མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིར་བོད་ཀྱི་རིས་མེད་སྨོན་ལམ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp


སང་ཉིན་ཕྱི་ཚེས་ ༡༠ ཉིན། ཧྥ་རན་སིར་རྟེན་གཞི་བྱས་པའི་བོད་ཀྱི་བྱམས་བརྩེ་ཁང་གིས་གོ་སྒྲིག་འོག ཧྥ་རན་སིའི་རྒྱལ་ས་ཕ་རེ་སི
འི་ནང་བོད་ཀྱི་རིས་མེད་སྨོན་ལམ་ཞིག་ཚོགས་གཏན་འཁེལ་ཡོད་ཅིང་། ཚོགས་མགོན་དུ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་དུ་རྒྱ་གར་ནས་གདན་ཞུ་གནང་ཡོད་འདུག གོ་སྐབས་དེ་དང་བསྟུན་ཏེ་ཧྥ་རན་སིའི་གྲོས་ཚོགས་གོང་མ་དང་། ས་གནས་གཞུང་འཛིན་ལས་ཁུངས་བཅས་སུ་ཟམ་གདོང་རིན་པོ་ཆེ་མཆོག་ལ་ད་ལྟའི་བོད་ནང་གི་གནས་སྟངས་ཆེད་ཛ་དྲག་འབོད་སྐུལ་གྱི་གསུང་བཤད་གོ་སྒྲིག་བྱས་ཡོད་འདུག

ཐེངས་འདིའི་སྨོན་ལམ་གོ་སྒྲིག་པ་བོད་ཀྱི་བྱམས་བརྩེ་ཁང་གི་དབུ་འཛིན་སུམ་གྱང་རིན་པོ་ཆེས་ངོ་སྤྲོད་གནང་དོན། “ རྩ་བའི་སྔོན་མ་བོད་ནང་དང་ད་ལྟ་རྒྱ་གར་ནང་ལོ་སར་སྐབས་ཆོས་བརྒྱུད་འདྲ་མིན་གྱི་སྨོན་ལམ་ཚོགས་སྲོལ་ཡོད་པ་རེད། སྨོན་ལམ་དེ་དག་གི་སྐབས་སུ་ཆོས་ཕྱོགས་ཀྱི་མཛད་རིམ་གཅིག་བུ་མ་ཡིན་པར། མི་མང་པོ་མཉམ་དུ་འཛོམས་ནས་གླུ་ལེན་གར་རྩེད་ཀྱིས་མཚོན་པའི་རིག་གཞུང་གི་ལས་རིམ་གང་མང་ཞིག་ཀྱང་སྤེལ་གྱིན་ཡོད་པ་རེད། ལོ་རྒྱུས་ཆ་ཀྱི་ནས་ཡིན་ན་རེད། ད་ལྟའི་གནས་སྟངས་ཀྱི་ཆ་ནས་ཡིན་ན་རེད། སྨོན་ལམ་ཚོགས་སྲོལ་འདིས་བོད་མི་ཚོའི་མཉམ་རུབ་མཉམ་གནས་ལ་ཧ་ལས་པའི་ཕན་ཐོགས་བྱུང་ཡོད་པ་རེད། དེ་སྒང་ལ་ད་ལྟ་ཧྥ་རན་སི་ནང་ལ་ཆ་མཚོན་ན་ལོ་རེ་བཞིན་བོད་མི་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། ཡིན་ནའང་། བོད་པའི་མཉམ་གནས་མཉམ་རུབ་ཀྱི་ཁོར་ཡུག་དང་གོ་སྐབས་ཧ་ལས་པའི་ཉུང་ཉུང་རེད། དེར་བརྟེན། བོད་པའི་སྲོལ་རྒྱུན་རྒྱུན་འཛིན་དང་ཧྥ་རན་སིའི་བོད་མི་ཚོར་བོད་ཀྱི་ཁོར་ཡུག་ཅིག་བསྐྲུན་ཆེད་ད་ཐེངས་ཀྱི་རིས་མེད་སྨོན་ལམ་འདི་གོ་སྒྲིག་བྱས་ཡིན” ཞེས་དང་། ཁོང་གི་བརྗོད་པ་ལྟར་ན། རིས་མེད་སྨོན་ལམ་འདི་ལོ་རེ་བཞིན་ཚོགས་རྒྱུ་ཡིན་ཞིང་། སྨོན་ལམ་སྐབས་ཆོས་ཕྱོགས་ཀྱི་མཛད་རིམ་རྐྱང་བ་མ་ཡིན་པར། ཧྥ་རན་སིར་ཡོད་པའི་བོད་མི་དང་ལྷག་པར་རྒྱལ་ཁབ་འདིའི་ནང་འཚར་ལོངས་བྱུང་བཞིན་པའི་བོད་ཕྲུག་ཚོའི་ཆེད་དུ་ལས་རིམ་འདྲ་མིན་གོ་སྒྲིག་ཡོད་ནའང་། ད་ལོའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཀྱི་དབང་གིས་གླུ་ལེན་གར་རྩེད་ཀྱི་མཚོན་པའི་ལས་རིམ་ཁག་ཅིག་ཕྱིར་འཐེན་བྱས་ཡོད་འདུག་ལ། དེ་དག་གི་ཚབ་ཏུ་ཟམ་གདོང་རིན་པ་ཆེར་གྲོས་ཚོགས་དང་ས་གནས་སྲིད་གཞུང་བཅས་སུ་གསུང་བཤད་གོ་སྒྲིག་བྱས་ཡོད་འདུག

ཉིན་གསུམ་རིང་གི་སྨོན་ལམ་མཛད་རིམ་ལྟར་ན། སང་ཉིན་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཐོག་བཀའ་བློན་ཁྲི་ཟུར་ཟམ་གདོང་རིམ་པོ་ཆེ་དབུ་བཞུགས་ཀྱིས་རྒྱལ་ས་ཕ་རེ་སིའི་ཚོགས་ཁང་(L’ESPACE ST MARTIN)ནང་དབུ་འཛུགས་བྱ་རྒྱུ་ཡིན་ཞིང་།  ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་ཚོགས་ཞུགས་པ་ཚང་མ་བོད་རིགས་ཚོགས་པའི་གོ་སྒྲིག་བྱས་པའི་གསུམ་བཅུ་དུས་དྲན་སྟེང་མཉམ་ཞུགས་བྱ་རྒྱུ་ཡིན་འདུག ཕྱི་ཚེས་ ༡༡ ཉིན་གང་བོར་ས་གནས་(BREUILPONT)སུ་རྟེན་གཞི་བྱས་པའི་ད་ཚང་གླིང་དུ་ཟམ་གདོང་རིན་པོ་ཆེས་དགེ་བཤེས་གླིང་རུ་ཚང་བའི་༼ བློ་སྦྱོང་ཚིག་བརྒྱད་མའི་༽བཀའ་ཆོས་གནང་རྒྱུ་ཡིན་འདུག ཕྱི་ཚེས་༩ སྟེ། དེ་རིང་ཕྱི་དྲོ་ཆུ་ཚོད་ ༧ ཐོག ཟམ་གདོང་རིན་པོ་ཆེས་ཕ་རེ་སིའི་རྫོང་གྲོང་ ༡༡ པའི་རྫོང་དཔོན་སྐུ་ཞབས་(PATRICK BLOCHE) དང་མཇལ་འཕྲད་དང་། རྫོང་ལས་ཁུངས་ཀྱི་ཚོམས་ཆེན་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་འབོད་སྐུལ་གསལ་བསྒྲགས་ཀྱི་གསུང་བཤད་གནང་རྒྱུ་ཡིན་འདུག་ལ། ཕྱི་ཚེས་ ༡༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༦ སྟེང་ཧྥ་རན་སིའི་གྲོས་ཚོགས་གོང་མའི་ནང་དེ་མཚུངས་ཀྱི་གསུང་བཤད་གནང་རྒྱུ་ཡིན་འདུག ཐེངས་འདིའི་སྨོན་ལམ་དང་གཏམ་བཤད་ལས་རིམ་ཚང་མའི་ནང་ཨ་རིའི་གོ་ལིམ་པི་ཡ་གཙུག་ལག་སློབ་གཉེར་ཁང་གི་ནང་དོན་རིག་པའི་འགན་འཛིན་སྐུ་ཞབས་(ROBERT THURMAN)དང་། ཧྥ་རན་སིའི་ཞི་བདེ་དང་འཛམ་གླིང་སྤྱིའི་འགན་ཁུར་ཚོགས་པའི་མགྲིན་ཚབ་པ་ལྕམ་(SOFIA STRIL-REVER) གཉིས་མཉམ་ཞུགས་གནང་གི་ཡོད་འདུག

ཧྥ་རན་སིའི་བོད་ཀྱི་བྱམས་བརྩེ་ཁང་ནི་ཕྱི་ལོ་ ༢༠༠༦ ལོར་སུམ་གྱང་སྤྲུལ་སྐུས་ཐེག་ཆེན་ནང་བའི་རིག་གཞུང་གཅེས་སྐྱོང་ལྷན་ཁང་ཞེས་པའི་མིང་ཐོག་ནས་རྒྱ་གར་རྡོ་རྗེ་གླིང་དུ་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༡༠ ལོར་ཁོང་ཧྥ་རན་སིར་གནས་སྤོ་གནང་རྗེས་བོད་ཀྱི་བྱམས་བརྩེ་ཁང་ལ་མིང་བསྒྱུར་བྱས་ཡོད་འདུག བོད་ཀྱི་བྱམས་བརྩེ་ཁང་འདིས་རྒྱ་གར་ནང་ཡོད་པའི་བོད་མི་ཉམས་ཐག་ཁག་ལ་འཚོ་གནས་དང་ཤེས་ཡོན་སློབ་གསོའི་རོགས་སྐྱོར་དང་། ཧྥ་རན་སིའི་ནང་ཡོད་པའི་བོད་མི་ཚོར་བོད་པའི་ཆོས་རིག་མི་ཉམས་བརྒྱུད་ཐད་གོ་སྒྲིག་རོགས་རམ། མ་ལེ་ཤི་ཡ་དང་སུད་སི། སུ་པན་བཅས་ནང་ཡན་ལག་ཆོས་ཚོགས་གསར་འཛུགས་ཀྱིས་དོ་དམ་འཛིན་སྐྱོང་བྱེད་ཀྱི་ཡོད་འདུག

ས་གནས་གསར་འགོད་པ། ཟླ་བ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    ཁོ་རང་མངགས་ཡོད་ན་ལྟ་མ་ཡག་པོ་ཁྱོན་ནས་མེད་རྒྱུ་རང་ཨེ་ཡོད།
    ང་ཡང་༸སྐུ་མདུན་གྱིས་རང་གིས་གང་ཤེས་པའི་ནང་ཆོས་དེ་འབྱུང་འགྱུར་ཆེན་པོ་རྒྱུའི་མི་མང་ཚོར་ངོ་སྤྲོད་བྱེད་ཆེད་རྒྱ་ཡིག་སྦྱོང་དགོས་རེད་ཅེས་བཀའ་ནན་གནང་སོང་། ད་ལྟ་ཡང་སྦྱོང་བཞིན་པ་ཡིན། ཆོས་སྤེལ་ཁག་པོ་རེད་དེ། ཆོས་ཀྱི་ཕོ་ཉ་བྱ་བའི་རྨི་ལམ་གྱི་ཡི་གེ་ཞེས་པ་ཞིག་ཀྱང་རྡ་ས་ནས་ཐོན་ཁར་སྐུ་མདུན་ལ་ཕུལ་ཡིན།
    དེ་ཚོ་རེ་བ་ཙམ་རེད་དེ་གང་ལྟར་སྐུ་མདུན་གྱི་དགོངས་གཞི་རེད།
    གལ་ཏེ་ཆུ་ཆུང་ལ་མ་ལྟོས་པའི་ཆོས་སྤེལ་ཐུབ་ན་ཆོས་སྤེལ་མཁན་ལོས་ཡིན།
    ནུབ་ཕྱོགས་པའི་དགེ་རྒན་ཤར་ཕྱོགས་སུ་བཙན་ཐབས་སུ་ཆོས་སྤེལ་མཁན་གྱི་ཡེ་ཤུ་པ་དེ་ཚོ་རེ་རེ་ལ་ཡང་ཆོས་སྤེལ་མཁན་རེད།
    འོན་ཀྱང་ང་སྐུ་མདུན་གྱི་ཚབ་ཡིན་ལབ་ན་འགྲིག་རྒྱུ་མ་རེད།
    ཆོས་སྤེལ་སར་མངགས་སོང་ལབ་ན་བླ་མ་སྤྲུལ་སྐུ་ཞིག་ལ་ཚད་ལས་བརྒལ་བ་རང་མ་རེད།
    འོན་ཀྱང་ངས་ད་ལྟ་ང་a༸སྐུ་མདུན་གྱིས་རྒྱ་ཡིག་སྦྱོང་སར་མངགས་སོང་ལབ་པ་ལས་ཆོས་སྤེལ་སར་མངགས་སོང་ལབ་གི་མེད།
    དེ་ནས་ཡང་ཁོང་ཚོས་ག་རེ་བྱས་ནས་རྒྱ་ཡིག་སྦྱོང་དགོས་རེད་ལབ་ན་ངས་ག་རེ་ལབ་དགོས་དྲ་གྲོགས་བླ་བཟང་ལ་འདྲི་གི་ཡིནཧཧཧཧཧ

    Reply
  2. lobsang says:
    ལོ་ 14 སྔོན།

    ཁྱེད་རང་གིས་རིས་མེད་སྨོན་ལམ་འཚོགས་པ་ལ་རྗེས་སུ་ཡི་རང་ཡོད། འོན་ཀྱང་ངས་གོ་ཐོས་ལ་ཁྱེད་རང་གིས་ཁོ་རྒྱལ་བ་རིན་པོ་ཆེས་ཧྥ་རན་སུར་ཆོས་སྤེལ་དུ་བཏང་བ་ཡིན་ཟེར་གྱིན་འདུག་ཟེར། དེ་འདྲ་ཡིན་ན་ཡག་པོ་ཁྱོན་ནས་མི་འདུག དེ་འདྲ་རྗེས་སུ་མ་གནང་རོགས་ཞུས་པ་ཡིན། ཐུགས་རྗེ་ཆེ།ང་ཚོ་གྲྭ་པ་ཚང་མའི་མཚན་ཤས་ལ་གནོད་ཀྱི་འདུག

    Reply
  3. བཀྲ་ཤིས། says:
    ལོ་ 14 སྔོན།

    བཙན་བྱོལ་ནང་གི་ཆོས་ལུགས་མེད་དང་། །
    ཀྲོང་དབྱངས་གཞུང་གི་མི་རིགས་རིས་མེད་གཉིས། །
    རིག་པའི་གཞུང་ལུགས་གཅིག་པའི་མར་ཞབས་ནས། །
    ཉམས་ཆུང་དག་གི་ལས་དབང་སྙིང་རེ་རྗེ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese