགྲོ་ཡས་གོ་སྐབས་མང་པོ་ཡོད་རེད་ལ་་ཡིག་ཆ་ལམ་སེང་རག་གི་ཡོད་རེད།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཐོ་རེངས་ལགས་ཀྱིས།
    ་་་ རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་ཞིག་བྱེད་དགོས་ན། གསར་འབྱོར་རྣམས་ཀྱིས་སྣ་འདྲེན་བྱེད་དགོས་པ་མངོན་གསལ་མ་ཡིན་ནམ། མ་གཞི་སྟོད་པ་དང་དབུ་གཙང་གི་མི་འདི་རྣམས་མགོ་བདེ་དང་། རང་གི་ལྟོ་གོས་ཙམ་མ་གཏོག་བསམ་བློ་མི་གཏོང་མཁན་ཞིག་རེད་འདུག ཟེར།

    Reply
  10. ཐོ་རེངས། says:
    ལོ་ 14 སྔོན།

    གཞི་ལུས་བོད་མི་རྣམས་ཀྱིས་རང་སྲོག་བློས་གཏོང་གི་སྒོ་ནས་བོད་ཀྱི་རྩ་དོན་རྩོད་ལེན་བྱེད་བཞིན་པའི་སྐབས་འདིར། བཙན་གཤོལ་བོད་པ་ཚང་གིས་ཀོ་སྐབས་དེ་བེད་སྤྱོད་བཏང་ནས་རང་ཉིད་ནུབ་ཕྱོགས་ལ་སྐྱབས་བཅོལ་ཐར་ཐབས་དང་སྦྱིན་བདག་སློང་བྱེད་ཀྱིས་ཐབས་ཤེས་ཡག་ཤོས་ཞིག་ལ་བེད་གཏོང་བཞིན་འདུག
    ནམ་རྒྱུན་ཨ་རི་དང་ཨོ་སུ་ཁྲོ་ལེ་ཡ་ཡོ་རོབ་སོགས་ལ། བོད་གཞུང་གི་ངོས་ནས་ཆེད་དུ་ནུབ་ཕྱོགས་ལ་བཏངས་བས་བོད་མི་སྟོང་ཕྲག་མང་པོ་ཡོད་ནའང་། རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་ངོ་རྒོལ་སྐད་འབོད་ཞིག་བྱེད་དགོས་ན། གསར་འབྱོར་རྣམས་ཀྱིས་སྣ་འདྲེན་བྱེད་དགོས་པ་མངོན་གསལ་མ་ཡིན་ནམ། མ་གཞི་སྟོད་པ་དང་དབུ་གཙང་གི་མི་འདི་རྣམས་མགོ་བདེ་དང་། རང་གི་ལྟོ་གོས་ཙམ་མ་གཏོག་བསམ་བློ་མི་གཏོང་མཁན་ཞིག་རེད་འདུག།

    Reply
  11. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    གཞིས་ལུས་བོད་མི་དག་གི་བོད་མིའི་རང་དབང་སོགས་ཀྱི་ཆེད་དུ་རང་སྲོག་འབེན་ལ་འཇོག་གིན་འདུག བཙན་འབྱོར་འགྲིགས་འཛུག་གི་ལམ་དབུ་མ་དང་གྲོས་མོལ་ཡོང་ཐབས་ལ་འབད་ཀྱིན་ཡོད་སྐད ཡང་ཕྱོགས་གཅིག་ནས་འདི་ལྟར་ཕྱི་རྒྱལ་ལ་འབད་ཀྱིན་འདུག་་་་་ངོ་མ་མི་ཤེས་་་་་མི་ཞིག་ཡིན་ན་རྐང་ལག་བཞི་ཀ་ཕྱོགས་བཞི་ལ་བསྐྱངས་ནས་མདུན་ལ་ཅི་ལྟར་འགྲོ།

    Reply
  12. བདུད་རྡོ། says:
    ལོ་ 14 སྔོན།

    བྱ་བ་འདི་ལམ་འགྲོ་ཡོངས་བར་སྨོན།འདི་ནི་ང་ཚོ་བོད་པ་མང་པོ་ཞིག་གི་འཚོ་གནས་དང་འབྲེལ་འདུག

    Reply
  13. ཤིང་ལོ། says:
    ལོ་ 14 སྔོན།

    འདི་རྒྱལ་ཁབ་ཞིག་ཡིན་ན་མ་རྩ་འདྲ་བོ་རེད། གང་ཡིན་ཟེར་ན་དཔལ་འབྱོར་དང་། སློབ་གསོ། འགྲོ་འདུག་སྤྱོད་གསུམ་གང་གི་ཐོག་ལ་ཕན་ཐོག་ཡོད་རྒྱུ་རེད། ཡིན་ཡང་ད་ལྟ་ནས་བོད་རང་གི་སློབ་གསོ་སྤྲོད་ཕྱོགས་ལ་དགོངས་པ་བཞེས་ན་ལེགས་ལ། དེ་ནི་རྗེས་སུ་བོད་རང་ལ་གང་ཅིའི་ཐོག་ཕན་པའི་བསམ་བློ་གཏོང་རྒྱུ་དེ་རེད།

    Reply
  14. རྭ་ལོ། says:
    ལོ་ 14 སྔོན།

    ད་དུང་ཉེ་ཆར་གོ་བ་ལ། ཨ་རུ་ན་ཅལ་ན་བོད་མི་ ༨༠༠༠ ཡོད་ཚུལ་འབྲེལ་ཡོད་མི་སྣས་བཤད་སོང་། འདི་ལ་རྩིས་ཤིག་བརྒྱབ་ན་སྤྱིར་བཏང་སྦྱིན་བདག་ ༤༠༠༠༠ དགོས་ཚོད་འདུག ཡིན་ཡང་བོད་མི་ ༡༠༠༠ མ་གཏོགས་འཐེན་གི་མེད་དུས་ཨ་རུ་ན་ཅལ་མངའ་སྡེ་ནས་མ་གཞི་ཁྱིམ་ཚང་ ༢༥༠ ཙམ་མ་གཏོགས་འགྲོ་ཐུབ་རེ་མི་འདུག་པས་ད་ནི་རླུང་རྟ་སྤར་རན་རེད།

    Reply
  15. རྭ་ལོ། says:
    ལོ་ 14 སྔོན།

    འདི་ཅུང་ཡ་མཚན་རེད། ལོ་སྔོན་མར་ང་ཨ་རུ་ན་ཅལ་མངའ་སྡེའི་གཞིས་ཆགས་མེའོ་ཆོས་འཕེལ་གླིང་ལ་ཕྱིན་པ་ཡིན། ཁྱིམ་ཚང་གཅིག་ལ་ནང་མི་ ༦ ཅན་གང་འཚམ་འདུག དེ་ཡིན་དུས་ཁ་ན་སྒྲ་ནས་ཁྱིམ་ཚང་སྐོར་ཞིག་ལ་སྦྱིན་བདག་ ༣༠ འཚོལ་དགོས་པ་འདྲ། ད་དུང་གོ་ཚོད་ལ་ཁྱིམ་ཚང་གཅིག་ལ་ནང་མི་ ༨ ཅན་ཡང་ཡོད་ཚུལ་ཐོས། དེའི་རིགས་ལ་ཁྱིམ་ཚང་རེར་སྦྱིན་བདག་ ༤༠ རེ་དགོས་ཀྱི་རེད། གང་ཡིན་ཟེར་ན། ཁ་ན་སྒྲའི་ཁྲིམས་ལྟར་ན། མི་རེ་ལ་སྦྱིན་བདག་ ༥ རེ་ལོངས་ན་ཕར་འཐེན་ཆོག་པ་ལས་ཁྱིམ་ཚང་རེར་སྦྱིན་བདག་ ༥ ལོངས་ན་འཐེན་ཆོག་ཚུལ་གླེང་གི་མེད་པར་གོ།

    Reply
  16. ཀུན་དགའ། says:
    ལོ་ 14 སྔོན།

    དུས་སྐབས་འདིར། བོད་མི་ཕྱི་རྒྱལ་དུ་གཏོང་པ་ལས། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་བོད་མི་གང་མང་ཞིག་ཕྱི་མའི་ཡུལ་ཕེབས་བཞིན་པ་འདི་དྲན་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese