མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏན་ཁེལ་ཟིན་པའི་རྒྱ་ནག་གི་མ་འོངས་པའི་མགོ་ཁྲིད།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཧོ་ཕིན་(Ho Pin)བརྩམས། འཕྲིན་ལས་རྒྱ་མཚོས་བསྒྱུར།

རྒྱ་ནག་གི་ཡིད་ཆེས་ཀྱི་ནང་དུ་རྡོ་ལ་རི་མོ་བརྐོས་པ་ལྟར་ཤུགས་ཆེན་དུ་གྲུབ་པ་ནི། ཉམས་མྱོང་ཞན་ཞིང་ལོ་ན་གཞོན་པའི་འབྱུང་འགྱུར་གྱི་མགོ་ཁྲིད་དག་ལ་འཇིག་རྟེན་དངོས་ཀྱི་ལས་དོན་བསྒྲུབ་པ་ལ་ཉམས་མྱོང་ངེས་པར་ཡོད་དགོས་ལ། དེ་ལྟར་མ་བྱུང་ཚེ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཅིག་ཏུ་དུས་ཚོད་ངེས་ཅན་ཞིག་གཏོང་དགོས། “གསེར་རྩི་བྱུགས་”པའམ་རྒྱ་སྐད་དུ་ “du-jin” ཞེས་པའི་བརྒྱུད་རིམ་འདིས་མི་དེའི་བྱ་བ་ལམ་ལྷོངས་ཡོང་བའི་ནུས་པ་དང་གོ་སྐབས་མཐོར་འདེགས་ཤུགས་ཆེན་བྱེད། གཞན་གང་ལ་བལྟས་ཀྱང་ཡིད་ཆེས་འདི་ཆབ་སྲིད་ཀྱི་ཁྲོད་དུ་མངོན་གསལ་ཡིན། མགོ་ཁྲིད་གསར་པ་ཞིག་གིས་ཕོ་བྲང་དཀར་པོའི་སྤང་ཐང་དུ་གོམ་པ་སྤོས་པ་དང་ཨ་རིའི་སྲིད་འཛིན་དང་མཉམ་དུ་ལག་འཇུ་བྱས་པས་ཁོ་རང་ནི་རྒྱལ་ཁབ་ཀྱི་མགོ་ཁྲིད་ངོ་མ་ཞིག་ཡིན་པའི་བདེན་དཔང་བྱས་མ་ཟད། རྒྱ་ནག་གི་སྟོབས་ཤིག་རྒྱས་བཞིན་པ་ཕྱིར་ངོམ་པ་ཡིན།

ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་ཡིས་ཆེས་མཐོའི་ལས་གནས་ལག་ཏུ་མ་བླངས་པའི་ཡར་སྔོན་ལོ་བཅུའི་གོང་དུ་ཝ་ཤིན་ཊོན་ལ་སྐོར་སྐྱོད་བྱས་པ་རེད། རྒྱ་ནག་ནང་གི་མི་དམངས་ཀྱི་མཐོང་ཚུལ་དུ་ཧུའུ་ཅིན་ཐོ་ཡིས་སྲིད་འཛིན་བྷུ་ཤི་ལ་ཐུག་འཕྲད་བྱས་པ་དེ་ནི་ཁོ་རང་གིས་དངོས་སུ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དུ་སྟ་གོན་བྱས་པ་ཞིག་ཡིན།

སྲིད་འཛིན་གཞོན་པ་ཞི་ཆིན་ཕིན་གཟའ་མིག་དམར་ཉིན་ཝ་ཤིན་ཊོན་དུ་འབྱོར་བཞིན་པ་འདིས་སྲོལ་རྒྱུན་དེའི་མཇུག་སྐྱོང་བ་ཞིག་རེད།  སྐུ་ཞབས་ཞི་ཆིན་ཕིན་ལགས་ནི་ལོ་འདིའི་ལོ་མཇུག་ཏུ་རྒྱ་ནག་དམར་ཕྱོགས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་རུ་འགྱུར་རྒྱུ་དང་། འབྱུང་འགྱུར་ ༢༠༡༣ གྱི་ལོ་མགོར་རྒྱ་ནག་གི་སྲིད་འཛིན་དུ་འགྱུར་རྒྱའི་འཆར་གཞི་བཏིང་ཟིན་ཡོད།

དམངས་ཀྱི་མིག་ལམ་དུ་སྐུ་ཞབས་ཞི་ཆིན་ཕིན་ལགས་ནི་དམངས་ཀྱི་ཕྱོགས་སུ་ཡོད་པའི་མི་ཞིག་ཏུ་མཐོང་བཞིན་ཡོད། སྐུ་ཞབས་ཞི་ཆིན་ཕིན་རང་ལོ་དགུ་ཡིན་པའི་སྐབས་སུ། དམར་པོའི་གསར་བརྗེ་ཡི་འཐབ་འཁྲུག་ལ་ཞུགས་མྱོང་པའི་ཁོ་རང་གི་ཨ་ཕ་ཞི་ཀྲོན་ཤོན་མགོ་ཁྲིད་མའོ་ཡིས་ཚོགས་པ་ནས་ཕྱིར་འཕུད་བྱས། དེ་ནས་ཁོ་རང་གི་ཨ་ཕ་བཙོན་དུ་བཅུག་ཅིང་ལོ་ངོ་བཅུ་དྲུག་ལ་ངལ་རྩོལ་ར་བར་ལྷག་པ་མ་ཟད། ཁྱིམ་ཚང་དབུལ་ཕོངས་ཀྱི་གནས་སུ་བསྐྱལ། རིག་གནས་གསར་བརྗེ་ཡི་སྐབས་སུ་རང་ལོ་བཅོ་ལྔར་སོན་པའི་སྐུ་ཞབས་ཞི་ཅིན་ཕིན་ཡང་རྒྱ་ནག་གི་བྱང་ཕྱོགས་ས་ཁུལ་གྱི་དབུལ་ཕོངས་ཀྱི་གནས་སུ་ལྷུང་བའི་གྲོང་གསེབ་ཅིག་ལ་རྒྱང་འཕུད་དུ་བཏང་། གྲོང་གསེབ་དེ་རུ་ཁོ་རང་གིས་མ་རྨོས་ལོ་ཏོག་གི་ཕྱི་ཤུན་གྱིས་བཟོས་པའི་བག་ལེབ་ཟོས་ཤིང་ལྕི་བ་ཡིས་ཁེངས་པའི་མལ་ཁྲིའི་སྟེང་ཉལ་ཏེ་ལོ་བདུན་ལ་ཞིང་བ་ཚོ་དང་མཉམ་དུ་ངལ་རྩོལ་བྱས།

ཁོ་རང་གི་ཨ་ཕ་རྗེས་སུ་རྒྱ་ནག་གི་དཔལ་འབྱོར་བཅོས་སྒྱུར་བྱེད་པའི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་པ་དང་དུས་དེར་མདུན་སྐྱོད་ཀྱི་ལྟ་བ་ཡོད་མཁན་ཚོར་རྒྱབ་སྐྱོར་བྱས་པ་མ་ཟད། ༡༩༨༩ གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་མའི་ངོ་རྒོལ་ལ་དྲག་གནོན་བྱེད་པར་མོས་མཐུན་མ་བྱས་པར་བཤད། མི་མང་ཚོས་ཀྱང་ཁོ་རང་ཨ་ཕའི་དཔེ་མཚོན་གྱི་རྗེས་འབྲང་བ་ཞིག་ཏུ་རེ་བ་བྱེད་ཅིང་། འདས་པའི་དུས་སུ་མྱངས་པའི་སྡུག་བསྔལ་གྱིས་ཁོ་རང་མི་དམངས་ཀྱི་ཁེ་ཕན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་བཟོ་བར་ཧ་ཅང་ངེས།

སྐུ་ཞབས་ཧུའུ་ཅིན་ཐོ་ནི་ཚན་རིག་ལག་རྩལ་ལ་མཁས་པའི་ཆབ་སྲིད་པ་གཟབ་ནན་ཅན་ཞིག་ཡིན་མོད། ཁོ་རང་ལ་རྒྱལ་ཁབ་དེ་ལམ་ཁ་གསར་པ་ཞིག་ཏུ་འཁྲིད་པའི་རྩལ་དང་ཆབ་སྲིད་ཀྱི་འདུན་པ་མེད་པའི་དབང་གིས་བློ་ཕམ་འབྱུང་བཞིན་པའི་སྐབས་འདིར་སྐུ་ཞབས་ཞི་ཆིན་ཕིན་གྱི་ཁ་ལོ་བའི་གོ་གནས་ལེན་རྒྱུ་རེད། ཁྲོམ་རའི་བཅོས་བསྒྱུར་བེད་སྤྱོད་བྱས་པ་ལ་བརྟེན་ནས་རྒྱ་ནག་དཔལ་འབྱོར་གྱི་ཐད་ནས་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་གྱུར་པ་རེད་མོད། འོན་ཀྱང་སྲིད་གཞུང་ནམ་རྒྱུན་ཟིང་འཁྲུག་འབྱུང་བར་སྐྲག་སྣང་གིས་བསྡད་ཡོད།

རྒྱ་ནག་ཏུ་རྒྱུ་དངོས་དང་གོ་སྐབས་རྣམས་སྲིད་དབང་དང་འབྲེལ་བའི་མི་ཁ་ཤས་ཀྱིས་ཁྱེར་ཞིང་། ལྐོག་ཟ་རུལ་སུངས་གང་སར་གནས་པར་མ་ཟད། ཕྱུག་པོ་དང་འབྱོར་མེད་བར་གྱི་ཧེ་བག་ཆེ་རུ་འགྲོ་བཞིན་ཡོད། སྲིད་འཛིན་ཧུའུ་ཅིན་ཐོ་ཡིས་ད་ལྟའི་བར་དུ་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་གཏོང་དགོས་པའི་འབོད་སྐུལ་ངོས་ལེན་བྱས་མེད་པར་མ་ཟད། ཁོ་རང་གིས་མའོ་ཡི་དུས་ཀྱི་སྲིད་ཇུས་ལག་ལེན་བྱས་ཏེ་སྲིད་གཞུང་ལ་དབང་བའི་ཚོང་ལས་བཟོ་གྲྭ་ཆེན་པོ་འཛུགས་སྐྲུན་བྱས་པ་དང་། སྲིད་གཞུང་དང་ལྟ་བ་མི་མཐུན་པ་ཚོར་དུས་ལྟར་དྲག་གནོན་བྱེད་པའི་བདེ་སྲུང་ལག་ཆའི་སྟེང་དུ་ཨ་སྒོར་དུང་ཕྱུར་མང་པོ་བཏང་ཡོད།

དཔལ་འབྱོར་ཡར་རྒྱས་ཀྱི་བཀའ་དྲིན་ལ་བརྟེན་ནས་སྐུ་ཞབས་ཧུའུ་ཅིན་ཐོ་ལ་རེ་ཞིག་བདེ་བ་ཐོབ་མོད། སྐུ་ཞབས་ཞི་ཆིན་ཕིན་ནི་དེ་འདྲའི་ལས་ཅན་ཞིག་ཏུ་མི་འགྱུར། རྒྱ་ནག་གི་དཔལ་འབྱོར་འཕེལ་ཤུགས་ཆུང་དུ་འགྲོ་བཞིན་པའི་རྟགས་སྟོན་གྱིན་ཡོད་ལ། སྡོད་ཁང་ཚོང་ལས་ཀྱང་ཉམས་རྒུད་དུ་འགྲོ་སྲིད་པར་མ་ཟད། སྟངས་འཛིན་མ་བྱས་པ་དང་ལྐོག་ཟ་རུལ་སུངས་ཀྱི་དབང་གིས་སྒོར་མོ་གཡར་པར་བརྟེན་ཏེ། དངུལ་ཁང་གི་ལམ་ལུགས་ལ་ཡང་གནོན་སྐྱོན་བཟོས་ཡོད། དུས་མཚུངས་སུ་མ་འོངས་པའི་མི་རབས་ལ་བསམ་གཞིག་མེད་པར་རང་བྱུང་ཐོན་རྫས་རྣམས་མེད་བརླག་ཏུ་གཏོང་བཞིན་པ་དང་སྟབས་བསྟུན་ལྐོག་ཟ་རུལ་སུངས་དང་སྤྱི་ཚོགས་ཁྲོད་ཀྱི་དྲང་བདེན་མིན་པའི་ལས་དོན་ལ་ངོ་རྒོལ་བྱེད་པ་ཤུགས་ཆེ་རུ་འགྲོ་བཞིན་ཡོད།

སྐུ་ཞབས་ཞི་ཆིན་ཕིན་ལ་མཚོན་ན། ལས་དོན་རྣམས་རང་འགུལ་དུ་འཇོག་པ་ནི་གདམ་ཀ་ཞིག་མིན། ཁོ་རང་གིས་ལྐོག་ཟ་རུལ་སུངས་ལ་འཐབ་འཛིང་བྱ་དགོས་པར་མ་ཟད། ཞིང་བ་དང་གྲོང་ཁྱེར་གྱི་ཕྱི་ལོགས་ནས་ཡོང་བའི་ལས་ཀ་རྣམས་ཀྱི་སྲུང་སྐྱོབ་ཡར་རྒྱས་སུ་གཏོང་དགོས་ལ། སྒེར་གྱི་ཚོང་ལས་ཀྱང་བསྐྱར་གསོ་བྱ་དགོས།

ཁོ་རང་གི་ཨ་ཕས་བཀག་སྡོམ་བྱས་པའི་དཔེ་དེབ་ཅིག་ལ་རྒྱབ་སྐྱོར་བྱས་པའི་དབང་གིས་ཉེས་པ་ཕོག་པར་བརྟེན། ཁོ་རང་གིས་སྨྲ་བརྗོད་རང་དབང་གི་གལ་ཆེའི་རང་བཞིན་ཧ་གོ་དགོས་པ་ཞིག་རེད་ལ། ཁོ་རང་གིས་ཤེས་ཡོན་ཅན་གྱི་སྡེ་ཡི་ཡིད་ཆེས་བསྐྱར་དུ་རྙེད་པའི་ཕྱོགས་སུ་ལས་ཀ་བྱེད་པར་རེ་བ་རྒྱག་བཞིན་ཡོད། ཡིན་ན་ཡང་། རང་དབང་ལྡན་པའི་འོས་བསྡུ་དང་གསར་འགྱུར་བརྒྱུད་ལམ། ཁྲིམས་དཔོན་སོགས་མེད་པར་སྲིད་གཞུང་གིས་ལྐོག་ཟ་རུལ་སུངས་མེད་པར་བཟོ་རྒྱུ་དང་འདྲ་མཉམ་དང་དྲང་བདེན་གྱི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱ་བར་མི་ནུས།

སྐུ་ཞབས་ཞི་ཆིན་ཕིན་གྱིས་བཀག་རྒྱ་མང་པོ་ཞིག་གདོང་ལེན་བྱ་དགོས། ཁོ་རང་གིས་འཇིག་རྟེན་འདིའི་སྟེང་གི་མི་འབོར་ཆེས་མང་བའི་རྒྱལ་ཁབ་ལ་དབང་བསྒྱུར་རྒྱུ་ཡིན་ཞིང་དངོས་སུ་ཕྱོགས་འགལ་ཚོགས་པ་ལ་གདོང་ལེན་བྱ་མི་དགོས་ན་ཡང་། དམངས་གཙོའི་ལམ་ནས་བདམས་པའི་མགོ་ཁྲིད་ཚོར་ཡོད་པའི་ལུགས་མཐུན་གྱི་དབང་ཚད་མེད། མའོ་དང་ཏིན་ཞོ་ཕིན་དང་མི་འདྲ་བར་ཁོ་རང་གིས་རྒྱ་ནག་གི་དབང་ཤུགས་ཀྱི་གོ་རིམ་མམ་སྒྲོམ་གཞི་ལ་དབང་བསྒྱུར་པའི་རེ་བ་རྒྱག་མི་ཐུབ། ད་ལྟའི་རྒྱ་ནག་ནང་དུ་ཐག་གཅོད་ཡོད་ཚད་ལ་ཕྱོགས་ཚང་མའི་ཆབ་སྲིད་ཀྱི་ཁེ་ཕན་དོ་མཉམ་དགོས། ཉེ་ཆར་ཁ་ཆེ་རྒྱལ་ཁབ་ཁག་ཏུ་ངོ་རྒོལ་བྱུང་བ་དེས་རྒྱ་ནག་གི་མགོ་ཁྲིད་ཚོར་སྲིད་གཞུང་འཇིག་པའི་ཉིན་མོར་རང་རང་གི་ཆབ་སྲིད་ལས་གནས་ལ་བརྟན་པོ་མེད་པའི་ངེས་པ་རྙེད་དུ་བཅུག་ཡོད། ཁོང་ཚོས་རང་ཉིད་ཀྱི་མི་ཚེ་ནང་དུ་དེ་ལྟར་མི་འབྱུང་བའི་དོན་དུ་ལས་དོན་གང་ཞིག་ཡིན་ཡང་བསྒྲུབ་ངེས་ཡིན།

དེ་ལྟར་ན་ཡང་། ཁ་ཕྱོགས་དེར་བསྒྱུར་ཐབས་མེད། ལྐོག་ཟ་རུལ་སུངས་ཀྱིས་འཚོད་ཡོད་པའི་མགོ་ཁྲིད་དག་གི་འདོད་རྔམ་ལ་ཁེངས་རྒྱུ་མེད་པ་དང་འདྲ་མཉམ་མིན་པའི་དཔལ་འབྱོར་ལམ་ལུགས་ཀྱིས་དམངས་ལ་ཁོང་ཁྲོ་དང་ཞེ་སྡང་སློང་བཞིན་པར་བརྟེན། དཔལ་འབྱོར་ཉམས་རྒུད་དང་། ཡང་ན། ཞིང་བ་དང་གྲོང་ཁྱེར་ཕྱི་ལོགས་ནས་ཡོང་བའི་ལས་ཀ་བ་དག་གིས་ངོ་རྒོལ་བྱས་ཏེ་གཞི་རྒྱ་ཆེ་བའི་དོན་རྐྱེན་འབྱུང་སྲིད།  

གལ་ཏེ་དེ་ལྟར་བྱུང་ཚེ་སྔོན་གྱི་མགོ་ཁྲིད་རྣམས་དང་བསྡུར་ན་སྐུ་ཞབས་ཞི་ཆིན་ཕིན་གྱིས་དམར་ཕྱོགས་ཚོགས་པའི་ཕྱི་ནང་གཉིས་ཀར་གནས་ཤིང་མདུན་སྐྱོད་ཀྱི་ལྟ་བ་ཡོད་པའི་མི་རྣམས་བསྐོང་ཐུབ་ངེས་པར་མ་ཟད། གོ་སྐབས་དང་བསྟུན་ནས་ཕྱོགས་ཡོངས་སུ་ལས་འགུལ་སྤེལ་ཏེ་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་ངོ་མ་ཞིག་འབྱུང་སྲིད། འགན་འཁྲི་དང་དུ་ལེན་ཞིང་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲིམས་ལ་བརྩི་བའི་རྒྱ་ནག་ཅིག་གྲུབ་པ་ཡིན་ན། དེ་ཡིས་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་པ་དང་སྒེར་སྤྱོད་ཅན་གྱི་མགོ་ཁྲིད་ལ་གདོང་ལེན་བྱ་བར་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་དག་གི་ཡིད་ཆེས་རྙེད་པར་འགྱུར།

ད་ལྟའི་བར་དུ་རྒྱ་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགྱུར་བ་དགོས་པར་བསྐུལ་བའི་གནོན་ཤུགས་ལ་གཡོལ་ཐུབ་པ་རེད་ལ། དེའི་རྒྱུ་མཚན་ནི་གཙོ་བོ་ནི་རྒྱ་ནག་གི་ཁྲོམ་ར་དང་ཕྱི་རྒྱལ་ཁག་ལ་གཡར་བའི་སྒོར་མོའི་དབང་གིས་སྒོར་མོར་དགའ་བའི་ནུབ་ཕྱོགས་པའི་མ་དངུལ་འཇོག་མཁན་དང་། སྐབས་འཚོལ་རིང་ལུགས་པའི་ཤེས་ཡོན་ཅན། འུ་ཐུག་པའི་ཆབ་སྲིད་པ་རྣམས་ཀྱིས་རྒྱ་ནག་སྲིད་གཞུང་གི་ངོ་འཚོས་པ་རེད། རེ་བ་ཞིག་རྒྱག་ཆོག་པ་ནི་ཨ་རིའི་གཞུང་གིས་སྒོར་མོ་ལ་མི་ལྟ་བར་འགྱུར་བ་དགོས་པར་སྨྲ་མཁན་དང་ཆབ་སྲིད་བཅོས་སྒྱུར་རང་ཤུགས་ཀྱིས་འབྱུང་བའི་ཕྱིར་དུ་ཤུགས་གནོན་བྱ་དགོས། རྒྱ་ནག་གིས་སྐད་ཆ་མཁྲེགས་པོ་བཤད་ན་ཡང་ནུབ་ཕྱོགས་ཀྱི་གནོན་ཤུགས་ལ་ལྟ་བ་མ་ཟད་དེ་ཡིས་འགྱུར་བ་ཡང་གཏོང་ཐུབ།

མཆན།

༼ རྩོམ་པ་པོ་ཧོ་ཕིན་(Ho Pin)ལགས་ནི། ཞི་ཅིན་ཕིན་གྱི་མི་ཚེ་ལོ་རྒྱུས་འབྲི་མཁན་ཡིན་ཞིང་། གོང་གི་རྩོམ་ཡིག་འདི་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ནེའུ་ཡོག་དུས་བབ་སྟེང་སྤེལ་འདུག ༽

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༦ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༩ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

མཆན། 4

  1. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    རྩོམ་པ་པོ་ཁོང་གིས་ རྒྱ་ནག་གི་ད་ལྟའི་སྲིད་ཧུའུ་ཅིན་ཐོ་ཡིས་སྲིད་འཛིན་བྷུ་ཤི་ལ་ཐུག་འཕྲད་བྱས་པ་དང་མ་འོངས་ཚོད་དཔག་གྱི་སྲིད་འཛིན་ད་ལྟའི་སྲིད་འཛིན་གཞོན་པ་ཞི་ཆིན་ཕིན་ཨ་རིའི་ཨོ་བྷ་མ་ལ་མཇལ་འཕྲད་གནང་བ་ཙམ་གཞི་ལ་བཅོལ་ཏེ་སྲིད་འཛིན་གྱི་ཁྲི་ཁར་ཐོན་རྒྱུ་ཡིན་པས་གསལ་བརྡ་བཏང་། ད་དུང་ཧུའུ་ཅིན་ཐོ་ལས་ཞི་ཆིན་ཕིན་ཕྱོགས་འགལ་ཚོགས་པ་མེད་ཀྱང་གདོང་ལེན་མང་བོ་དགོས་པས་གནས་སྟངས་གླེང་། ཡིན་ནའང་། བོད་ཀྱི་བཀའ་ཁྲིའམ་སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་སྔར་ནས་མཇལ་འཕྲིན་གནང་ཟིན་པ་དང་། བཀའ་ཁྲིའི་མཛད་འཆར་ཁག་མང་བོ་དང་ལྷག་པར་བོད་དོན་དྲིལ་བསྒྲགས་ཀྱི་ལས་ཀ་སོགས་གང་མང་ཞིག་ཨ་རིའི་ཚགས་པར་གྲགས་ཅན་གྱི་སྟེང་དུ་ཐོན་པ་མ་ཟད་མདུན་ངོས་སུ་བཞག་འདུག དེ་ལ་ང་ཚོས་ངོས་ནས་འགྲེལ་བཤད་དེ་འདྲ་ཞིག་རྒྱག་དགོས་སམ།

    རྒྱ་ནག་གིས་སྲིད་འཛིན་གཙོས་འོས་བསྡུའི་རིམ་པ་འདི་ལྟར་སྟེ།
    རྩོམ་པ་པོ་མའོ་རོང་ཞཱེ་ཚོན་གྱིས་བརྩམས་པའི་༼རྒྱ་ནག་གི་དེང་གནས་དམར་རྗེན་མ༽ ཞེས་པའི་ནང་དུ།
    རྒྱལ་ཁབ་འདིའི་ནང། འོས་འདེམས་ནི་ཡ་མཚར་འོས་བའི་རྩེད་མོ་ཞིག་ཡིན། མཐའ་འཇུག་གི་འབྲས་བུ་ནི་གོང་རིམ་ནས་ཐག་གཅོད་བྱས་པ་ཞིག་ཡིན། གོང་རིམ་ནས་མི་སུ་འདེམས་བསམ་ན་འོས་ཤོག་དེ་ལ་ཐོབ་པའི་ལག་རྩལ་ལ་ནོར་འཁྲུལ་བྱུང་བ་ཧ་ཅང་ཉུང༌། དུས་མང་ཆེ་བའི་ནང་མི་རྣམས་ཀྱིས་མི་གཉིས་ཀྱི་ཁྲོད་ནས་གཉིས་འདེམས་དགོས་པ་ཡིན།༼གཞུང་གི་གཏན་འཁེལ་བྱས་པའི་འོས་མི་ལས་འདེམས་བྱ་གཞན་མེད་པའི་དོན༽། ད་དུང་སྐབས་རེར་ཨང་རྩིས་གྱི་གནས་ལུགས་ལས་བརྒལ་ནས་མི་རྣམས་གྱིས་འོས་མི་གཉིས་ལ་མི་གསུམ་འདེམས་ཐོན་བྱེད་དགོས་པའི་གནས་ཚུལ་ཡང་བྱུང་ཡོད། ངོ་ལྔ་རེའི་མཚམས་སུ། རྒྱལ་ཡོངས་རང་བཞིན་གྱི་འདེམས་བསྐོ་ཐེངས་གཅིག་ཡོད་པ་ལ་མི་དམངས་གྱི་འཐུས་ཚབ་ཟེར་རུང་ཁོང་ཚོ་ཕལ་ཆེ་བ་མི་དམངས་གྱི་འཐུས་ཚབ་མིན་ཡང། སྲིད་གཞུང་གི་གླ་མི་ཞིག་ལ་རྩིས་ཆོག་ལ། གང་ཞེ་ན་ཁོ་ཚོས་སྲིད་གཞུང་གི་ཕྱོགས་གཏོགས་སྐད་ཆ་ལས་བཤད་མི་ཤེས། ཁོ་ཚོའི་ཁྲོད་ཀྱི་དཔེར་མཚོན་མི་སྣ་གཅིག་ནི། ལོ་བདུན་བཅུ་ལྷག་སོན་པའི་ལྕམ་སྐུ་ཕྱོགས་ཞིག་ཡིན་ལ། མོའི་ལོ་ངོ་ལྔ་བཅུ་རྩ་གྲངས་རིང་མི་དམངས་སྤྱི་འཐུས་བྱས་ཡོད། མོའི་དབང་ཚད་དེ་ནམ་ཡང་ཤོར་དུ་མེད། མོའི་ཕྱག་ལས་ནི ་ཧ་ཅང་གི་ལས་སླ་མོ་ཞིག་སྟེ། ལག་པ་བཀྱོག་རྒྱུ་གཅིག་པོ་ཡིན། དེ་འདྲ་ལག་ལས་གནང་རྗེས་བདེ་ལ་འཇམ་པའི་འཚོ་བ་བསྐྱལ་ནས་བསྡད་ཡོད།
    འདི་གཞི་ལ་བཅོལ་ནས་རྒྱ་ནག་གི་མ་འོངས་པའི་སྲིད་འཛིན་ངོས་འཛིན་རོགས།

    Reply
  2. རིན་ཆེན་གྲགས་པ། says:
    ལོ་ 14 སྔོན།

    རྒྱ་གཞུང་རེ་བ་རྒྱག་པ་བྱིས་པའི་རྨི་ལམ་ཡིན་སོང་།།
    ཝང་དང་འོད་ཟེར་གཉིས་ཀ་རིག་གཞུང་གསང་ཉུལ་ཡིན་སོང་།།
    བཙན་བྱོལ་བྱིས་བློ་མང་པོ་རྨི་ལམ་འཛིང་ཁ་རྒྱག་བཞིན།།
    མགོ་བོ་གཞན་རྐང་འོག་རེད།།

    Reply
  3. རྭ་ལོ། says:
    ལོ་ 14 སྔོན།

    དབུལ་ཕོངས་ནས་ནར་སོན་པ་ལ་དེ་འདྲའི་ལྟ་ས་ཞིག་ཡོད་ན། ལྷན་པ་དགུ་བརྩེགས་ཀྱི་གྱོན་པ་གོན་མྱོང་མཁན་མའོ་ཙེ་ཏུང་ལ་ཅི་བྱུང་བ་རེད། རྒྱ་ནག་གི་དཔོན་རིགས་ཚང་མ་སྔོན་ཆད་འབྱོར་མེད་གྲལ་རིམ་ནས་ཡོང་བ་མ་རེད་དམ།

    རྒྱ་ནག་གི་དཔོན་རིགས་རེ་རེ་བརྗེ་སྐབས་རེ་བ་རེ་རེ་བརྒྱབ་མྱོང་བ་རེད། ཧུའུ་ཅིན་ཐའོ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་བྱས་མྱོང་སྟབས་བོད་མི་རིགསཀྱི་དངོས་ཡོད་དཀའ་ངལ་ཤེས་གི་རེད། ཁོས་ཏན་ཏན་འགྱུར་བ་ཞིག་གཏོང་གི་རེད་ཟེར་མཁན་མང་པོ་བྱུང་བ་རེད། ད་ལྟ་གང་འདྲ་འདུག ཏིན་ཞའོ་ཕིན་ལ་རེ་བ་བརྒྱབ་མྱོང་བ་རེད། ཏིན་ཤི་རྗེས་རེ་བ་ཡོད་པ་རེད་ཅེས་ཀྱང་སྐད་ཆ་སྣ་ཚོགས་བཤད་པ་རེད། ད་ནི་ཞི་ཅིན་ཕིན་ལ་རེ་བ་རྒྱག་གིན་ཡོད་པ་རེད། ཐ་ན་སྐྱབས་མགོན་རིན་པོ་ཆེས་ཁོ་ལ་ཆུ་ཚོད་ཅིག་རྔན་པར་སྤྲད་མྱོང་བས་ཁོས་བསམ་བློ་གཏོང་སྲིད་གི་རེད་ཅེས་བཤད་མཁན་ཡང་ཡོང་གི་འདུག ༼བོད་རེ་བས་ཕོངས་༽ཞེས་པ་འདི་བཤད་མཁན་ངོ་མ་སུ་ཡིན་ནམ། འདི་གཅིག་པུས་ང་ཚོར་སྡོམ་ཚིག་མ་ནོར་བ་ཞིག་བཞག་འདུག

    Reply
  4. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    རྩོམ་ཡིག་ཚད་ལྡན་ཞིག་བཀླགས་རྒྱུ་བྱུང་བས་དགའ་སྤྲོ་སྐྱེས་ཡོད། ད་ནི་རྒྱ་ནག་གིས་ནུབ་ཕྱོགས་ཀྱི་མང་གཙོ་དང་རང་བང་ཁས་མི་ལེན་ནའང་། འོད་སྟོང་འཚེར་བའི་གསར་བརྗེ་རྒན་རབས་པ་མང་པོ་ཞིག་གི་ཁ་ཆེམས་བསྐྱར་དུ་ཀློག་པའི་དུས་ཚོད་ལ་འཁེལ་ཡོད། འཛམ་གླིང་ཡོངས་ཀྱི་འབྱོར་མེད་པ་རྣམས་ཆིག་སྒྲིལ་གྱིས་ཞེས་སྐད་སྒྲ་གྱེར་མཁན་གྱི་གསར་བརྗེ་རྒན་རབས་པ་རྣམས་ཀྱི་དངོས་ཐོག་བདེན་འཚོལ་གྱི་ལྟ་བ་དང་། ཏང་གཤིས་མངོན་འགྱུར་ལ་ངེས་པར་གཞོལ་དགོས། འདི་ནི་མ་འོངས་པའི་སྲིད་འཛིན་ཞིས་ཅིན་ཕིན་ལ་བུ་སྐྱེས་མིན་ཕ་ལུགས་རྒྱུན་འཁྱོངས་ཐུབ་མིན་ལ་རེག་ལས་པ་ཞིག་ཡིན། དེ་མིན་གྱི་ཏང་ཡོན་གྱི་མགོ་ནས་བཞུགས་ཏེ་ཏང་བསྟན་རྨང་ནས་བཤིགས་མཁན་གྱི་སྔ་རབས་མི་སྣ་བཞིའི་ལུགས་སྲོལ་ལག་ལེན་བྱས་ན་ནམ་ཞིག་གྷ་དྲ་ཧྥེ་ལྟར་སྐེ་ལ་ཐག་བསྐོན་ནས་འདྲུདཀྱང་སྲིད་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese