མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་བསྲེཊ་བཏང་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༥ ཙམ་ལ་མདོ་སྨད་རྔ་པ་ཀིརྟི་དགོན་པའི་རྒྱུད་པ་གྲྭ་ཚང་གི་གྲྭ་བློ་བཟང་ཚུལ་ཁྲིམས། རང་ལོ་ ༢༠ ། ཕ་མིང་ལ་ཡེ་ཤེས། མ་མིང་ལ་ཚེ་སྒྲོན་ཡིན་པ་ཁོང་གིས་རྔ་པ་རྫོང་མཁར་སྟོད་ཕྱོགས་ཀྱི་གཞུང་ལམ་སྟེང་ངོ་རྒོལ་སྐད་འབོད་བྱེད་བཞིན་རང་ལུས་མེར་བསྲེགས་བཏང་འདུག

འདི་གར་བཏང་བའི་གནས་ཚུལ་ནང་བཀོད་དོན། “ ཁོང་གིས་རང་ལུས་མེར་བསྲེགས་གཏོང་ས་ནས་ཡར་གོམ་བགྲོད་བྱེད་བཞིན་པའི་སྐབས་དེར། ཁོང་གི་མདུན་ཕྱོགས་ནས་དྲག་ཆས་ཉེན་རྟོག་པ་སོགས་རྒྱུགས་ཡོང་སྐབས་ཁོང་མར་འཁོར་ནས་སྐད་འབོད་བྱེད་བཞིན་རྒྱུགས་ཡོད་ཀྱང་། སྐབས་དེར་དེའི་ཕྱོགས་ཀྱི་ཉེན་རྟོག་པ་ཞིག་གིས་གཞུས་ནས་ཐང་ལ་འགྱེལ་བཅུག་ཡོད་འདུག

ཉེན་རྟོག་པས་ཁོང་གི་སྐུ་ལུས་ལ་འབར་བཞིན་པའི་མེ་བསད་དེ་བཙན་ཁྲིད་བྱས་ཡོད་ཅིང་། རླངས་འཁོར་གྱི་སྒམ་ཤིང་ནང་དུ་གཡུགས་ཏེ་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་མནན་ནས་འགྲོ་སྐབས་ཀྱང་ལག་པ་གནམ་ལ་བཀྱགས་ཏེ་སྐད་འབོད་བྱེད་ཀྱིན་ཡོད་པ་དངོས་སུ་མཐོང་འདུག འོན་ཀྱང་ཁོང་གིས་འབོད་ཚིག་ཅི་ཞིག་སྒྲོག་ཡོད་མེད་ཤེས་རྟོགས་ཐུབ་མི་འདུག
ཁོང་ནི་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་ཡེ་ཤེས་ཚང་ཡིན་ཞིང་། མིང་སྲིང་བཞི་ཡོད་པའི་ནང་གི་ཆེ་ཤོས་ཡིན་འདུག་ལ། ཁོང་ལོ་ན་བརྒྱད་ཙམ་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ནས་སྐབས་དེར་ཀིརྟིའི་དགོན་ནང་བསྟན་གཞོན་ནུའི་རིགས་སློབ་ཁང་ཞེས་པའི་ཀིརྟི་དགོན་པའི་སློབ་གྲྭའི་ནང་འཛུལ་ཞུགས་བྱས་ཤིང་། ༢༠༠༣ ལོར་སློབ་གྲྭ་སྒོ་རྒྱབ་རྗེས་གསང་སྔགས་རྒྱུད་པ་གྲྭ་ཚང་དུ་ཞུགས་ནས་འདོན་ཆོས་སྤྱོད་སོགས་ལ་སློབ་སྦྱོང་རྩེར་སོན་གྱི་གྲས་ཤིག་དང་།
གཉོམ་ཆུང་ཚུལ་མཐུན་ཞིག་ཡིན་འདུག
དེ་རིང་སྔ་དྲོ་ནས་སྔར་དང་མི་འདྲ་བར་རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་ཁག་གི་འགྲམ་དུ་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་དམ་དྲག་ཆེན་པོ་བྱས་ཡོད་པ་དང་། རྔ་པ་རྫོང་མཁར་དུ་ཡོང་སའི་ལམ་ཆེ་ཆུང་ཚང་མར་ཞིབ་བཤེར་ས་ཚིགས་བཙུགས་ནས་དམ་དྲག་བྱས་ཡོད་འདུག དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢ ཉིན་འཛིན་བཟུང་བྱས་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་ལྷ་བཟོ་བློ་གྲོས་ད་བར་གང་དུ་བཀག་ཉར་བྱས་ཡོད་མེད་ཙམ་ཡང་ཤེས་རྟོགས་རྩ་བ་ནས་ཐུབ་མེད།

དེ་རིང་ནི་སྔར་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་རྔ་པ་ཀིརྟི་དགོན་པའི་རང་ལོ་ ༢༡ ཡིན་པའི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཆེད་རང་ལུས་མཆོད་འབུལ་གནང་སྟེ་ལོ་གཅིག་ཏག་ཏག་འཁོར་བའི་ཉིན་མོ་དེ་ཆགས་ཡོད།

གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

 

འབྲེལ་ཡོད་གསར་འགྱུར།

སྤྱི་ཚོགས་དྲ་གནས་ཁག་ཅིག
Mobile App

བལ་ཡུལ་གཞུང་གིས་ངོ་དེབ་དང་ཡུ་ཊུབ་ཚུད་པའི་སྤྱི་ཚོགས་དྲ་གནས་ ༢༦ བཀག་སྡོམ་བྱས།

༢༠༢༥/༠༩/༠༥
གསར་འགྱུར།

རྒྱ་ནག་དམར་གཞུང་གིས་སྤྲུལ་སྐུ་དཔལ་ལྡན་དབང་རྒྱལ་ལགས་བཙོན་ཁང་དུ་སྐུ་བཀྲོངས་ཡོད་འདུག

༢༠༢༥/༠༩/༠༤
ལྡི་ལི་བསམ་ཡས་གླིང་སོགས་སུ་ཆར་ཆུའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག  ༢༠༢༥།༠༩།༤ པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

ལྡི་ལི་བསམ་ཡས་གླིང་སོགས་སུ་ཆར་ཆུའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

༢༠༢༥/༠༩/༠༤
Front Slider

ཉིན་ལྔའི་རིང་གི་བོད་དང་ཧི་མ་ལ་ཡའི་འབྲེལ་ལམ་སྐོར་གྱི་ཚོགས་ཆེན་འཚོག་བཞིན་འདུག

༢༠༢༥/༠༩/༠༣
Mobile App

བོད་དང་ཧི་མ་ལ་ཡའི་འབྲེལ་ལམ་སྐོར་གྱི་ཚོགས་ཆེན་དབུ་འཛུགས་གནང་སོང་། 

༢༠༢༥/༠༩/༠༣
Mobile App

ཐའེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་གསར་འཛུགས་གནང་།

༢༠༢༥/༠༩/༠༣

མཆན། 8

  1. ཨ་གཙང་གནས་རྒྱམ། says:
    ལོ་ 13 སྔོན།

    ཨ་ཧ་ཧ་གཞིས་བཞུགས་སྤུན་སྟག་ཕྲུག་ཚོ་གཅིག་རེ་གཉིས་རེ་བྱས་ནས་མཆོངས་ཚར་སོང་། ད་ཅི་བྱེད། བོད་བཙན་བྱོལ་བས་སྨོན་ལམ་འདོན་པ་ཙམ་ཞིག་སྐུ་གཤེགས་དཔའ་པོའི་དགོས་དམིགས་མིན་ལ། གདུང་སེམས་མཉམ་བསྐྱེད་བྱེད་པ་ཙམ་ཞིག་དེ་བས་ཀྱང་ག་ལ་ཡིན། ཁོང་ཚོའི་་ཁ་ཆེམས་དེ་སྒྲུབ་དགོས། ཁོང་ཚོའི་སྲོག་གི་རིན་ཐང་དེ་ནམ་ཡང་བརྗེད་མི་རུང་།

    Reply
  2. གཟུ་གནས་བློ་ལྡན། says:
    ལོ་ 13 སྔོན།

    ང་ཡི་སྙིང་ཁོང་གི་དཔའ་བོ་ལགས། ང་ཚོས་ནམ་ཡང་ཁྱེད་ཀྱི་རེ་འབོད་དེ་བརྗེད་མི་སྲིད་ལ། ཇི་སྲིད་བོད་མི་རིགས་འདི་རྩ་མེད་དུ་མ་ཕྱིན་བར་ང་ཚོས་བློ་ཞུམ་མི་སྲིད་ལ། ནམ་ཡང་བོད་མི་རིགས་འདི་མཐོ་སྒང་དུ་གཟི་བརྗིད་ཀྱིས་འགྱིང་ངེར་ལངས་མ་ཐུབ་བར་དུ་ང་ཚོས་ཡོད་ཚད་བློས་གཏོང་བྱེད་པའི་དམ་བཅའ་རྡོ་རྗེ་བྲག་ལ་བརྐོས་ཡོད་ལགས། ང་ཡི་སྙིང་ཁོང་གི་དཔའ་བོ་ཁྱེད་རྣམས་བློ་བདེ་མོར་ཕྱི་མའི་ལྔ་ལམ་དུ་ཕེབས་ཤིག །བླ་མ་འོད་དཔག་མེད་ཀྱི་ཞིང་དུ་འཕགས་མཆོག་ཕྱག་ན་པད་མོས་དགྱེས་བཞིན་དུ་ཁྱེད་རྣམས་སྐྱོང་བར་ཤོག །ང་ཡི་སྙིང་ཁོང་གི་དཔའ་བོ་ལགས། ངས་དཔའ་རྒོད་རེ་རེ་འདི་ལྟརགཟི་བརྗིད་དཔའ་སྐད་འཐེན་བཞིན་བཤེགས་པ་མཐོང་སྙིང་རྡོག་དམར་པོ་ལས་མཆེད་པའི་མིག་ཆུའི་ཐིགས་པ་རེ་རེས་ཕེབས་སྐྱེལ་བྱས་ཡོད། ང་སྙིང་ཁོང་གི་དཔའ་བོ་ལགས། ང་ཚོས་ནམ་ཡང་དམ་ཚིག་མཐུན་པའི་མི་འགྱུར་རྡོ་རྗེ་སྤུན་གྲོགས་སུ་སྐྱེ་བར་ཤོག །།

    Reply
  3. སྦྲ་གསར་དཀར་ལོ། says:
    ལོ་ 13 སྔོན།

    བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་རྣམས་པ་ལགས་་་་་་་་་་་་་་ངོ་མ་ཁྱེད་ཚོས་མི་རིགས་ལ་བཅང་བའི་རྩེ་སེམས་དང་སྙིང་སྟོབས་དང་ལ་ཞེན་སོགས་ལ་ང་ཚོས་ཇི་ལྟར་གུས་འདུད་ཞུ་དགོས་པ་ཡང་ཤེས་ཀྱིན་མི་འདུག་་་་་་་་་་་་་་་་་་་་་་གང་ལྟར་ཕྱི་སྡོད་བོད་རིགས་ཚོ་་་་་་་ད་ང་ཚོ་ཚང་མ་ལང་རན་རེད་་་་་་་་་་་་་་ཡར་ལ་ལོངས་ཤོག་

    Reply
  4. ཤར་ཕྱོགས་དུག་སྨྱུག says:
    ལོ་ 13 སྔོན།

    ངའི་སེམས་ཁྱོད་དང་མཉམ་དུ་ཡོད་ཁྱོད་ཀྱི་བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པས་སྨོན་འདུན་ཞུ།བོད་རྒྱལ་ལོ་བོད་རྒྱལ་ལོ་བོད་རྒྱལ་ལོ།

    Reply
  5. ཤིང་ལོ། says:
    ལོ་ 13 སྔོན།

    བསམ་བསམ་དུས། མི་འདི་མི་དང་མི་འདྲ་ཞིང་། མི་འདི་མི་ཡུལ་གྱི་འཚོ་བ་ལའང་སྲེད་ཀྱི་མི་འདུག དངོས་གནས་མི་ཡིན་ནམ།

    Reply
  6. རྒྱང་ལྟ། says:
    ལོ་ 13 སྔོན།

    གནས་ཚུལ་འདི་ཚོ་ཚང་མ་ཚ་ཐོག་ལ། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ལ་ཐབས་བརྒྱ་ཇུས་གཏོང་གིས་ཁྱབ་ཐབས་བྱ་དགོས། ནུབ་ཕྱོགས་ཁག་གི་རྒྱ་ཡིག་གི་བརྒྱུད་ལམ་ཁག་དང་།དབྱིན་ཡིག་གི་བརྒྱུད་ལམ་ཁག་ལ་བཀྲམས་པར་དྲིལ་བསྒྲགས་དང་། བོད་མིའི་གསར་འགོད་མཐུན་ཚོགས་ཀྱིས་འགན་བཞེས་དགོས། བོད་ཀྱི་རྩོམ་པ་པོ་དེ་དག་གིས་ཀྱང་དཔྱད་བརྗོད་སྤེལ་དགོས། དཔྱད་བརྗོད་དེ་རིགས་བཙན་བྱོལ་ནང་གི་དབྱིན་དགེ་ཚད་ལྡན་ཚོས་ཕབ་བསྒྱུར་གྱིས་གསར་ལམ་ཁག་ལ་བཀྲམས་དགོས། ཕྱོགས་ཡོང་ནས་མཉམ་རུབ་ཀྱི་མགོ་འཛུགས་ཤིག་བྱ་དགོས། བཀའ་ཤག་གིས་དམིགས་བསལ་ལས་འགུལ་བཀོད་སྒྲིག་ཚོགས་ཆུང་ཞིག་ཀྱང་འཛུགས་དགོས་པ་མིན་ནམ།

    Reply
  7. བདེ་རྒྱལ། says:
    ལོ་ 13 སྔོན།

    བུ་རྒོད་པོ། དཔའ་བོའི་གདུང་རྒྱུད། མི་རིགས་ཀྱི་བླ་སྲོག མི་རབས་ནས་མི་རབས། ཚེ་རབས་ནས་ཚེ་རབས། བོད་མི་ཁོག་གི་སྙིང་གསོན་པོ། ཁྱེད་ཅག་གི་བྱས་རྗེས་ཀྱི་ཤུལ་ང་ཚོས་ནམ་ཡང་མི་ཟུབ། ཁྱེད་ཅག་གཤེགས་ས་བོད་མི་ཁྲི་དྲུག་བརྒྱའི་སེམས་ངོགས་ན་ཅི་འདྲའི་གསེར་མདོག་ཅིག་་་་་་་་་་་་་་་་

    Reply
  8. གླག་སྨྱོན། says:
    ལོ་ 13 སྔོན།

    ད་ང་ཚོས་ཅི་བྱེད་དགོས་སམ་ཅི་བྱེད་རྒྱུ་ཡོད་གི བོད་ནས་འདི་ལྟར་བྱས་ན་ང་ཚོ་ཡང་རང་དགར་སྡོད་དུ་མེད་ཁོ་ཐག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese