ཁ་སང་ཕྱི་ཚེས་ ༢༠ ཉིན་འབར་མའི་རྒྱལ་ས་རན་གྷོན་ (Rangoon) དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཀྱིས། ད་ལོའི་ཕྱི་ཟླ་ ༤ ཚེས་ ༡ ཉིན་ནས་འབར་མའི་གྲོས་ཚོགས་འཐུས་མིའི་འོས་བསྡུ་བྱ་རྒྱུ་ཡིན་པ་ལྟར། སྐབས་དེའི་འོས་བསྡུ་དྲང་བེད་སྤྱོད་དང་ཕྱི་གསལ་ནང་གསལ་ཐོག་འགྲོ་ཐུབ་པ་བྱ་རྒྱུ་ཡིན་པ་དང་། སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོ་མཐུན་ཚོགས།ཨ་རི་སོགས་ཀྱི་ཞིབ་བཤེར་འཐུས་མི་ཡོང་སྟེ། དངོས་གཞིའི་འོས་བསྡུར་རང་དབང་ཐོག་རྟོག་ཞིབ་བྱ་རྒྱུར་མགྲོན་འབོད་བྱས་ཡོད་ཚུལ་བརྗོད་འདུག ཆབ་སྲིད་དཔྱད་བརྗོད་པ་དག་གིས་བྱེད་སྟངས་དེ་ཆུང་ཆུང་ཞིག་ཡིན་ཡང་།དམངས་གཙོ་བཅོས་བསྒྱུར་གྱི་མཚོན་རྟགས་རླབས་ཆེན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་འདུག
འཆར་ཟླའི་འབར་མའི་གྲོས་ཚོགས་འོས་བསྡུའི་ནང་གྲོས་ཚོགས་འཐུས་མི་ ༤༨ འོས་འདེམས་བྱ་དགོས་ཀྱི་ཡོད་འདུག་ལ། དེར་འབར་མའི་དམངས་གཙོ་དོན་གཉེར་བ་ལྩམ་ཨུང་སན་སུའུ་ཀེ་དང་ཁོང་གི་དམངས་གཙོ་ཚོགས་པ་ཡང་མཉམ་ཞུགས་བྱེད་ཀྱི་ཡོད་འདུག ཐེངས་འདི་ནི། འབར་མའི་འོས་བསྡུར་རྒྱལ་སྤྱིའི་རྟོག་ཞིབ་པ་སྐད་བཏང་པ་ཐོག་མ་དེ་ཆགས་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།
བོད་པའི་མེར་བསྲེགས་རྒྱལ་སྤྱིས་མི་མཐོང་གི །།
འབར་མའི་འོས་བསྡུར་རྒྱལ་སྤྱི་ཐོན་འཇོག་གི །།
དྲང་བདེན་ཟེར་བའི་ཡིག་འབྲི་གཉིས་པོ་འདི།།
དུས་རབས་འདི་ལ་རི་བོང་ར་ཅོ་རེད། །
ད་འབར་མ་རྨོངས་གཉིད་ལས་སད་སོང་ཞིང་། དེ་དང་མཉམ་དུ་རྒྱ་ནག་ཀྱང་སད་པར་ཤོག