མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཡིན་པའི་ཚོར་སྣང་ལོཊ་སུ་བཞག་སྟེ་ཉམས་ཞིབ་དྲང་མོ་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་བཀའ་ཤག་ཐོག་ཁང་དུ་དབུས་བོད་མིའི་སྒྲིག་འཛུགས་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག་བོད་ཀྱི་བྱུས་ཉམས་ཞིབ་ཁང་སྒོ་འབྱེད་མཛད་སྒོ་ཚོགས་ཡོད་ཅིང་། མཛད་སྒོའི་སྟེང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་དོན་བྱེད་ཕྱོགས་སྐོར་ལམ་སྟོན་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་བཀའ་ཤག་གསར་པའི་ཐོག་ཁང་དུ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གཙོས་པའི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན་ཆེད་དུ་གདན་འདྲེན་ཞུས་པའི་རིགས་གཅིང་རྐང་འཛིན་དང་ཆེད་ལས་ཉམས་ཞིབ་པ་ཁག་གཅིག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་རྣམ་པ་དང་གསར་འགོད་པ་བཅས་མི་ ༧༠ ཙམ་ལྷན་བཞུགས་ཐོག བཀའ་ཁྲི་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེས་ཤིང་སྲིད་བྱུས་ཉམས་ཞིབ་ཁང་གསར་འཛུགས་ཀྱི་མཚན་བྱང་སྒོ་འབྱེད་གནང་རྗེས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཉམས་ཞིབ་ཁང་གི་དགོས་པ་དམིགས་ཡུལ་སྐོར་ངོ་སྤྲོད་གནང་པ་ལྟར་ན། བཀའ་ཤག་གི་དགོངས་བཞེད་ལྟར་འབྱུང་འགྱུར་ལོ་ ༥ རིང་བཀའ་ཤག་གི་སྲིད་བྱུས་ཉམས་ཞིབ་ཆེད་གསར་འཛུགས་བྱས་པ་ཞིག་དང་། ཉམས་ཞིབ་ཁང་གི་ལས་དོན་ནི་བོད་ཀྱི་གནད་དོན་སྤྱི་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས། དེ་བཞིན་མི་མང་གི་བསམ་ཚུལ། བོད་མིའི་འཕྲལ་ཕུགས་ཀྱི་དཀའ་ངལ་སོགས་ལ་ངོས་འཛིན་དང་གདོང་ལེན་བྱ་ཕྱོགས་བཅས་ལ་བསམ་ཞིབ་གྲོས་བསྡུར་གནང་ཆེད་བཙུགས་པ་ཞིག་ཡིན་འདུག ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ “བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ངོས་ནས་དམིགས་ཡུལ་ཅི་བཞིན་བཀའ་ཤག་ལ་ཐུགས་ཕན་སོས་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། བཀའ་ཤག་ལ་ཐུགས་ཕན་གསོ་ཕྱིར་ཉམས་ཞིབ་ཁང་གི་ལས་བྱེད་ཚང་མ་མཉམ་རུབ་ཐོག་ལས་དོན་ལ་ཧུར་ཐག་བྱ་རྒྱུའི་ཆོད་སེམས་ཡོད།”ཅེས་བརྗོད་སོང་།

དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་བློ་བཟང་ལགས་ཀྱིས་བདེ་སྲུང་ཉམས་ཞིབ་ཀྱི་ཐོག་མའི་བྱུང་རིམ་དང་འབྲེལ་ལས་དོན་སྒྲུབ་ཕྱོགས་སྐོར་ངོ་སྤྲོད་གནང་པ་ལྟར་ན། རྒྱ་ནག་གིས་བོད་བཙན་འཛུལ་བྱས་རྗེས་བོད་ནང་གི་གནས་ཚུལ་ཕྱི་ལོགས་ནས་ཤེས་རྟོགས་ཧ་ཅང་དཀའ་བའི་གནས་བབ་འོག བོད་ནང་གི་གནས་ཚུལ་ལ་རྒྱུས་ལོན་དང་། འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་དོན་ཤེས་རྟོགས་གཏོང་ཐབས་སུ་ ༡༩༧༣  ལོའི་ཟླ་ ༣ པར་བཀའ་ཤག་གིས་བོད་འབྲེལ་ཉམས་ཞིབ་དང་བོད་གནས་ཉམས་ཞིབ་ཆེད་འཛུགས་གནང་ཡོད་པ་དང་།  ༡༩༧༥ ཟླ་ ༡ ནང་ནས་ཉམས་ཞིབ་སྡེ་ཚན་དེ་གཉིས་བདེ་སྲུང་ལས་ཁུངས་འོག་ཟླ་སྒྲིལ་གྱིས་ད་སྔ་བདེ་སྲུང་ཉམས་ཞིབ་ཏུ་གྱུར་ཡོད་ཅིང་། ཉམས་ཞིབ་ཁང་གིས་བོད་དང་རྒྱ་ནག་གི་རླུང་འཕྲིན་དང་བརྙན་འཕྲིན། དྲ་རྒྱ། རྩོམ་ཡིག རྒྱ་གཞུང་གི་ཡིག་ཆ་སོགས་ལ་ལྟ་ཉན་ཀློག་གསུམ། བོད་སྒྱུར་སོགས་བྱས་ཏེ་དཔྱད་གཞིའི་ཡིག་ཆ་མཁོ་བསྡུ། དཔེ་དེབ་ཕྱོགས་སྒྲིག ཉམས་ཞིབ་ཀྱི་དེབ་དང་ཡིག་ཆ་རིགས་གང་མང་པར་འགྲེམས་རིགས་བྱས་ཡོད་འདུག

བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་དོན་བྱེད་ཕྱོགས་སྐོར་ལ་བཀའ་སློབ་ལམ་སྟོན་གནང་དོན།  རྒྱལ་ཁབ་དང་སྒྲིག་འཛུགས་གང་འདྲ་ཞིག་ཡིན་པ་དེར་ལས་འཆར་དང་སྲིད་བྱུས་གཏན་འབེབས་བྱ་རྒྱུར་བློ་འདོད་པ་དང་ཉམས་ཞིབ་པ་གལ་ཆེན་པོ་ཡིན་པ་དང་། འབྱུང་འགྱུར་ལོ་ ༥ དང་ ༥༠ ནང་རྒྱ་ནག་དང་ཨ་རིའི་འབྲེལ་བ་གང་འདྲ་ཆགས་རྒྱུ་ཡིན་མིན། རྒྱ་ནག་དང་ཡུ་རོབ་བར་གྱི་འབྲེལ་ལམ་གང་འདྲ་ཆགས་རྒྱུ་ཡིན་མིན། དེ་དག་གིས་བོད་ནང་གི་གནས་ཚུལ་ལ་འགྱུར་ལྡོག་ག་རེ་བཟོ་མིན་སོགས་ཀྱི་ཐད་སྔོན་དཔག་བྱ་རྒྱུར། འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབ་ལ་སློབ་སྦྱོང་དཔྱད་ཞིབ་ལེགས་པོ་བྱས་ཏེ་མ་འོངས་པར་སྔོན་དཔག་བྱ་དགོས་པ་དང་། དེ་འདྲའི་དཔྱད་ཞིབ་ཀྱི་སྔོན་དཔག་གིས་སྲིད་བྱུས་དང་ལས་འཆར་སྒྲིག་རྒྱུར་སྔོན་དུ་འགྲོ་ཐུབ་པ་ཞིག་དང་ལམ་སྟོན་བྱ་ཐུབ་པ་ཞིག་ཆགས་ཡོང་གི་རེད།  གལ་སྲིད་ལམ་སྟོན་བྱ་མ་ཐུབ་ཀྱང་ཉེན་ཁ་གང་འདྲ་འཕྲད་ཉེན་ཡོད་པའི་རིགས་རྟོགས་ཐུབ་ངེས་པ་ཞིག་བྱ་དགོས་པ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་འདིས་བོད་ནང་གི་ཆབ་སྲིད་དང་ཁོར་ཡུག་སོགས་གནད་དོན་རེ་རེ་བཞིན་གཏིང་ཟབ་པོའི་ཐོག་ནས་ཞིབ་འཇུག་ཅིག་བྱ་ཐུབ་པ་ཡིན་ན། བཀའ་ཤག་དང་གྲོས་ཚོགས་ནང་གི་སྲི་ཞུ་བ་ཚོར་བསམ་ཚུལ་བརྗེ་ལེན་བྱ་རྒྱུར་ཕན་ཐོགས་འབྱུང་རྒྱུའི་རེ་བ་བཟུང་ཡོད་པར་གསུངས་སོང་།

བཀའ་ཁྲི་མཆོག་གིས་མུ་མཐུད་གསུང་དོན།  ཉམས་ཞིབ་ཁང་ལ་འཆར་གཞི་ཆེན་པོ་དང་སྒྲིག་གཞི་གཏིང་ཟབ་པོ་ཞིག་ཡོད་པ་ཙམ་གྱིས་འགྲིག་གི་མེད་པ་དང་། གཙོ་བོ་ཉམས་ཞིབ་པ་སྤུས་ཚད་ལྡན་པ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ཙམ་མ་ཟད། ཁོང་གི་རེ་བར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་འདི་གངས་སྐྱིད་ར་བའི་ནང་གི་ཀླད་པ་དཀྲུག་ས་ཞིག་(Intelectual house) ཆགས་ཐུབ་པ་བྱ་རྒྱུ་དེ་ཡིན་པར་གསུངས་སོང་ལ། ཉམས་ཞིབ་བྱེད་ཕྱོགས་སྐོར་ལ་ཁོང་གིས་ “ ང་རང་གི་ལོ ༡༦ ཙམ་གྱི་ཉམས་ཞིབ་ཀྱི་ཉམས་མྱོང་ལ་གཞིགས་ན། སྤྱིར་དཔེ་དེབ་མང་པོ་ཡོད་རེད་ལ། དགེ་རྒན་གྱི་བཀའ་སློབ་ལམ་སྟོན་ཀྱང་ཡོད་རེད། འོན་ཀྱང་། ཉམས་ཞིབ་དངོས་དེ་སོ་སོས་དེབ་ཀློག་སྟེ་ཞིབ་འཇུག་བྱེད་སྐབས་དང་། ལྷག་པར་དུ་ཉམས་ཞིབ་ཀྱི་རྩོམ་ཡིག་འབྲི་སྐབས་ད་གཟོད་ཉམས་ཞིབ་ཀྱི་རིན་ཐང་རྟོགས་ཡོང་གི་རེད།”ཅེས་བརྗོད་སོང་ལ། དེ་བཞིན་ཉམས་ཞིབ་ཀྱི་རྩོམ་ཡིག་འབྲི་སྐབས་ཁུངས་ལྡན་ཐོག་ནས་བསྒྲུབ་དགོས་པ་ལས། ཉམས་ཞིབ་སྐབས་རང་ཉིད་བོད་མི་ཡིན་པའི་ཚོར་སྣང་དེ་ལོགས་སུ་བཞག་སྟེ་ཞིབ་འཇུག་བྱ་དགོས་པ་རེད། བདེན་པ་གང་ཡོད་པ་རྣམས། ཁུངས་སྐྱེལ་ཐུབ་པར་བྱ་རྒྱུ་དེ་ཉམས་ཞིབ་པ་དག་གི་འགན་ཡིན་པར་གསུངས་སོང་།

མཐར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་སུ་བཀའ་འདྲི་ཞུས་པ་ལྟར་ན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕལ་ཆེ་བ་དེ་སྔའི་བདེ་སྲུང་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྣམས་ཡིན་པ་དང་། དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པ་དང་། ཁོར་ཡུག་ཚན་པ། ཡིག་སྒྱུར་ཚན་པ། རྒྱ་ཡིག་ཚན་པ། ཕྱི་དྲིལ་བོད་གནས་ཉམས་ཞིབ་ཚན་པ་བཅས་ཀྱང་ཚུད་ཡོད་འདུག འོན་ཀྱང་། ད་ལྟའི་ཆར་ལས་ཁུངས་དམིགས་བསལ་མེད་པར་སྡེ་ཚན་སོ་སོའི་འོག་གནས་ཡོད་འདུག ཉམས་ཞིབ་ཁང་གི་འཆར་གཞི་ལྟར་ན། རྗེས་ཕྱོགས་བོད་དང་རྒྱ་གར། ཕྱི་རྒྱལ་སོགས་ཀྱི་ཆེད་མཁས་པ་ཁག་གདན་ཞུས་ཀྱིས་ཟླ་རེར་མཁས་པའི་བགྲོ་གླེང་དང་། ཟླ་ ༣ རེའི་ནང་བགྲོ་གླེང་བ་མང་ཙམ་རེ་གདན་ཞུས་བགྲོ་གླེང་། ལོ་རེའི་ནང་མཁས་པའི་བགྲོ་གླེང་ཚོགས་ཆེན། དེ་བཞིན་བོད་རིགས་འབུམ་རམས་པ་ཚོ་དང་མཉམ་དུ་བགྲོ་གླེང་དང་བསམ་ཚུལ་ཉམས་མྱོང་སྤེལ་རེ་སོགས་བྱ་འཆར་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༥ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༥ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

མཆན། 3

  1. ཁ་བཏགས་དཀར་པོ། says:
    ལོ་ 14 སྔོན།

    ༄། ད་ལྟ་བར་ང་ཚོའི་ཉམས་ཞིབ་ནི་ཡིག་ཆ་འགའ་ཤས་ཕབ་བསྒྱུར་ཙམ་ལས། གཞན་གྱི་ཉམས་ཞིབ་ལྟར་འཛིན་སྐྱོང་དང་འབྲེལ་བའི་མི་སྣ་ཚོར་ཆབ་སྲིད་དཀའ་སྙོམས་ཀྱི་དགོས་མཁོའི་ཡིག་ཆ་མཁོ་འདོན་ཙམ་མ་ཟད་བསམ་བློའི་དབྱེ་ཞིབ་ལམ་སྟོན་ཐུབ་ཀྱི་མེད་པར་སོང་། ད་ཐེངས་སྲིད་བྱུས་ཉམས་ཞིབ་ཁང་གསར་པ་འདིར་སྤྱི་ཚོགས་སྟེང་གི་ཤེས་ཡོན་ལྡན་ཚད་མཐོའི་མི་སྣ་གདན་ཞུས་ཀྱི་དེ་ལྟར་ཡོང་བའི་རེ་བ་ཞུ་གི་ཡོད།

    Reply
  2. དམར་ཁ་ཚ། says:
    ལོ་ 14 སྔོན།

    འཆར་གཞི་ཅི་ཙམ་ཡོད་ཀྱང་ལག་ལེན་ལ་ཐུག་ཡོད་པ་རེད། ད་བར་འཆར་གཞི་བཏོན་པ་རེད་ལ་ད་དུང་ཡང་འཆར་གཞི་གླེང་བ་འདིའི་མིང་ལ་འཆར་གཞིའི་ནང་ནས་རྒས་ཟེར་བ་རེད་གོ་སོང་ངམ།

    Reply
  3. ཤིང་ལོ། says:
    ལོ་ 14 སྔོན།

    རྣམ་དཔྱོད་རྩལ་དུ་བཏོན།།
    མདོ་དོན་གང་དུ་བཞག།
    གཟི་བརྗིད་ཙམ་ཞིག་ལས།།
    རི་བོང་རྭ་ཡིན་པཱ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese