མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབོ་ར་ཡར་ལངས་བརྒྱབ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་
སྔ་དྲོར་མདོ་སྨད་འབོ་ར་དགོན་པའི་དགེ་འདུན་པ་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་ས་གནས་ཞང་སྲིད་གཞུང་གི་སྒོ་ཁར་ཕྱིན་ཡོད་ཅིང་། ད་ཆར་རྒྱ་དམག་གིས་དགོན་པའི་ཕྱོགས་ཡོངས་དམ་དྲག་བྱས་ཡོད་འདུག  

ད་ལྟ་རང་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ་བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ། འབོ་ར་དགོན་པའི་གྲྭ་མང་རྣམས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་འཕྱར་བཞིན། བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། སྐད་ཡིག་རང་དབང་དགོས་པ་སོགས་སྐད་འབོད་བྱེད་ཀྱིན། འབོ་ར་ཞང་སྲིད་གཞུང་གི་སྒོ་ཁར་བསྐྱོད་དེ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ད་ཆར་འབོ་ར་དགོན་པའི་ཕྱོགས་ཡོངས་རྒྱ་ནག་གི་དྲག་ཆས་དམག་མིས་བསྐོར་ཡོད་པ་ཙམ་ལས། ངོ་རྒོལ་སྐད་འབོད་ཁྲོད་གནས་ཚུལ་ག་རེ་བྱུང་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ད་སྔ་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཟེར།

འདི་ལོའི་ལོ་གསར་སྐབས་རྒྱ་གཞུང་གིས་འབོ་རའི་ཁྱིམ་ཚང་རེ་ལ་རྒྱ་སྒོར་ ༥༠༠༠ རེ་སྤྲད་དེ་ལོ་སར་གཏོང་རྒྱུར་སྐུལ་འདེད་བྱས་ཡོད་པ་དང་། ཉེ་ཆར་བཅོ་ལྔའི་མཆོད་པའི(ཆོ་འཕྲུལ་དུས་ཆེན།) ཉིན་འབོ་ར་དགོན་པའི་ནང་༧གོང་ས་མཆོག་གི་སྐུ་པར་སྒྲིག་ཤོམ་བྱས་པར་དམ་དྲག་བྱུང་ཡོད་སྟབས། ས་གནས་སྲིད་གཞུང་དང་དགོན་པའི་བར་འགལ་བ་ཛ་དྲག་ཏུ་གྱུར་ཡོད་འདུག

༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་ནང་འབོ་ར་སེར་སྐྱ་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་པ་ནས་མགོ་བཙུགས་ཏེ་ད་བར་ངོ་རྒོལ་སྔ་རྗེས་སུ་བྱུང་ཡོད་སྟབས། རྒྱ་གཞུང་གིས་དུས་རྒྱུན་འབོ་ར་དགོན་གྲོང་གཉིས་ལ་དམ་དྲག་ནན་མོ་བྱེད་ཀྱི་ཡོད་འདུག

གསར་འགོད་པ། བནྟེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༨ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

མཆན། 8

  1. འབྲུག་དཀར ། says:
    ལོ་ 15 སྔོན།

    དོན་དམ་གྱི་དཔའ་བོ་ཚོ། བདེན་པའི་གནས་ལུགས་ཤིག་གི་ཆེད་དུ་དམྱལ་བ་ལ་མཆོང་དགོས་ཀྱང་ཕྱིར་མིག་ཙམ་ཡང་མེད་པར་མཆོང་ཆོག་ཆོག་གི་ཁྱེད་ཅག ང་ཚོ་སྐྱོབ་མཁན་ཁྱེད་ཅག་ལས་གཞན་སུ་ཡང་མིན་པ་ང་ཚོས་ཤེས་ཡོད། ཁྱེད་ཅག་ང་ཚོའི་དུས་གསུམ་གྱི་བདག་པོ་ཡིན་པ་ཡང་ཤེས་ཡོད

    Reply
  2. དཔའ་རྩལ་སྟོང་འབར། says:
    ལོ་ 15 སྔོན།

    བོད་ནང་གི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་མཐོང་ཡོང་དུས་ངོ་མ་སེམས་ནས་བཟོད་དཀའ་བ་ཞིག་རེད་འདུག

    Reply
  3. གཡུ་དྲུག་དཀར། says:
    ལོ་ 15 སྔོན།

    འབོ་ར་ཟེར་བ་འདིར་ཐབས་ཤེས་སྣ་མང་འཛོམས་པའི་དཔའ་རྒོལ་ཡོད་ས་ཤིག་ཡིན།
    ཉིས་སྟོང་བརྒྱད་ལོར་འབོ་རས་རྟ་ཐོག་ངོ་རྒོལ་དེ་འཛམ་གླིང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རླུང་ལྟར་ཁྱབ་ཅིང་། རྟ་ཐོག་ངོ་རྒོལ་ལ་མི་མང་གིས་དོ་སྣང་གསར་བ་ཞིག་བྱས་ཡོད། འདིར་གསར་འགོད་པས་སྐད་ཆ་སྐོར་ཞིག་དགོད་བྲོ་བ་ཞིག་བཀོད་འདུག་མོད།
    གནས་སྐབས་མི་གླེང་བར་བྱ། ཚིག་ཐུང་འདི་འདྲ་ཞིག་གི་ནང་དུ་དོན་སྐྱོན་རི་འདྲ་བ་མི་ཡོང་ཆེད་རྗེས་སུ་དོ་སྣང་གནང་རོགས།

    Reply
  4. ཤིང་ལོ། says:
    ལོ་ 15 སྔོན།

    བོད་ཀྱི་བདེན་པ་ནི་སུས་གླེང་ན་ཆོག་ལ། སུས་སྲུང་ནའང་ཆོག

    Reply
  5. ལྕགས་ཀྱི་མྱི། says:
    ལོ་ 15 སྔོན།

    འབོ་ར་བ་རྣམས་ལ་གདུང་སེམས་གཉམ་བསྐྱེད་དང་མྱ་ངན་གུས་འདུད་ཞུ། ཁྱེད་ཅག་གི་ཚེ་སྲོག་ལ་བར་ཆད་མེད་པར་སྨོན། གཟབ་གཟབ་གྱིས་ཨ་མའི་བུ་རྣམས།

    Reply
  6. བསང་ཆུ་འབྲུག་བྷེ། says:
    ལོ་ 15 སྔོན།

    ཕ་ཡུལ། ང་ཚོ་ཁ་ཐག་གིས་ཅི་འདྲའི་ཆོད་ཀྱང་རྒྱང་རིང་རྒྱང་རིང་ན་ཁྱེད་ཚོ་དང་མཉམ་དུ་་སྙིང་གསོན་པོ་དེ་འཕར་ལྡིང་བྱས་ནས་ཡོད། ཁྱེད་ཚོའི་དཔའ་སྤོབས་དང་མདུན་བསྐྱོད་ལ་བསམ་ན། ང་རང་མྱུར་དུ་ཁྱེད་ཀྱི་པང་ལ་ལོག་ཐུབ་ངེས།

    Reply
  7. བློ་བཟང་། says:
    ལོ་ 15 སྔོན།

    གནས་འདི་ནི་ཆབ་སྲིད་ཀྱི་གྲགས་འགུལ་ཆེ་ས་ཞིག་ཡིན། ས་བྱི་ལོར་གནས་འདི་ནས་མེ་ལྕེ་ཞིག་མཆེད་དེ་བཙན་པོའི་གདུང་རྒྱུད་ཡིན་པའི་དཔང་རྟགས་བཞག་ཡོད།

    Reply
  8. འདྲེ་མེ་འབུད། says:
    ལོ་ 15 སྔོན།

    མེ་མདའི་ཁ་ཡི་མི་རིགས་འདི། དངོས་གནས་ཛ་དྲག་རེད། དངོས་གནས་རླབས་ཆེན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese