མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མྱ་ངན་འཚམས་འདྲི།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp


རེབ་གོང་ས་ཁུལ་གྱི་གྲོང་སྡེ་ཁག་གི་སྐུ་ཚབ་དང་མི་སྒེར་ཧ་ཅང་མང་པོ་ཉིན་འདི་འགར་རང་ལུས་མེར་བསྲེགས་གཏོང་མཁན་དག་ལ་མྱ་ངན་ཐུགས་གསོར་སྐྱོད་བཞིན་ཡོད་འདུག

འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། གཟའ་ལྷག་པའི་ཉིན་སྐུ་ལུས་མཆོད་འབུལ་གནང་མཁན་རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་སུ་གདུང་སེམས་མཉམ་སྐྱེད་ཆེད་སྙུན་འདྲིར་སྐྱོད་མཁན་ས་ཕྱོགས་གང་ས་ནས་ཕེབས་བཞིན་ཡོད་པ་མ་ཟད། དེ་ཡང་སྒེར་ངོས་དང་སྡེ་བ་དང་སྡེ་བའི་ཚབ་དང་རེབ་གོང་སྤྱིའི་ཚབ་བྱས་ཏེ་ཕེབས་བཞིན་ཡོད་འདུག

མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་རུ་ཁག་ཅིག་དང་ས་གནས་ཀྱི་ལས་བྱེད་བཅས་ཡོང་སྟེ། འཇམ་དབྱངས་དཔལ་ལྡན་ལགས་ཀྱི་སྤུན་མཆེད་དགེ་བཤེས་དགེ་ལེགས་ལ་ཁོང་འདི་ལྟར་བཞག་མི་ཆོག་པ་དང་སྨན་བཅོས་ཆེད་རྒྱ་གཞུང་ལ་རྩིས་སྤྲོད་བྱ་དགོས་པ། འདི་ལྟར་རང་ཤག་དུ་ཉར་བ་ནི་སངས་རྒྱས་ཆོས་ལུགས་དང་འགལ་བ་མ་ཟད་རྒྱལ་ཁབ་གྱི་རྩ་ཁྲིམས་ལའང་འགལ་ཡོད་སྐོར་བརྗོད་ཡོད་ཀྱང་། སེར་སྐྱ་མང་ཚོགས་ཀྱིས་ཁོང་རྒྱ་ལག་ཏུ་མི་ཤོར་ཆེད་ཉིན་མཚན་བསྟུད་མར་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། རྒྱ་གཞུང་གི་ཁ་ལ་མ་ཉན་པས་རེབ་ཁོང་ས་གནས་སྨན་ཁང་གི་འགན་འཛིན་ཨོ་རྒྱན་དང་སྨན་པ་རྡོ་རྗེ་སོགས་སྨན་པ་ཁག་ཅིག་ནས་སྨན་བཅོས་བྱེད་བཞིན་ཡོད་འདུག སྨན་པས་སྲོག་ལ་ཉེན་ཁ་མེད་ཚུལ་བརྗོད་ཀྱི་འདུག

དེ་མཚུངས་སུ་ཞིང་གི་ལས་བྱེད་དང་ས་གནས་ཀྱི་རྗོང་དཔོན་སོགས་སྔ་དགོང་གཉིས་ཀར་རེབ་གོང་༸ཤར་སྐལ་ལྡན་རྒྱ་མཚོའི་མདུན་ལ་བཅར་སྟེ་མི་དམངས་དང་། གྲྭ་མང་སོགས་ལ་བསླབ་བྱ་རྒྱག་དགོས་ཚུལ་སྐུལ་མ་གཏོང་བཞིན་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་རང་ལུས་མེར་བསྲེགས་བཏང་མཁན་མི་སྐྱ་བསོད་ནམས་དར་རྒྱས་ལགས་ཀྱི་ནང་མིར་ཐུགས་གསོིའི་མྱ་ངན་འཚམས་འདྲིར་རེབ་གོང་སྤྱིའི་སྐུ་ཚབ་དང་སྡེ་བ་སྡེ་བའི་སྐུ་ཚབ་སྒེར་སོ་སོ་བཅས་ནས་ཕེབས་བཞིན་པ་མ་ཟད། གཅན་ཚ་ནང་ར་སོགས་ས་གནས་ཁག་མང་པོ་ནས་རླངས་འཁོར་ནང་འབྲུ་རིགས་སྐྱེལ་འདྲེན་གྱིས་སྟེང་དུ་རས་དར་ཐོག་གྲོང་སྡེ་དང་མི་སྒེར་སོ་སོའི་མིང་བཀོད་དེ་འབུལ་བཞིན་ཡོད་འདུག

གཞན་ཡང་རེབ་གོང་སྒོ་དམར་སྡེ་བ་ཁག་ཅིག་ནས་ཁྱིམ་ཚང་རེར་ནས་རྒྱ་སྒོར་ ༡༠༠ རེ་བསྡུས་ཏེ་མྱ་ངན་སེམས་གསོར་སྐྱོད་འདུག་ལ། གཞན། མི་སྒེར་དང་ཚོང་པ་ཁག་ནས་རྒྱ་སྒོར་སྟོང་ཕྲག་འགའ་རེ་བཅས་དེ་རིང་འདས་བོ་ཤ་སྦྲང་སོད་ནསམ་དར་རྒྱས་ལགས་ཀྱི་གྲོང་སྡེའི་ནང་སྦག་སྦག་དང་རླངས་འཁོར་མང་པོས་ཁེངས་འདུག ཅེས་དངོས་སུ་མཐོང་ཞིག་ཞིག་གིས་བརྗོད་འདུག

བསོད་ནམས་དར་རྒྱས་ལགས་ཀྱི་སྐུ་ལུས་མེ་སྦར་བཞིན་པའི་སྐབས། དམག་མི་ཞིག་གིས་མེ་གསོད་རྩིས་བྱས་དུས་མགྲོན་ལུང་སྡེ་བའི་རྡོ་རྗེ་ཐར་ཟེར་བ་རང་ལོ་༤༠ ཡིན་པ་ཁོང་གིས་མེ་མ་གསོད་རོགས་ཞེས་བརྗོད་དེ། དམག་མི་དེའི་རྒྱབ་ལོག་ནས་ལག་པས་འཐམ་པར། དམག་མི་གཞན་ཞིག་གིས་རྒྱབ་ལོགས་ནས་མེ་འདའ་རྒྱབ་སྟེ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ། ད་ལྟ་ཟི་ལིང་གྲོང་ཁྱེར་གྱི་སྙིང་རྗེ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་འདུག

དེ་ལ་རྒྱ་དམར་འཁྱོག་བརྗོད་བྱས་ཏེ། བསོད་ནམས་དར་རྒྱས་ཀྱིས་རང་ལུས་མེར་བསྲེགས་སྐབས་སྣུམ་ཧ་ཅང་མང་པོ་འཐུང་ཡོད་སྟབས། མེ་འབར་ནས་སྐར་མ་གཅིག་གཉིས་རྗེས་སྐུ་ལུས་གས་འཐོར་བྱུང་སྟེ། གྲོད་ཁོག་ནས་དངོས་པོ་ཞིག་གིས་ཁོང་གི་འཆན་ཁུང་ལ་ཕོག་སྟེ་རྨས་སྐྱོན་བཟོས་ཚུལ་བསྒྲགས་འདུག་མོད། འོན་ཀྱང་ཁ་སང་ཕྱི་དྲོར་སྨན་ཁང་ནང་མེ་མདའི་མདེའུ་བཏོན་འདུག་ཅིང་ཚེ་སྲོག་ལ་ཉེན་ཁ་མེད་ཚུལ་བརྗོད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༩ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༢ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༣ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 8

  1. མི་ཞུན། says:
    ལོ་ 14 སྔོན།

    དེ་རིང་ཁ་སང་བོད་རང་བཙན་ཡིན་དགོས་པའི་སྐད་ཤུགས་ཀྱི་འབོད་སྒྲ་ངར་མོ་འདི་བོད་ཁམས་ཐམས་བཅད་ལ་ཁྱབ་པའི་རླུང་བུ་བཞིན་དུས་ནས་དུས་སུ་ཇེ་འཚུབ་དང་ཇེ་ཆེ་ལ་འགྲོ་བཞིན་པའི་དཔང་རྟགས་ངོ་མ་ཞིག་ནི་ཧ་ཅང་ཧ་ཅང་གི་གྲོང་གསེབ་ཅིག་ནས་འཚར་བའི་ལོ་བཞི་བཅུ་ཅན་གྱི་གོང་འཁོད་དཔའ་བོ་རྡོ་རྗེ་ཐར་ལགས་ཀྱི་སྙིང་སྟོབས་དེ་ལས་ཀྱང་གསལ་བོ་མཐོང་ངེས་པ་ཡིན། དཀོན་མཆོག་གིས་མཁྱེན། ཤི་བོ་ལ་འཇིགས་སྣང་དང་གསོན་པོ་ལ་བར་ཆད་མེད་པར་ཤོག
    ད་ལྟ་དངོས་གནས་ཉིན་རེའི་གསར་འགྱུར་ལ་ལྟ་བར་ཡང་སྐྲག་སྣང་ཡོང་ནི་ཞིག་རེད།

    Reply
  2. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 14 སྔོན།

    གསར་འགོད་པ་ལགས། ཁྱེད་ཀྱི་གསར་འགྱུར་ནང་བཀོད་པའི་གཤམ་གསལ་དུམ་བུ་གང་རུང་ཞིག་ནང་བྲིས་ནོར་ཤོར་ཡོད་པ་འདྲ།

    “འདས་པོ་འཇམ་དབྱངས་དཔལ་ལྡན་ལགས་ཀྱི་སྤུན་མཆེད་དགེ་བཤེས་དགེ་ལེགས་ལ་ཁོང་འདི་ལྟར་བཞག་མི་ཆོག་པ་དང་སྨན་བཅོས་ཆེད་རྒྱ་གཞུང་ལ་རྩིས་སྤྲོད་བྱ་དགོས་པ།”

    “སྨན་པས་སྲོག་ལ་ཉེན་ཁ་མེད་ཚུལ་བརྗོད་ཀྱི་འདུག”

    Reply
  3. རང་སྟོན། says:
    ལོ་ 14 སྔོན།

    མེ་རྒོལ་དམར་པོ་སྟོབས་ཀྱིས་དགུང་ལ་འཕྱོ་དུས
    དམར་པོའི་དར་དམར་ལྷབ་ལྷུབ་དུ་འདར་ཞིང
    དམར་སྲུང་དམག་ཤུགས་ཅིག་ཅིར་དུ་ཉམས་འགྲོ
    ཁོང་ཚོ་ལ་སྐར་ལྔའི་དར་དམར་འདེགས་ཐུབ་མེད་ལ
    ཚེགས་སྒྲ་རྐང་གཅིག་གི་ནུས་བ་ཡང་གསོད་ཐུབ་མེད
    དེ་དུས་བདེན་པའི་རྒྱབ་ལངས་བྱེད་མཁན་གྱི་མགྲོན་ལུང་ཚང་གི་མི་བུ་རྡོ་རྗེ་མཁར་ཁྱེད་ཀྱིས་ཀྱང་རང་ཉིད་ཀྱིས་འཁུར་འོས་བའི་དམར་སྲུང་དམག་གི་མེ་མདའི་སོ་ཁ་ནས་གསེད་པའི་ན་ཟུག་དེ་བཀྱགས་ནས་གང་སེང་གི་དར་ཆ་ལ་གུས་འདུད་ཞུས་ཆོག་ཆོག་ཡིན།

    Reply
  4. འཇིག་རྟེན་ says:
    ལོ་ 14 སྔོན།

    དངོས་དོན་གྱི་དཔའ་པོ་དང་དངོས་དོན་གྱི་འཐབ་རྩོད་བ་ནི་རེབ་གོང་རིགས་བའི་གྲོང་གྱི་སེར་མོ་བ་དང་སྙན་ངག་པ་སྒྱུ་སྩལ་པ་གཞས་པ་དག་ཡིན་ཞིང་འདི་དག་གི་མི་ཚེའི་རྒྱུ་རིམ་གྱི་དཀའ་སྡུག་ཁྲོད་ཆེས་མངར་སྐྱིར་གྱི་འཚོ་བ་དེ་ཡང་རྒྱུན་ལྡན་ཡིན་་་་་་ཡིན་ན་ཡང་དུས་རྟག་ཏུ་མི་རིགས་དང་རིག་གཞུང་ཁོར་ཡུག་རང་དབང་སོགས་ཀྱི་ཆེད་དུ་ཐུན་གསུམ་གྱི་སྨྲ་ལྕེ་དེ་ལ་ལྷོད་པ་མེད

    Reply
  5. ཤུལ་ལུང་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱ་འདི་ཚང་གི་ཁ་ཐལ་གྱིས་ཆོད།

    Reply
  6. བྱ་གཞུང་འཇམ་བྷེ says:
    ལོ་ 14 སྔོན།

    བོད་པ་བསྟན་ཆབ་སྲིད་ཀྱི་ཆེད་དུ་རང་ལུས་མཆོད་མེར་ཕུལ་མཁན་འཇམ་དབྱངས་དཔལ་ལྡན་ལགས་ལ་སྨན་བཅོས་ལམ་འགྲོ་བའི་སྨོན་འདུན་དང་བཅས་སྙིང་ཁོང་རུས་བའི་གཏིང་ནས་གུས་མདུད་ཞུ།

    རྒྱལ་གཅེས་དཔའ་བོ་འདས་བོ་བསོད་ནམས་དར་རྒྱས་ལ་མྱ་ངན་གུས་མདུད་དང་་་ཁྱད་པར་དུ་ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་སྙིང་ཁོང་ནས་ཁྱེད་རྣམས་ཀྱི་བྱ་ལམ་འགྲོ་ཡོངས་བའི་སྨོན་འདུན་ཞུ།

    Reply
  7. ཤིང་ལོ། says:
    ལོ་ 14 སྔོན།

    བོད་དད་པ་ཅན་དང་དམ་ཚིག་ཅན།།
    བོད་ཕྲེང་བ་ཅན་དང་གོང་བ་ཅན།།
    བོད་སྙིང་རྗེ་ཅན་དང་བླ་སྲོག་ཅན།།
    བོད་ཡིད་ཆེས་ཅན་ཕྱི་ཐག་ཅན།།

    Reply
  8. ཨུ་ཚུགས་ཅན། says:
    ལོ་ 14 སྔོན།

    གཅིག་རྒྱབ་གཅིག་ལང་གི་མཐུན་སྒྲིལ་ལ་བསྟོད་བསྔགས་དང་བོད་ཀྱི་དཔའ་བོ་དཔའ་མོ་རྣམ་པར་སྙིང་ཐག་པ་ནས་མྱ་ངན་གུས་འདུད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese