མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཚོ་སྔོན་ཐེམ་ཆེན་རྫོང་དུ་རང་ལུས་མེར་བསྲེགས།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་མཚོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་སེང་གེ་ཞང་རུ་ཁག་གཉིས་པའི་གྲྭ་དམ་ཆོས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག

དེ་རིང་ཕྱི་ཚེས་ ༡༧ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༦ ཙམ་ལ། མདོ་སྨད་མཚོ་སྔོན་ཐེམ་ཆེན་རྫོང་སེང་གེ་ཞང་རུ་ཁག་གཉིས་པའི་གྲྭ་དམ་ཆོས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་དང་། ཁོང་ནི་བོང་སྟག་དགོན་པའི་དགེ་བསྐོས་ཟུར་པ་དང་དགོན་པའི་དཔེ་ཁྲིད་དགེ་རྒན་དང་། དགོན་པ་དེའི་ཆོས་ལུགས་དོ་དམ་ཚོགས་པའི་འཐུས་མི་ཡང་ཡིན་འདུག ད་ལྟ་བོང་སྟག་དགོན་པར་རྒྱ་ནག་ཉེན་རྟོགས་དམག་མིའི་དམ་དྲག་ཤུགས་ཆེན་པོ་བྱས་ཡོད་པ་དང་།  ལམ་མདོ་ཁག་ཏུ་དམག་མིས་བཀག་སྡོམ་བྱས་ཏེ་མང་ཚོགས་ཡར་དགོན་པའི་ནང་འགྲོ་བསྐྱོད་བྱེད་འཇུག་གི་མེད་པ་མ་ཟད། ས་ཁུལ་དེའི་ནང་ཁ་པར་སོགས་བརྡ་འཕྲིན་བརྒྱུད་ལམ་ཆ་ཚང་བཀག་སྡོམ་བྱས་ཡོད་འདུག

ཉེ་སྔོན་བོད་ཀྱི་ས་ཁུལ་མང་པོའི་ནང་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བསྟུད་མར་བྱུང་བར་བརྟེན།  དཔྱིད་ལུགས་ལོ་སར་སྐབས་ནས་བཟུང་བོང་སྟག་ས་ཆར་རྒྱ་གཞུང་ཉེན་རྟོག་དམག་མིས་དམ་དྲག་བྱས་ཡོད་པ་དང་། ལྷག་པར་དུ་བོང་སྟག་དགོན་དུ་སྨོན་ལམ་འཚོགས་མི་ཆོག་པའི་བཀའ་རྒྱ་རིམ་པར་བཏང་ཡོད་སྟབས། གྲྭ་དམ་ཆོས་ལགས་ཀྱིས་དམ་དྲག་བྱེད་མཁན་རྒྱ་གཞུང་མི་སྣ་ཚོར་བོང་སྟག་དགོན་པའི་ནང་གི་དམག་མི་དང་ཉེན་རྟོག་པ་རྣམས་ཕྱིར་འཐེན་དགོས་པའི་རེ་སྐུལ་བྱས་ཡོད་པ་མ་ཟད། གལ་སྲིད་རྒྱ་གཞུང་གིས་དགོན་པར་མུ་མཐུད་དུ་འདི་ལྟར་དམ་དྲག་བྱས་ཚེ། རྗེས་ཕྱོགས་དགོན་པའི་ནང་དོན་དག་ཅི་ཞིག་བྱུང་ཡང་འགན་ཆ་ཚང་རྒྱ་གཞུང་གིས་ཁུར་དགོས་པའི་སྐོར་ས་གནས་ཉེན་རྟོག་དམག་མི་ཚོར་བརྗོད་ཡོད་འདུག 

གྲྭ་དམ་ཆོས་ལགས་ནི་ད་ལྟ་ལོ་ ༤༠ ཙམ་ཡིན་ལ།  ཁོང་གི་ཕའི་མིང་ལ་སྟག་ལྷ་ཟེར་བ་དང་། སྐྱེས་ཡུལ་མཚོ་སྔོན་ཐེམ་ཆེན་རྫོང་སེང་གེ་རུ་ཁག་གཉིས་པ་ཡིན་འདུག ཁོང་ཚང་ལ་མིང་སྲིང་དགུ་ཡོད་པའི་ནང་ནས་ཆུང་ཤོས་དེ་ཡིན་པ་དང་། ༡༩༩༢ ལོར་བོང་སྟག་དགོན་པའི་ཆོས་སྒོར་ཞུགས་ཤིང་། ༡༩༩༥ ལོར་རྒྱ་གར་དུ་འབྱོར་ཏེ་ལྷོ་ཕྱོགས་འབྲས་སྤུང་སྒོ་མང་ནས་སློབ་གཉེར་གནང་མྱོང་ཡོད་འདུག 

བོང་སྟག་དགོན་བཤད་སྒྲུབ་རྣམ་རྒྱལ་གླིང་ནི་ཤིང་བཟའ་རྡོ་རྗེ་འཆང་བློ་བཟང་མཁས་བཙུན་བཤད་སྒྲུབ་དམ་ཆོས་རྒྱ་མཚོ་མཆོག་གིས་ཕྱག་བཏབས་པ་དང་། དེང་སྐབས་དགོན་པ་དེར་གྲྭ་བ་ ༨༠ ལྷག་ཡོད་ལ།  བོང་སྟག་ཚོ་བ་བཅོ་བརྒྱད་ཀྱི་སྤྱི་དགོན་ཆགས་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༤ སྔོན་ལ།
Lobga Rangzen
Mobile App

བཙན་བྱོལ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིར་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད།

༢༠༢༦/༠༧/༠༤
ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 
Mobile App

ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 

༢༠༢༦/༠༧/༠༤
བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

༢༠༢༦/༠༧/༠༤
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

༢༠༢༦/༠༧/༠༣
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

༢༠༢༦/༠༧/༠༣

མཆན། 8

  1. སེང་གདོང་སྐྱབས ། says:
    ལོ་ 14 སྔོན།

    ངོ་མ་སེམས་འཚབ་ནི་ཞིག་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བསམ་ན། རང་དབང་གི་ཁྱེད་དུ་རང་སྲོག་འདོར་བ་ཡང་རང་གི་ཐོབ་སྐལ་ཞིག་ཡིན་པས་ན། འདི་ནི་ཧ་ཅང་ཐད་སོང་ཞེས་བཤད་པར་མི་སྤོབས་ལ། ཉེས་སོང་ཟེར་ན་དེ་ལས་ཀྱང་དགོད་བྲོ་བའི་གཏམ་དུ་སྣང་བས་ན། རང་བློ་ཉེས་འགལ་ཀྱི་སེམས་ངོགས་འདི་ནས། བདག་གིས་སེམས་ཀྱི་སྨོན་ལམ་ཐེངས་གཅིག་བཏབ་ཆོག
    ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ།

    Reply
  2. རྟ་མགྲིན། says:
    ལོ་ 14 སྔོན།

    གནམ་རྒན་མ། ད་བོད་མིའི་ལས་དབང་འདི་ཅི་ཞིག་ཡིན་ནམ། རང་སྲེག་གི་མེ་ལྕེ་འདི་དགེ་ཚུལ་ཕ་མ་གཉིས་ནས་ཁྱིམ་པའི་སྡེ་དང་། བླ་མའི་སྡེ། ད་ལྟ་ཤེས་ཡོན་ཅན་ཏེ་དགེ་རྒན་གྱི་སྡེ་རུ་ཁ་ཕྱོགས་བཞིན་འདུག དངོས་ནས་ཛ་དྲག་རེད། སྡར་མ་ངས་མ་ཎི་ཞིག་དང་མཆོད་མེ་ཞིག་སྤར་རྒྱུ་ལས་མི་འཇོན་ཀི ང་ངོ་ནས་ངོ་ཚ་ཀི ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ།

    Reply
  3. འབྲོག་པ་རྣལ་མ། says:
    ལོ་ 14 སྔོན།

    ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ།
    དཔའ་པོ་དེ་བདེ་བ་ཅན་སྐྱེ་བར་ཤོག།

    Reply
  4. སངྒེ ། says:
    ལོ་ 14 སྔོན།

    བོད་ནང་གི་གནས་སྟངས་འདི་དང་འདི་འདྲ་རེད། སྡུག་གི་མིག་ཆུ་མི་འབྱིན་པར་སྙིང་བསྟོབས་ཀྱི་མེ་ལྕེ་དྲག་ཏུ་སྤར་བཞིན་པ་རེད། འོན་ཀྱང་ང་ཚོས་ཅི་ཞིག་བྱ་གྱིན་ཡོད། མཐའ་ན་དེ་རང་གི་ཉིན་མོ་འདིར་འུ་ཅག་གི་བཀའ་ཁྲི་རིན་པོ་ཆེ་རང་ཁྱིམ་ན་རང་འགར་བཞུགས་ཡོད་པ་མིན་ནམ། ཁོས་གནས་ཚུལ་འདི་ཚོ་གསན་ཡོད་དམ། གསན་ནས་མ་ཎི་གཅིག་ཙམ་བསྟོན་ཡོད་དམ། ཕལ་ཆེར་ཁོ་ལས་འགུལ་སྤེལ་ན་མཆོད་འབུུུལ་སྨོན་ལམ་ལ་དགའ་བ་ལས། ནམ་རྒྱུན་ཆོས་ལ་ཡིད་ཆེས་ཅི་ཙམ་ཡོད་གང་ཤེས།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    སྤུན་ཟླ་ཚོ། ལོངས་ཤོག སྐྱིད་སྡུག་མཉམ་མྱོང་བྱེད་དུ་ལོངས་ཤོག ང་ཚོས་འདི་ལྟར་རིགས་ཀྱི་སྙིང་སྟོབས་དང་ཤེས་རབ་མེ་ལྕེ་འབར་བའི་ནུས་པ་ཞིག་ཡོད་པར་འཐབ་རྩོད་ཀྱི་ལམ་དུ་མ་ཞུགས་པ་ཡིན་ན། མི་རིང་བར་ཞི་བའི་མེ་ལྕེའམ་ཤེས་རབ་ཀྱི་མེ་ལྕེ་འདི་ཉིད་ཞེ་སྡང་གི་མེ་ལྕེ་རུ་འགྱུར་མི་སྲིད་པའི་ངེས་པ་མེད་དུས། སྤུན་ཟླ་ཚོ། སྐྱིད་སྡུག་མཉམ་མྱོང་བྱེད་རན་རེད་འདུག

    Reply
  6. བཀྲ་ཤིས། says:
    ལོ་ 14 སྔོན།

    ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ།

    Reply
  7. gyurmey says:
    ལོ་ 14 སྔོན།

    ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ། ཨོྂ་མ་ཎི་པདྨེ་ཧཱུྃ།
    ངས་ལག་ལག་གཉིས་ཐོད་ལ་བཀོད་ནས། ཁྱེད་ཉིད་ཕྱི་མ་ཁ བ་གངས་ཅན་གྱི་ལ་སླར་ཡང་འཁྲུངས་པའི་སྨོན་ལམ་ཞུ།

    Reply
  8. ཤིང་ལོ། says:
    ལོ་ 14 སྔོན།

    འདི་དག་ཚང་མ་རྒྱ་ནག་གིས་དངོས་སུ་བྱེད་དུ་བཅུག་པ་རེད། གྲངས་ཉུང་མི་རིགས་ཅི་ཙམ་རྫོགས་ན་ཁོང་ཚོ་ཧ་ཅང་གི་དགའ་ཡི་ཡོད་པ་རད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese