མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་འབྲུག་ལོའི་ལོ་སར་སྲུང་བརྩི་དང་ཟས་བཅད་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ལོ་གསར་ཚེས་གཅིག་ཉིན་༸གོང་ས་མཆོག་དབུ་བཞུགས་ཐོག་བཞུགས་སྒར་མི་མང་གིས་ལོ་སར་ཉིན་གྱི་ཆོས་ཕྱོགས་བྱེད་སྒོ་ཁག་སྲུང་བརྩི་དང་། བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྣེ་འཁྲིད་པའི་ཟས་བཅད་ལས་འགུལ་ནང་མཉམ་ཞུགས་གནང་ཡོད།

དེ་རིང་ཕྱི་ཟླ་ ༢ པའི་ཚེས་ ༢༢ སྟེ། བོད་རྒྱལ་ལོ་ ༢༡༣༩  རབ་གནས་ཆུ་འབྲུག་ལོའི་ལོ་སར་ཚེ་ ༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧ པའི་ཐོག་༸གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཡང་སྟེང་དུ་ཆིབས་བསྒྱུར་གྱིས། དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེས་གཏོར་རྟེན་འབུལ་དང་སྙན་ཤལ་སྒྲོན་འབུལ། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་ནས་༸གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་བཅས་གནང་བ་དང་། ཆུ་ཚོད་ ༨ པའི་ཐོག་༸གོང་ས་མཆོག་གཙུག་ལག་ཁང་གི་ཚོམས་ཆེན་ནང་ཆིབས་བསྒྱུར་དབུ་བཞུགས་ཐོག རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་རྣམས་ནས་སྐྱབས་སེམས་དང་མཆོག་གསུམ་ཤིས་བརྗོད། བསྟན་འབར་མ། རིས་མེད་བསྟན་རྒྱས་སྨོན་ལམ་བཅས་གསུང་ཞིང་། དེའི་རྗེས་ཁྲིམས་ཞིབ་པ་ཆེ་བ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ། བཀའ་བློན་ཁྲི་པའི་སྐུ་ཚབ་བཅས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ༸གོང་ས་མཆོག་གིས་དམངས་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྤྱི་འཐུས་རྣམ་པ། ལས་ཁུངས་ཁག་གི་དྲུང་ཆེ་དང་ཟུང་དྲུང་ཡན།  རྒྱ་གར་གཞུང་གི་སྣེ་ཤན་སྐུ་ཚབ། ཚོགས་ལངས་པ་གཉིས་བཅས་ལ་མཇལ་ཁ་གནང་སྟེ། ལོ་གསར་ཉིན་གྱི་ཆོས་ཕྱོགས་ཀྱི་མཛད་སྒོ་གྲུབ་རྗེས་ཕྱིར་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བཀོད་ཡོད།

ལོ་སར་གྱི་གཞུང་འབྲེལ་མཛད་སྒོ་གྲུབ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་འོག བོད་ནང་རང་ལུས་མེར་སྲེག་གི་ལས་འགུལ་དང་། རྒྱ་ལོའི་ལོ་གསར་སྐབས་ཞི་རྒོལ་བ་མེ་མདས་རྐྱེན་ལམ་དུ་བཏང་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཟས་བཅད་ལས་འགུལ་དབུ་འཛུགས་གནང་སོང་། ལས་འགུལ་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། བཀའ་བློན་ཁྲི་ཚབ་ནང་སྲིད་བཀའ་བློན་མཆོག བདེ་སྲུང་བཀའ་བློན་མཆོག སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོས་པའི་སྤྱི་འཐུས་རྣམས། ལས་ཁུངས་ཁག་གི་དྲུང་ཆེ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་སེར་སྐྱ་མི་མང་བཅས་མཉམ་ཞུགས་པ་ཡོངས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བླངས་བ་དང་། འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་ངག་བཅད་མྱ་ངན་གནང་རྗེས།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་སྤྲགས། བོད་ནང་རང་ལུས་མེར་བསྲེགས་བཏང་བ་དང་མེ་མདའ་བརྒྱབ་ཏེ་འདས་གྲོངས་སུ་གྱུར་བ་རྣམས་དང་། རང་ལུས་མེར་བསྲེགས་བཏང་རྗེས་གར་ཡོད་མི་ཤེས་པ་རྣམས་ཀྱི་ནང་མི་སྤུན་མཆེད་རྣམས་ལ། ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་ལ། ཁྱེད་རང་ཚོའི་ལས་འགུལ་འཕྲོ་བརླག་མི་འགྲོ་ཆེད་གང་ཐུབ་ཐུབ་བྱེད་ཀྱིན་ཡིན་ཞེས་དམ་བཅའ་ཡོད། ཁྱེད་རང་ཚོའི་ངོས་ནས་ཀྱང་སེམས་ཤུགས་མ་ཆག་པར་འདུག་རྒྱུ་དང་། རང་སྲོག་བློས་གཏོང་བྱས་མཁན་རྣམས་ཀྱི་ཚོར་སྣང་ག་འདྲ་ཞིག་གི་ཐོག་བློས་གཏོང་བྱས་པ་དེ་ང་ཚོས་ཚོར་ཐུབ་ཀྱི་ཡོད། ཁྱེད་རང་ཚོས་ཚིག་ཁ་ཤས་བཤད་པ་ཙམ་གྱི་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་གནས་སྟངས་འོག་ལྷག་ཡོད། སྤྱིར་ལོ་གསར་བའི་ནང་དགའ་སྤྲོའི་འཚམས་འདྲི་བྱེད་དགོས་པའི་གནས་སྟངས་ཡིན་ཡང་། ༢༠༡༢ ལོར་བོད་པའི་གནད་དོན་དེ་རྒྱལ་སྤྱིའི་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་འགྲོ་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད་ལ། རེ་བ་དེ་འགྲུབ་པར་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མས་འབད་བརྩོན་ལྷོད་མེད་གནང་དགོས་པ་རེད། “ ཅེས་བརྗོད་བྱུང་བར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལ།  “ ཉེ་ལམ་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱིས་བོད་ནང་གི་གནས་སྟངས་ཐད་རྒྱ་ནག་གཞུང་ལ་ངོ་རྒོལ་ཡི་གེ་བཏང་ཡོད་པ་ལྟར། མ་འོངས་པར་མུ་མཐུད་འབད་བརྩོན་གནང་དགོས་པ་རེད། རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་མཚོན་ནའང་། བོད་ནང་གི་གནས་ཚུལ་དེ་བཤད་དགོས་པ་རེད་བསམ་གྱི་འདུག ཁུ་སིམ་པོར་ག་ཚོད་བསྡད་ཀྱང་རྒྱ་གཞུང་གིས་མཐོང་ཆུང་གཏོང་གི་རེད་མ་གཏོགས། བརྩི་འཇོག་མེད་པ་གསལ་བོ་རེད། རྒྱ་ནག་གཞུང་ལ་མ་བཤད་པར་སོ་སོའི་ལུང་པ་གཅིག་པུའི་ཁེ་ཕན་སྲུང་སྐྱོབ་བྱས་བསྡད་དེ། ནུབ་ཕྱོགས་རང་དབང་ལུང་པར་ནམ་རྒྱུན་བརྩི་མཐོང་བྱེད་ཀྱིན་པའི་དམངས་གཙོའི་འགྲོ་ལུགས་དང་གཞི་རིམ་གྱི་ཐོབ་ཐང་། དྲང་བདེན། འདྲ་མཉམ། མིའི་ཆེ་མཐོང་སོགས་ཀྱི་ཐད་དཀའ་ངལ་མྱོང་བསྡད་པའི་རིགས་ལ་རོགས་པ་མ་བྱས་པ་ཡིན་ན། མིའི་ཚེ་སྲོག་ལ་རིན་ཐང་མེད་པའི་རྣམ་འགྱུར་ཤུགས་ཆེར་བསླེབས་ཡོང་གི་ཡོད་པ་རེད། དེར་བརྟེན། འཛམ་གླིང་གི་དབུ་ཁྲིད་ཚོས་བོད་པའི་དཀའ་རྙོག་དེ་དཀའ་རྙོག་ཆེན་པོ་ཞིག་དང་གནད་འགག་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་ཐོག ༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་དོ་སྣང་ཤུགས་ཆེར་གནང་དགོས། “ ཞེས་འབོད་སྐུལ་གནང་སོང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་ཛ་དྲག་གི་གནས་སྟངས་རིམ་པ་བྱུང་བའི་ཐད་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་བཅས་ལ་འབོད་སྐུལ་དང་གསལ་བསྒྲགས།  ཉེ་ཆར་ལྡི་ལིར་ཡོད་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་མི་སྣར་ཐུག་འཕྲད་ཀྱིས་སྙ་ཞུ་དང་། རྒྱ་ནག་གི་སྲིད་འཛིན་ཧུའུ་ལ་ཡོངས་བསྒྲགས་སྙན་ཞུ་རིམ་པར་ཕུལ་ཡོད་པ་མ་ཟད། དེ་རིང་དོན་ཚན་ ༧ ཅན་གྱི་དགོས་འདུན་ཞིག་བཏོན་ཡོད་ལ། དེའི་ནང་། ༡༽ དམག་དཔུང་ཕོན་ཆེ་བསྐྱར་སྣོན་བྱས་པ་རྣམས་འཕྲལ་དུ་ཕྱིར་འཐེན་གྱིས་ཛ་དྲག་གནས་སྟངས་འགྲིག་འཇགས་དང་བོད་མིའི་མངོན་འདོད་ལ་བསམ་གཞིགས་ཀྱི་བྱེད་ཐབས་ལག་བསྟར་ བྱེད་དགོས། ༢༽ དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་ཕྱོགས་ལྷུང་མེད་པའི་རང་དབང་ཅན་གྱི་སྐུ་ཚབ་ བོད་ནང་གཏོང་དགོས་པ་དང། གལ་ཏེ་དེ་ལྟར་བྱ་རྒྱུར་དཀའ་ངལ་འཕྲད་ཚེ་དངོས་ཡོད་གནས་ཚུལ་འཚོལ་ཞིབ་ཆེད་བོད་ མིའི་སྐུ་ཚབ་གཏོང་དགོས། ༣༽ བོད་མི་རིགས་ཀྱི་ངོ་བོ་རྩ་མེད་འགྲོ་རྒྱུའི་སྲིད་བྱུས་དང་བྱེད་ཐབས་མཚམས་ འཇོག་བྱས་ཏེ་བོད་མིར་ཆོས་དད་རང་དབང་སྤྲོད་རྒྱུ་དང་ཞི་འགྲིག་གི་ཐབས་ལམ་ བསྟེན་དགོས་པ་དང། བོད་མིའི་སེམས་ཚོར་ལ་དོ་ཕོག་གཏོང་བའི་བྱ་སྤྱོད་འགོག་ཐབས་བྱེད་དགོས། ༤༽ བོད་མི་འབྲོག་པ་རྣམས་ས་གནས་གཅིག་ཏུ་བཙན་སྡོད་བྱེད་དུ་འཇུག་པ་དེ་དག་མཚམས་ འཇོག་གིས་འབྲོག་པ་ཚོའི་ཕ་མེས་ནས་བརྒྱུད་པའི་ཁོར་ཡུག་གི་གོ་རྟོགས་དེ་བཞིན་ བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ལག་བསྟར་བྱ་རྒྱུའི་ཆ་ཤས་སུ་ངེས་པར་ དུ་མཉམ་ཞུགས་བྱེད་དུ་འཇུག་དགོས། ༥༽ བོད་ནང་འཛུགས་སྐྲུན་གྱི་ལས་གཞི་ཅི་འདྲ་ཞིག་ལག་བསྟར་བྱེད་སྐབས་མཐོ་སྒང་བོད་ ཀྱི་ཁོར་ཡུག་འཇིག་ཉེན་ཆེ་བ་དེར་ངེས་པར་དུ་བསམ་གཞིགས་ཐོག་ས་གནས་བོད་རིགས་ ཚོར་ཁེ་ཕན་ཡོད་པ་བྱེད་དགོས། ༦༽ པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་ གློད་བཀྲོལ་བཏང་སྟེ་འབར་མའི་སྲིད་གཞུང་ལྟར་གཞུང་དང་མང་ཚོགས་དབར་ཡིད་ཆེས་ཆེ་ རུ་གཏོང་དགོས། ༧༽ བོད་མི་ཚོ་དང་གྲོས་མོལ་བསྐྱར་གསོ་བྱས་ཏེ་ཆོད་སེམས་བརྟན་པོས་བོད་ཀྱི་དཀའ་ངལ་སེལ་ཆེད་ཕུགས་རྒྱང་རིང་པོས་ཐབས་ལམ་ཐོག་ནས་བོད་དང་ཉེ་འབྲེལ་ས་ཁྱོན་ཁག་ཏུ་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐབས་བྱེད་དགོས། ཞེས་བཀོད་འདུག  

གསལ་བསྒྲགས་དེའི་ནང་། རང་དབང་མང་གཙོའི་སྲིད་གཞུང་དང་གྲོས་ཚོགས་ཁག་གིས། འགྲོ་བ་མིའི་ཐོབ་ཐང་དང་ཡོངས་ཁྱབ་རིན་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བའི་རྒྱ་གཞུང་གི་བྱ་སྤྱོད་རྒྱ་ཡན་དུ་མི་འགྲོ་བའི་གནོན་ཤུགས་སྤྲོད་ཐབས་ཀྱི་འགན་འཁུར་མང་ཙམ་ལེན་རྒྱུ་དང་། དམངས་གཙོའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པས་དོན་ཕན་ལྡན་པའི་ནུས་ཤུགས་འདོན་རྒྱུ། རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། མི་སྒེར་བཅས་ནས་བོད་ནང་གི་གནས་སྟངས་འབྲེལ་ཡོད་ལ་ངོ་སྤྲོད་གསལ་བཤད་དང་བདེན་པའི་རྒྱབ་ལངས་བྱ་རྒྱུའི་འབོད་སྐུལ་གནང་འདུག  

དེ་རིང་གི་ཟས་བཅད་ལས་འགུལ་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། སྨོན་ལམ་གསུང་འདོན་དང་བོད་ནང་ཛ་དྲག་གི་གནས་སྟངས་སྐོར་གྱི་གློག་བརྙན་གཟིགས་འབུལ་བཅས་གནང་བ་མ་ཟད། ཕྱི་དྲོའི་ཆུ་ཚོད་ ༥ བའི་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་མེག་གྷན་ཁྲོམ་ལམ་དུ་མར་མེ་ཁྲོམ་སྐོར་གནང་རྗེས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། འདས་པའི་མི་ལོ་ ༥༠ ལྷག་གི་རིང་རྒྱ་ནག་གཞུང་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་བ་སོགས་བོད་མིའི་ཆོས་དང་རིག་གཞུང་རྩ་གཏོོར་གྱི་སྲིད་ཇུས་རིམ་པ་ལག་བསྟར་བྱས་པའི་དབང་གིས། ད་ལྟའི་ཆར་མི་རབས་གསར་བ་ཚོས་བོད་ཀྱི་རྩ་དོན་འཐབ་རྩོད་ཆེད་རང་སྲོག་བློས་གཏོང་གི་ལས་འགུལ་རིམ་པ་སྤེལ་གྱི་ཡོད་ལ། ཛ་དྲག་གི་གནས་སྟངས་དེའི་ནག་ཉེས་མཐའ་དག་རྒྱ་ནག་གཞུང་གིས་འགན་འཁུར་དགོས་ཞེས་གསུངས་བྱུང་བ་མ་ཟད། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞིགས་ཏེ་བཙན་བྱོོལ་བོད་མིའི་སྒྲིག་འཛུགས་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་རིམ་པ་སྤེལ་དགོས་པའི་འབོད་སྐུལ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བོད་ནང་གི་གནས་སྟངས་ལ་གཞིགས་ཏེ་ཛ་དྲག་གི་འགུལ་སྤེལ་རིམ་པ་སྤེལ་རྒྱུ་ཡིན་པའི་སྐོར་སོགས་གསུངས་ཡོད།  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༦ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༢ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༡༣ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

མཆན། 6

  1. འཁྲུངས་སྐར། says:
    ལོ་ 13 སྔོན།

    དྲྭ་གྲོགས་ཡོངས་ལ་དྲི་བ་ཆུང་ཆུང་ཞིག་འདུག་པའི་ལན་གང་མགྱོགས་གནང་རོགས་གནང་། དྲི་བ་དེ་ནི་ ང་ཚོ་ཚང་མ་ལ་མཁོ་བའི་དྲི་བ་ཡིན་། དེ་ནི་བོད་རྒྱལ་ལོ་དེ་ག་དུས་ནས་འགོ་འཚུགས་ཡོད་དམ། སུ་ཡིས་དུས་སུ་འགོ་ཚུགས་པ་ཡིན་ནམ་། ད་ལྟ་བར་དུ་འཕོ་འགྱུར་ཡག་ཤོས་བྱུང་བ་ལྔ་དང་སྡུག་ཤོས་བྱུང་བ་ལྔ་ཞིག་བྲིས་རོགས་གནང་།

    Reply
  2. གཟི་མིག་༣པ says:
    ལོ་ 13 སྔོན།

    ད་ལོ་ལོ་གསར་ཚེས་གཅིག་ནས་བོད་མི་ཡུལ་གྱར་བ་ཡོངས་ཀྱི་བོད་ནང་གི་རྫ་དྲགས་གནས་ཚུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཡུལ་གྲུ་གང་སར་ལོ་གསར་ཚེས་གཅིག་ལ་ཟས་བཅད་ངོ་བརྒོལ་དང་ལུང་ཆུང་བྷན་དྷ་རཱ་ལ་ཡང་ལོ་གསར་ཚེས་པ་གཅིག་ཞོགས་པ་ཟས་བཅད་ངོ་བརྒོལ་དང་འདས་པོ་དཔའོ་རྣམས་ལ་སྨོན་ལམ་ཕྱི་དྲོ་ཆུ་ཚོད་ལྔ་པ་ནས་བདུན་པ་བར་མར་མེ་ཁྲོམ་བསྐོར་མི་དམངས་ཀྱིས་ལས་འགུལ་སྤེལ་་་་་་་་་་་་་་ད་ལོ་གསར་བསྐོད་པ་ཚོས་གནས་ཚུལ་གང་ས་ནས་ཕྱོགས་བསྒྲིགས་བྱས་ནས་བོད་ནང་བོད་མི་ཚོས་མཁྱེན་ཐུབ་པ་ངེས་པར་གནང་དགོས་དེའི་ལས་འགན་ཁྱེད་རང་ཚོར་ཡོད་་་་བོད་རྒྱལ་ལོ་་་་་་༸གོང་ས་མཆོག་སྐུ་ཚེ་བརྟན་པའི་སྨོན་ལམ་ཞུ་་་་

    Reply
  3. གཟི་མིག་༣པ says:
    ལོ་ 13 སྔོན།

    ངས་གངས་ལྗོངས་ནང་ཞུགས་པའི་བོད་མི་སྤུན་ཟླ་ཡོངས་ལ་ཡུལ་གྱར་བོད་མི་ཡོངས་ཀྱི་ཚབས་ཞུས་ནས་ཆུ་འབྲུག་ལོའི་གནམ་ལོ་གསར་ཚེས་ལ་འཚམས་འདྲི་དང་ཁྱེད་རྣམ་པའི་དཔའ་ངར་དང་མཛད་རྗེས་ལ་བསྔགས་བརྗོད་ཞུ་བཞིན་ཡོད་་་་་་་་་་་་་ང་ཚོས་ཁྱེད་རྣམ་པའི་མཛད་རྗེས་དེར་དཔུང་པ་མཉམ་རུབ་ཀྱི་ཕྱི་རྒྱལ་ཡུལ་གྲུ་གང་སར་ནུས་པ་ལྡན་པའི་ལས་འགུལ་སྤེལ་མུས་ཡིན་པས་་་་་ང་ཚོ་བོད་མི་ཚང་མ་མྱུར་དུ་མཇལ་བའི་སྨོན་འདུན་ཞུ་་་་་་་བོད་རྒྱལ་ལོ་

    Reply
  4. གངས་མྱུག says:
    ལོ་ 13 སྔོན།

    གང་དུ་ཡང་མི་རྐྱང་མགོ་རིལ་ཚོ་སྔོན་དུ་ཕྱིན་ནས་དཀའ་ལས་རྒྱག་པ་ལ་བལྟས་ན་སྙིང་རྗེ་ཞིང་དམངས་ལའང་ཚོར་བ་ཞིག་ངེས་པར་སླེབས་དགོས་པ་མཐོང་།

    Reply
  5. གངས་མྱུག says:
    ལོ་ 13 སྔོན།

    ཟས་བཅད་ངོ་རྒོལ་འདིར་སྤྱི་འཐུས་དང་གྲྭ་བ་ཨ་ནེ་ལས་རྡ་སའི་མི་དམངས་མཐོང་རྒྱུ་ཉུང་ཙམ་ལས་མེད་པ་ཅི་ཞིག་ཡིན་ནམ། ཁ་ཕོ་ཆེ་བ་རྣམས་དངོས་སུ་ཐོན་དགོས་པ་ལས་གྲིབ་ཙམ་ཡང་མཐོང་རྒྱུ་མེད་པ་ཡིད་སྐྱོ།

    Reply
  6. སངྒེ ། says:
    ལོ་ 13 སྔོན།

    ཡིག་ནོར་མང་བོ་འདུག ཡིག་ནོར་མང་བོ་འདུག ཡིག་ནོར་མང་བོ་འདུག ཡིག་ནོར་མང་བོ་འདུག ཡིག་ནོར་མང་བོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese