མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་བཤེས་བརྒྱ་ལས་བརྒལ་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp


ཟླ་འདིའི་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོར་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་ཁོངས་གཡུང་དྲུང་བོན་དགོན་སྨན་རིའི་གླིང་དུ། སྐབས་ ༡༦ པའི་དགེ་བཤེས་དམ་བཅའ་ཆེན་མོའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་གཙོ་བྱས་ཏེ། ཁྲིམས་ཞིབ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་ལགས་དང་། གཡུང་དྲུང་བོན་གྱི་སྤྱི་འཐུས་གཉིས་དང་སྤྱི་ཟུར་སྨན་པ་ཐོགས་མེད་ལགས། བོན་གཞིས་ས་འཐུས་ཚོགས་གཙོ་དང་། ས་གནས་མགོ་འཛིན། རང་བདེན་ཚོགས་གཙོ། གཞན་ཡང་ཚོགས་སྡེ་ཁག་གི་སྐུ་ཚབ་དང་སྦྱིན་བདག་རྣམ་པ་བཅས་ཕེབས་ཡོད་འདུག

ཉིན་དེའི་སྔ་དྲོར་བཀྲ་ཤིས་དམ་བཅའ་དང་། ཕྱི་དྲོར་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་ཏེ་སྐལ་བཟང་ཁྲི་བཞེངས་ཀྱི་མཛད་སྒོ་དངོས་གཞི་ཚོགས་ཤིང་། སྐབས་དེར་ཆོས་རིག་ལས་ཁུངས་ནས་བསྙེན་བཀུར་མང་ཇ་དང་སྐུ་འགྱེད་ཕུལ་ཅིང་། བོད་ནང་བསྟན་སྲིད་མི་རིགས་ཆེད་གཅེས་སྲོག་ཤོར་བའི་སེར་སྐྱ་ཕོ་མོ་དག་ལ་བསྔོ་བ་དང་། ༸གོང་ས་མཆོག་གིས་དབུས་རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་ཞབས་པད་བརྟན་ཅིང་། རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་ཀྱི་བསྟན་འགྲོའི་མཛད་འཕྲིན་རྒྱས་ཤིང་གཞིས་བྱེས་ལྷན་འཛོམས་ཀྱི་ཉི་མ་མྱུར་དུ་འཆར་བའི་སྐྱབས་འཇུག་བཅས་ཞུས་ཡོད་འདུག

 

ཐེངས་འདིའི་དགེ་བཤེས་དམ་འཇོག་གི་ལས་རིམ་འདི་ཐོག་མར་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་ནས་མགོ་འཛུགས་ཏེ། གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་སྤྱི་དང་ཐུན་མོང་བཅུ་ཕྲག་རིག་པའི་གནས་ཀུན་ལ་བསླབ་པ་མཐར་སོན་པའི་རབ་འབྱམས་པ་ ༧ ཙམ་གྱིས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་བཤད་སྡེའི་མཁན་སློབ་རྣམ་གཉིས། དགེ་འདུན་འདུས་པ་མང་ཚོགས་དབུས་སུ་སྔོན་འགྲོ་མདོ་སྔགས་སེམས་གསུམ་གྱི་གཞུང་བཤད་དང་། དངོས་གཞིའི་ངག་རྒྱུགས་དང་རྩོད་རྒྱུགས་དམ་བཅའ་ཆེན་མོ་སོགས་གནང་སྟེ། ཟླ་ ༣ ཚེས་ ༩ ཉིན་ལེགས་འགྲུབ་ཀྱི་མཛད་སྒོ་འདི་ཚོགས་ཡོད་འདུག

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ༡༩༥༩ ལོར་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་རྗེས་གཡུང་དྲུང་བོན་གྱི་གདན་ས་གོང་འོག་གི་མཁན་སློབ་རྣམ་པ་སོགས་བོན་བསྟན་འཛིན་པ་མང་པོ་ཞིག་བཙན་བྱོལ་དུ་ཕེབས་ཤིང་། སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེས་ ༡༩༦༥ ལོར་བོན་གཞིས་ཐོབ་རྒྱལ་གསར་པ་ཆགས་བཏབ་གནང་བ་དང་། ༡༩༦༨ ལོར་སྐྱབས་རྗེ་སྨན་རིའི་མཁན་ཆེན་ཁྲི་འཛིན་སོ་གསུམ་པ་མཆོག་སྔར་སྲོལ་བཞིན་ལུང་བརྟག་ངོས་འཛིན་ཁྲི་བཞེངས་གནང་སྟེ། རིན་པོ་ཆེ་མཆོག་གིས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་རྟེན་དང་བརྟེན་པ་གསར་བཞེངས་མཛད་ཅིང་། སྐྱབས་རྗེ་མཁན་སློབ་རྣམ་གཉིས་མཛད་དགོངས་གཅིག་མཐུན་ཐོག་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་གསར་འཛུགས་གནང་སྟེ་ ༡༩༨༦ ལོར་བསླབ་པ་མཐར་སོན་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོ་ ༦ ནས་མགོ་བརྩམས་ཏེ། འདི་ལོ་བར་དགེ་བཤེས་གྲངས་ ༡༠༤ ཟིན་ཡོད་ཅིང་། ༸གོང་ས་མཆོག་ ༡༩༨༨ ལོ་དང་། ༢༠༠༧ ལོ་སོ་སོར་ཞབས་སོར་བཀོད་དེ་དཔལ་གཤེན་བསྟན་སྨན་རིའི་གླིང་དང་། བལ་ཡུལ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་གཉིས་ཀྱི་བསླབ་པ་སློབ་གཉེར་གནང་ཕྱོགས་ཐད་ལེགས་གསོལ་བསྔགས་བརྗོད་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༩ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༩ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 4

  1. བཀྲ་ཤིས་ལྷ་མོ། says:
    ལོ་ 14 སྔོན།

    སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་བོན་པོ་ནང་པ་མ་རེད་ཟེར་འདུག་གམ། མ་རེད་ཟེར་འདུག མིག་ལོང་ཡིན་ན་མ་གཏོགས་དེའི་ནང་དུ་ལྟོས་དང་ཤེས་ས་རེད། བཙན་བྱོལ་བོད་གཞཱུང་གིས་ག་རེ་གསུང་འདུག་མིག་ཡོད་ན་དྲ་བྱང་དེའི་ནང་དུ་ལྟོས། མཁས་དབང་ཟམ་གདོང་རིན་པོ་ཆེ་ལ་སྨ་འབབ་འདོད་པའི་ལོག་རྟོག་ཅན་ཁྱོད་བདེན་པ་གཞོམས་འདོད་ཀྱི་ལོག་རྟོག་གི་རལ་གྲི་ཁོ་ནར་ཟད་དོ། དེ་ནི་རེ་བ་སྟོང་ཟད།

    http://www.facebook.com/photo.php?fbid=223489001039039&set=a.223488977705708.67177.100001338235585&type=1&theater

    Reply
  2. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    རང་གི་ཕ་མེས་ཀྱི་རིག་གཞུང་ལས་མཆེད་པའི་བསྟན་འཛིན་གྱི་དགེ་བའི་བཤེས་གཉེན་རྣམས་ལ་འཚམས་འདྲི་ཞུ། ཁྱེད་རྣམས་ནས་བསླབ་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་མཛད་བཟང་ལས་ནོར་འཛིན་ཁྱོན་འདིར་ཞི་བདེ་དང་མཐུན་བསྒྲིལ་སོགས་དགེ་བའི་བྱ་བ་འབའ་ཞིག་གོང་ནས་གོང་དུ་འྂཕེལ་བའི་སྨོན་འདུན་ཞུའོ།།

    Reply
  3. ལོག་འཇོམས་རལ་གྲི། says:
    ལོ་ 14 སྔོན།

    གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་མཛད་སྒོ་ལེགས་གྲུབ་ལ་བཀྲ་ཤིས་བདེ་ལེགས་ཡོད། ཡིན་རུང་མཐོ་པོ་ལ་ངོ་དགའ་དང་ཉམས་ཆུང་ལ་མཐོང་ཆུང་གནང་ཞིང་། ཁྱད་པར་ད་རང་ལྟ་མཁྲེགས་འཛིན་གྱི་བོན་རྒན་དེ་དག་གིས་རྗེ་དུ་བསམ་རེ་ཤེས་པའི་རེ་བ་ཡིད་། དཔེར་ན་ཧི་མ་ལ་ཡའི་བོན་དྲ་བའི་རྩོམ་སྒྲིག་པ་ལྟ་བུ་དག་ལ་ཞུ་གི་ཡོད། དགེ་ལུགས་པ་འགའི་དབྱེན་སྦྱོར་རྟེན་ནས་ཡོངས་གྲགས་ཀྱི་མཁས་དབང་བཀའ་དྲིན་ཅན་དག་ལ་མཚན་སྨད་དང་མཛད་པ་ལ་སྒྲོ་བསྐུར་དེ་རིགས་རྗེས་སུ་མི་ཡོངས་བ་་དང་། བོན་པོ་ནང་པ་མ་རེད་ཟེར་ནས་ཚིགས་ཐག་གཅོད་མཁན་ཟམ་གདོངས་རིན་པོ་ཆེ་སོགས་ལ་མིག་ཟུར་གྱིས་གཟིགས་ན་གཟིགས་མཚུང་རེ་མཛད་ཕོད་པའི་རེ་བ་ཡོད།།

    Reply
  4. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    ཧ་ཅང་བཟང་གི་ དགེ་བཤེས་ཟེར་ན་ཐ་སྙད་ཙམ་མིན་པར་གཡུང་དྲུང་བོན་པོའི་ཆོས་ལུགས་སྙིང་བཅུད་མཐར་ཕྱིན་ཤེས་དགོས་པ་གལ་ཆེན་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese