མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞིས་རྩེ་དང་མངའ་རིས་ནས་མི་ ༣ གྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་གཞིས་ཀ་རྩེ་དང་སྟོད་མངའ་རིས་ཁུལ་དུ་འབྱུང་བའི་གནོད་འཚེ་ཡི་རྐྱེན་པས་མི་ ༣ གྲོངས་ཡོད་པ་དང་། མི་ ༧༠ ལྷག་ལ་གནོད་སྐྱོན་ཕོག་ཡོད་འདུག 

ཕྱི་ཚེས་ ༡༣ ཉིན་རྒྱ་གཞུང་དྲ་རྒྱ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༧ ནས་བཟུང་གཞིས་ཀ་རྩེ་དང་སྟོད་མངའ་རིས་ས་ཁུལ་གྱི་རྫོང་ ༡༣ གྱི་ཞང་ ༧༩ ནང་ཁངས་ཆགས་དང་གྲང་རླུང་ཤུགས་ཆེན་པོ་བརྒྱབ་སྟེ། མི་ ༣ འཁྱག་ཤི་ཐེབས་པ་དང་། མི་ ༧༠ ལྷག་ལ་འཁངས་ཕྱིད་ཀྱི་གནོན་འཚེ་ཕོག་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༢ བར་གྱི་ཉིན་གྲངས་ ༥ ནང་། མི་ཚང་ཁྲི་ ༡ དང་སྟོང་ ༥ ཙམ་གྱི་མང་ཚོགས་ཁྲི་ ༧ ལྷག་གི་འཚོ་བར་གནོད་སྐྱོན་ཐེབས་ཡོད་འདུག 

ཐེངས་འདིའི་གངས་འཁྱག་གནོད་འཚེ་ཁྲོད་མང་ཚོགས་ཀྱི་ཁང་པ་ ༡༡༠ རྡིབ་རལ་དང་།  ཁང་པ་ ༦༠༠ ལྷག་ལ་གནོད་སྐྱོན་བྱུང་ཡོད་པ་མ་ཟད། ཕྱུགས་རིགས་ཆེ་ཆུང་ཁྲི་ ༢ འཁྱག་ཤི་ཐེབས་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༢༠ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 17

  1. འཇིགས་མེད་སེང་གེ says:
    ལོ་ 15 སྔོན།

    སྟོད་དབུས་གཙང་ཡུལ་གྱི་ཁ་བ་འདིས། སྨད་མདོ་ཁམས་ཡུལ་གྱི་མེ་གསོད་ན་ཐང་།

    Reply
  2. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ༥༩ ཡི་ཡར་སྔོན་ལ་སྟོད་མངའ་རིས་པ་རྣམས་དབུས་གཙང་གི་སྐུ་དྲག་གི་འོག་ན་སྡུག་པོ་མྱོང་ཡོད། ༥༩ ཡི་སྐབས་སུ་རྒྱ་དམག་གི་བཙན་གནོན་གྱི་འོག་ན་མྱོང་། ད་ཆ་ཁོང་རྣམས་བཙན་བྱོལ་ནང་གི་མདོ་སྟོད་སྨད་གཉིས་ཀྱི་ཁ་ཤེད་དབང་ཐང་གི་འོག་ན་མྱོང་བཞིན་ཡོད། ཁོང་རྣམས་ནམ་ཞིག་ན་གཉའ་གནོན་གྱི་འོག་ནས་གྲོལ་རྒྱུ་རེད་དམ། ཨ་ཁ། ཀརྨ་ཆོས་འཕེལ་དང་ཀརྨ་ཡེ་ཤེས་ལྟ་བུ་བརྒྱ་ཁྲག་ཁ་ཤས་ཡོང་བའི་རེ་སྨོན་ཡོད།

    Reply
  3. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ང་ོ་མ་བོད་མི་རིགས་ནི་ཉམས་ཆུང་ལ་མཐོང་ཆུང་དང་ཁྱད་གསོད་ལ་དགའ་བ་དང་མཐོ་བོ་ལ་སྤྲེལ་ལད་འཁྲབ་མཁན་ཞིག་རེད་ཟེར་བ་ངོ་མ་བདེན་བདེན་འདྲ་འདུག ཆོལ་ཁ་ཆོས་ལུགས་ཕན་ཚུན་ལ་སྐྱོན་གྱི་ཆ་ནས་གླེང་དགོས་ན་ཚང་མ་ལ་གླེང་རིན་རེ་ཡོད་པ་གོར་མ་ཆག་པས། ཆིག་སྒྲིལ་ལ་འདང་རྒྱག་ནས་འདྲ་མིན་མ་སྤེལ་ན་ལེགས། སྟོད་མངའ་རིས་སྐོར་གསུམ་དང་གཙང་ཕྱོགས་གཞིས་རྩེ་ལ་མཚོན་ན་མདོ་སྟོད་སྨད་དབུས་ཕྱོགས་ལས་ས་ཆ་དང་དཔལ་འབྱོར་གྱི་གནས་སྟངས་ཐད་ལ་སྐྱོ་བ་ཡོད་སྲིད་ཀྱང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཐོག་ལ་བྱས་རྗེས་ཆེན་པོ་འཇོག་ཡུལ་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་རེད།

    Reply
  4. བསོད་ནམས་རྒྱ་མཚོ། says:
    ལོ་ 15 སྔོན།

    ས་ཆ་དེར་ནམ་རྒྱུན་ནས་གོས་ལོག་དང་ཁ་ཟས་འདང་ངེས་ཤིག་ཡོད་མ་རེད། གངས་ཤུགས་ཆེན་པོ་འབབ་ན་འཁྱགས་ཤི་ཐེབས་པ་མ་ཚད་ལྟོགས་ཤི་ཡང་ཐེབས་ཉེན་ཆེ། སྙིང་རྗེ། ན་ནིང་སྐྱེ་དགུ་མདོར་ས་ཡོམ་གྱི་གོ་ཆག་བྱུང་དུས་སྤུན་ཟླ་ནང་ཁུལ་རོགས་རམ་བྱས་པ་བཞིན། ད་རེས་ཡང་དེ་འདྲའི་རོགས་རམ་དགོས་ངེས་རེད། 
    སྲིད་གཞུང་ནས་རོགས་སྐྱོར་གནང་དགོས་ངེས་རེད། གང་ཡིན་ཟེར་ན་སྔ་ཕྱི་བར་གསུམ་དུ་སྟོད་ཕྱོགས་ནི་བརྟན་ལྷིང་དང་བདེ་འཇགས་ཀྱི་སྤྱི་ཚོགས་རེད། ཤི་བོ་གསུམ་གྱི་ཕྱིར་དུ་མ་ཎི་འདོན། ཨོཾ་མ་ཎི་པདྨེ་ཧུཾཿཨོཾ་མ་ཎི་པདྨེ་ཧུཾཿ ཨོཾ་མ་ཎི་པདྨེ་ཧུཾཿ ཨོཾ་མ་ཎི་པདྨེ་ཧུཾཿ ཨོཾ་མ་ཎི་པདྨེ་ཧུཾཿ

    Reply
  5. ནོར། says:
    ལོ་ 15 སྔོན།

    བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་མི་བརྒྱ་ཆ་ ༦༠ ལྷག་སྟོད་པ་རེད། མ་གཞི་བྱས་ན་གཉེན་ཉེ་སྤུན་མཆེད་ཀྱི་འབྲེལ་བས་རྐྱེན་པས་ཀྱང་། མི་རིགས་ཀྱི་འདུ་ཤེས་དང་རྒྱལ་ཁབ་ཀྱི་འདུ་ཤེས་སོགས་ས་ཁུལ་གཞན་ལས་དོག་ཙམ་ཤུགས་ཆེན་པོ་ཡོད་དགོས་པ་ཞིག་ཆགས་ཡོད་རེད། དེའི་ཐད་དེ་ཙི་ཡིད་ཕངས་དགོས་པ་ཞིག་རེད་མོད། ཡིན་ནའང་། ཕྱི་ནང་བར་གཉེན་ཉེ་འབྲེལ་ཤུགས་ཆེ་ཤོས་ཀྱི་སྟོད་མངའ་རིས་སྐོར་གསུམ་དུ་མེར་བསྲེགས་ངོ་རྒོལ་གྱི་རིགས་གང་ཡང་འབྱུང་གི་མེད་པ་འདིས། རྒྱ་གཞུང་གིས་བཙན་བྱོལ་པ་ཚོས་བོད་ནང་དུ་སྐུལ་སློང་བྱེད་བཞིན་པའི་རྫུན་གཏམ་དེ་དོན་དངོས་ཀྱི་ཐོག་ནས་དམར་རྗེན་ལ་ཕུད་ཡོད་པ་རེད། གཞན། སྟོད་སྨད་བར་གསུམ་གྱི་དབྱེ་བ་མེད་པར་ཚང་མ་བོད་མི་རྩམ་གཟན་གཅིག་མཚུངས་ཡིན་ཕྱིར། ཆགས་སྒོ་གང་བྱུང་ལ་གདུང་སེམས་མཉམ་སྐྱེད་བྱེད་པ་དགོས་པ་རེད། གདུང་སེམས་མཉམ་སྐྱེད་ཆིག་སྒྲིལ་མཉམ་རུབ་ནི་ང་ཚོའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་དང་རྒྱལ་ཁའི་རྨང་གཞི་རེད།

    Reply
  6. འབྲུག says:
    ལོ་ 15 སྔོན།

    སྙིང་རྗེ་ སྙིང་རྗེ་སྙིང་རྗེ

    Reply
  7. འབྲོག་པ་རྣལ་མ། says:
    ལོ་ 15 སྔོན།

    མུ་གེའི་སྟེང་དུ་ཟླ་ལྷག་ཟེར་བ་དེ་རེད། ཤ་ཚ་དཀའ་ངལ་མྱུར་དུ་སེལ་བར་ཤོག

    Reply
  8. གླིང་གེ་སར། says:
    ལོ་ 15 སྔོན།

    སྡུག་ཐོག་སྡུག་ལ་སྟུ་ཐོག་རྨ་།ཨ་ཁ་ཁ་་་ལུང་ཚན་གྱི་སྐད་ཆ་མ་བཤད་ན་ཡག་པོ་འདུག་།ང་ཁམས་པ་ཡིན་།མངའ་རིས་སྐོར་གསུམ་སྐོར་གཏོགས་ཙམ་ངས་ཤེས་།ཆོས་དཔལ་རིག་གསུམ་གང་ཅི་ཐད་ཧ་ཅང་སྐྱོ་བོ་རེད་།ཡིནའང་རང་ས་རང་གི་གཟུང་ནས་གནས་ཡོད་།སྐྱབས་བཅོལ་རང་དབང་དུ་ཡོད་པའི་རྩམ་ཟན་བླ་སྤྲུལ་སེར་སྐྱ་བརྒྱ་ཆ་༩༠ ཙམ་ཆོས་ལུགས་དང་ཆོལ་ཁའི་འཐེན་ཁྱེར་ཁོ་ན་ལོ་༥༠ ཆུད་ཟོས་ཚར་ཡོད་།ཁྱོད་དང་ང་འདྲ་བོ་རྣམས་གཞིས་ལུས་བོད་མི་སྐོར་ལ་སྐད་ཆ་མ་བཤད་ན་ཡག་པོ་འདུག་།

    Reply
  9. ཐོ་རེངས། says:
    ལོ་ 15 སྔོན།

    ཨོ་སྙིང་རྗེ། ༢༠༠༣ གི་ལོར་སྟོད་མངའ་རི་སྐོར་གསུམ་གྱི་ས་ཆ་ཐོག་མར་མཐོང་སོང་། དངོས་གནས་ས་ཆ་སྐྱོ་བོ་རེད་འདུག རྒྱུ་མེད་། ཆོས་མེད། རིག་གནས་མེད། འཕྲོད་སྟེན་མེད་པ་སོགས་བོད་ནང་གི་ས་གནས་སྐྱོ་ཤོས་ཞིག་རེད། རྒྱལ་ཁབ་དང་མི་མང་གི་རོགས་རམ་ཞིག་ཡོད་པར་སྨོན་ནོ། །

    Reply
  10. བློ་བཟང་མདོ་སྔགས། says:
    ལོ་ 15 སྔོན།

    འོ། འབྱུང་བཞིས་གནོད་པར་སུ་ཞིག་གིས་ཀྱང་ཟློག་ཐབས་བྲལ། འོན་ཀྱང་། ངས་དང་པོར་གསར་འགྱུར་འདི་ཁ་བྱང་མཐོང་མ་ཐག ཡང་བསྐྱར་གཞིས་རྩེ་དང་མངའ་རི་སོགས་ནས་བོད་མི་གསུམ་གྱིས་རང་ལུས་མེ་བསྲེགས་བཏང་ཡོད་རྒྱུ་རེད་བསམ་སོང་། ཧ ཧ ཧ ཞིབ་མོར་བསམ་བློ་བཏང་ཡོང་དུས། དེ་ད་མི་སྲིད་པ་ཞིག་རེད། མི་ལོ་འདི་དག་གི་རིང་། སྟོད་ཕྱོགས་དང་ལྷ་ས་ཁུལ་དུ་བོད་མི་གཅིག་གིས་ཀྱང་རང་ལུས་མེར་བསྲེགས་ཀྱིས་ལས་འགུལ་སྤེལ་མེད་ལ། དེ་བཞིན་་་

    Reply
  11. གཡུ་རལ་བཀྲ་རྒྱམ། says:
    ལོ་ 15 སྔོན།

    ཐམས་ཅད་འགྲོ་བ་མི་ཡིན་པས་བདེ་བ་དང་སྡུག་བསྔལ་ནི་གཅིག་གྱུར་ཡིན

    Reply
  12. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 15 སྔོན།

    གཞིས་རྩེ་དང་མངའ་རེས་སོགས་སྟོད་པ་འདི་དག་གི་གནད་དོན་འདི་བསྟན་དོན་དུ་འཆི་བ་དང་དཀའ་ངལ་ཆགས་ན་

    Reply
  13. ཀུན་དགའ། says:
    ལོ་ 15 སྔོན།

    བོད་ས་སྟོད་སྨད་གཉིས་ནས་ནང་གི་འབྱུང་བ་རྒྱུ་ཕྱོགས་འདྲ་གི་མི་འདུག་ལ། ཕྱིའི་འབྱུང་ཁམས་ཀྱིས་ཚེ་སྲོག་འཕྲོག་ཚུལ་ཡང་འདྲ་གི་མི་འདུག གང་གི་རང་གི་མི་རིགས་ཀྱི་གྲངས་འབོར་ཉུང་རུ་འགྲོ་ཚར་རེད། ཕངས་བ་ལ།

    Reply
  14. འགར་ཚེ་སྐྱིད། says:
    ལོ་ 15 སྔོན།

    ཕངས་པོ་རེད། གང་ལྟར་མི་རིགས་གཅིག་པ་རེད། ཁྱེད་ཚོས་འདི་ལྟར་བཤད་མི་ཉེན། སྙིང་རྗེ་ཁོ་ཚོར་ལ་ཁག་ཅི་ཡོད། ངོ་མ་ཡིན། གང་ལྟར་བོད་འདི་ལས་ངན་ཞིག་རེད། གོད་ཆག་མང་བར་དཔེར་མི་སྲིད་པ་ཞིག་རེད། འོ་རེད། ཁ་བ་མཐུག་པོ་འབབ་ན་ད་དུང་ཁྱིམ་ནང་གི་མི་འདི་དག་གཉིད་སྐྱིད་པོ་ཁུག་སྲིད་ད། མེ་འབར་རྒྱ་ཞིག་གང་ན་ཡོད།

    Reply
  15. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    སྨད་ནས་མེ་འབར་དུས་སྟོད་ན་ཁ་བ་འབབ་ཀྱིན་འདུག་་་་་
    ་མེ་མ་འབར་བ་དེ་་ཨོ་ཞིག་རེད་་་་སྟོད་ཕྱོགས་སུ་གྲང་རླུང་ཆེ་བས་མེ་འབར་ཐུབ་རྒྱུ་ཁག་པོ་རེད་་་

    Reply
  16. ཤིང་ལོ། says:
    ལོ་ 15 སྔོན།

    ༼སྡུག་བ་རོའི་ཐོག་ལ་བེའུ་རོ༽
    ༼འབྱུང་བ་རང་སར་ཞི་བར་༽ཨོ་པད་འབྱུང་ཡོད་ན་༼བྱིན་གྱིས་རློབས།།༽

    Reply
  17. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    འདི་ཡང་མིག་སྐྲངས་ཁར་ཁུ་ཚུར་ཞིག་རེད་འདུག བོད་ནང་གི་དཀའ་ངལ་འདི་དག་རིག་ན་སེམས་པ་བློང་བློང་བོར་གྱུར་ཡང་བྱ་ཐབས་ནི་མ་མཆིས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese