མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་ཞལ་ཆེམས།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱལ་ས་ལྡི་ལིར་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས། དོན་ཚན་ ༥ ཅན་གྱི་ཞལ་ཆེམས་ཡི་གེ་ཞིག་བཞག་འདུག

དེ་རིང་ཕྱི་ཚེས་ ༢༧ རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེས་ལགས་ཀྱིས་བཞག་པའི་དོན་ཚན་ ༥ ཅན་གྱི་ཞལ་ཆེམས་ཡི་གེ་ཞིག རྒྱལ་ས་ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར་གྱི་རྩིག་ངོས་དག་དང་། རྒྱ་སྤྱིའི་གནས་འཕྲིན་དྲ་རྒྱ་ངོ་དེབ་སོགས་ཀྱི་སྟེང་དུ་སྦྱར་འགྲེམས་བྱས་འདུག་པས། འདི་ག་གསར་འགོད་པས་རྒྱལ་གཅེས་དཔའ་བོ་ཁོང་གི་ཞལ་ཆེམས་དེ་ཅི་ལྟར་ལག་སོན་བྱུང་ཡོད་མེད་ཐད། ཁོང་གི་གྲོགས་པོ་བཀྲ་ཤིས་དོན་འགྲུབ་ལགས་སུ་སྐད་དྲིས་སྐབས། ཞལ་ཆེམས་ཡི་གེ་དེ་ནི་དེ་རིང་སྔ་དྲོ་རྒྱལ་གཅེས་དཔའ་བོ་ཁོང་གི་སྤུན་མཆེད་ཚེ་རིང་ལོ་བརྒྱ་ལགས་ཀྱིས་རྙེད་སོན་བྱུང་སྟེ་ལྡི་ལི་ས་གནས་གཞོན་ནུ་ལ་ཕུལ་བ་ཞིག་ཡིན་འདུག 

དོན་ཚན་ ༥ ཅན་གྱི་ཞལ་ཆེམས་ཡི་གེ་དེའི་ནང་། “ གཅིག འཛམ་གླིང་ཞི་བདེ་དེད་དཔོན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བརྟན་པར་ཤོག བོད་ལ་གདན་འདྲེན་ཞུ་དགོས། ཤ་རུས་གདོང་རྒྱུད་གཅིག་པའི་སྤུན་ཟླ་ཚོ་མཉམ་འཛོམས་བྱས་ནས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕོ་བྲང་པོ་ཏ་ལའི་མདུན་དུ་འབྲུག་སྒྲ་གྲགས་པ་ནང་བཞིན་ཡོང་བའི་སྨོན་ལམ་དང་ཡིད་ཆེས་བརྟན་པོ་ཡོད། གཉིས། སྤུན་ཟླ་ཚོ། མ་འོངས་བདེ་བ་དང་མདུན་ལམ་བསམས་ན་ལ་རྒྱ་དགོས། ལ་རྒྱ་ནི་མི་རིགས་ཤིག་གི་བློ་སྲོག་ཡིན། ད་དུང་དྲང་བདེན་འཚོལ་བའི་སྤོབས་པ་ཡིན། མ་འོངས་བདེ་བའི་སྣ་འདྲེན་ཡང་ཡིན། སྤུན་ཟླ་ཚོ།  འཛམ་གླིང་མི་མང་འདྲ་མཉམ་འཚོལ་བའི་བདེ་སྐྱིད་བསམ་ན། ལ་རྒྱ་ཟེར་བའི་ཚིག་འདི་སེམས་ལ་བཅངས་དགོས། བྱ་བ་ཆེ་ཆུང་སོགས་ལ་འབད་བརྩོན་གནང་དགོས། སྤྱིར་ལ་རྒྱ་ནི་བདེན་རྫུན་འབྱེད་བའི་ཤེས་རབ་ཡིན། གསུམ། རང་དབང་ནི་སྲོག་ལྡན་ཡོངས་ཀྱི་བདེ་སྐྱིད་གཞི་མ་ཡིན། རང་དབང་མེད་ན་རླུང་ནང་མར་མེ་འབར་བ་ནང་བཞིན་ཡིན། བོད་མི་ས་ཡ་དྲུག་གི་ཁ་ཕྱོགས་འདྲ་བོ། ཆོས་ཁ་གསུམ་གྱི་སྤྲུན་ཟླ་ཚོས་ནུས་ཤུགས་གཅིག་ཏུ་བསྒྲུབ་པ་ལ་འབྲས་བུ་ཐོབ་པ་ང་ཚོས་ཤེས་གསལ་རེད། སེམས་ཤུགས་མ་ཆགས་རོགས། བཞི། གུས་པས་བརྗོད་པ་ནི་བོད་མི་ས་ཡ་དྲུག་གི་གནས་དོན་ཞིག་ཡིན། མི་རིགས་ཀྱི་མཐའ་བརྩོད་སྐབས་དགོས་པ་ནི། དཔའ་འབྱོར་ཡོད་ན་བེད་སྤྱོད་གཏང་བའི་དུས་ཚོད་རེད། ཡོན་ཏན་ཡོད་ན་ནུས་པ་སྒྲིལ་དགོས་པའི་ཛ་དྲག་གི་དུས་ཚོད་ལ་སླེབས་པ།  སྲོག་ཡོད་ན་རང་སྲོག་བློས་གཏང་བའི་ཉིན་མོ་རེད་དྲན་གྱི་ཡོད།  དུས་རབས་ཉི་ཤུ་རྩ་གཅིག་ནང་ལ་མི་ལུས་རིན་ཆེན་མེ་ལ་འཕུལ་བ་ནི། འཛམ་གླིང་མི་མང་ལ་བོད་མི་ས་ཡ་དྲུག་གི་སྡུག་བསྔལ་དེ་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་མེད་པའི་རྟགས་མཚན་ཡིན། ཤ་ཚ་སྙིང་རྗེ་ཡོད་ན་ཉམས་ཆུང་བོད་མི་ལ་གཟིགས་རོགས་གནང་། ལྔ། ང་རང་ཚོའི་ཕ་མའི་ཆོས། རིགས་པའི་གཞུང་ལུགས་དང་སྐད་ཡིག་སོགས་ལ་རང་དབང་དགོས། འཛམ་གླིང་མི་མང་ཐོབ་ཐང་འདྲ་མཉམ་དགོས། འཛམ་གླིང་མི་མང་ང་ཚོའི་རྒྱབ་ཏུ་ལངས་ཤོག བོད་ཀྱི་བདག་པོ་བོད་མི་ཡིན། བོད་རྒྱལ་ལོ།” ཞེས་བྲིས་འདུག

གཞན་ཡང་། ཞལ་ཆེམས་ཡི་གེ་དེའི་མཇུག་ཏུ་རྟའུ་འཇམ་དཔལ་ཡེ་ཤེས་ནས་ཕུལ་ཞེས་རྒྱལ་གཅེས་དཔའ་བོ་ཁོང་གི་མཚན་བཀོད་ཡོད་པ་མ་ཟད། ཡི་གེ་དེའི་སྟེང་ཕྱོགས་མཐའ་ཟུར་དུ་ཕྱི་ལོ་  ༢༠༡༢ ཟླ་ ༣  ཚེས་ ༡༦ ཉིན་བྲིས་པའི་ཟླ་ཚེས་ཀྱང་གསལ་བོར་འཁོད་འདུག གནས་ཚུལ་མཁོ་འདོན་པ་རྨེའུ་དཀོན་རྒྱམ་ལགས་ཀྱིས་རྒྱལ་གཅེས་དཔའ་བོ་ཁོང་གི་གྲོགས་པོ་བཀྲ་ཤིས་དོན་གྲུབ་ལགས་སུ་ཁ་བརྡ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་གཅེས་དཔའ་བོ་ཁོང་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱ་འཆར་གྱི་བསམ་བློ་སྔོན་ནས་བཏང་ཟིན་ཡོད་པར་མ་ཟད།  ཁོ་རང་གང་ཞིག་ལ་ཕེབས་དགོས་ཚུལ་དང་ཉིན་འགར་ཕྱིར་སླེབས་ཐུབ་ཀྱི་མེད་སྐོར་གསུངས་ཏེ། རང་ཉིད་ཀྱི་སྒོར་མོ་རྣམས་ཀྱང་ཁོང་གི་སྤུན་མཆེད་ལ་སྤྲད་དེ་སྔོན་ནས་གྲ་སྒྲིག་བྱས་ཟིན་ཡོད་འདུག

རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་གཟིགས་ཀྱི་བརྒྱ་ཆ་ ༩༧ མེར་བསྲེགས་ཐེབས་ཡོད་སྟབས། ཁོང་གི་སྐུ་སྲོག་ཉེན་ཁ་ལས་སྐྱོབ་ཐུབ་རྒྱུར་སྨན་ཁང་ལ་གདེང་ཚོད་མེད་པར་གྱུར་ཡོད་འདུག  ཡིན་ནའང་། ད་ལྟའི་ཆར་རྒྱལ་གཅེས་དཔའ་བོ་ཁོང་སྐུ་གྲོངས་མི་འདུག

 
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༢༠ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 17

  1. འབྲོག་པ་རྣལ་མ། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམས་ཀྱི་ལ་རྒྱ་དང་སྙིང་སྟོབས་ལ་ཧ་ལས་ཡག་རེད་དེ། ལུས་སྲེག་གི་ཐབས་ལམ་འདི་ཡག་པོ་རེད་མི་འདུག་པའི་བོད་ཕྱི་ནང་གཉིས་ལ་བཞུགས་པའི་བོད་མི་རྣམས་ཀྱི་མཚམས་འཇོག་གནང་བའི་རེ་བ་ཡོད།

    Reply
  2. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    །གཅེས་པའི་ལུས་ལ་མེ་ཡི་མཆོད་འབུལ་བྱས། །རིན་ཆེན་ཚེ་སྲོག་ལ་རྒྱའི་ཆེད་དུ་དོར། །རེ་འདུན་ཞལ་ཆེམས་ཕྱིས་རབས་པ་ལ་བཞག །དཔའ་བོ་ཁྱེད་ཉིད་ཕྱི་མའི་ཡུལ་དུ་གཤེགས། །དཔའ་བོའི་ཞལ་ཆེམས་ཡིད་ལ་བསམ་པ་ན། །བཟོད་མེད་སྐྱོ་བས་མིག་ལ་མཆི་ཞགས་འཁོར། །མི་འགྱུར་རྡོ་རྗེ་བྲག་གི་རི་མོ་བཞིན། །ང་ཚོས་སྙིང་གི་རུས་པར་འབྲི་ངེས་ཡིན། །སྒང་པ་བོད་ཀྱི་གླིང་གི་དཔའ་ཐུལ་ཚོའི། །ཁྲག་དང་རུས་ཀྱིས་བརྒྱུད་པའི་ཕྱིས་རབས་པར། །རང་གི་ལུས་སྲོག་ཐེངས་མ་སྟོང་ཕྲག་ལ། །གཏོང་དགོས་བྱུང་ནའང་ཞུམ་པ་ག་ལ་མཆིས། །

    Reply
  3. འབུར་ཐོ། says:
    ལོ་ 14 སྔོན།

    རང་གིས་མ་འཇོན་ཀྱང་དཔའ་བོ་ཁྱེད་ཚོར་རྗེས་དྲན་བྱ་རྒྱུ་བརྗེད་སོང་ན་ང་མྱི་མ་རེད། ཨ་རོ་ཆི་ག་འགྱུར་མེད་བསྟན་འཛིན་ཟེར་ནོ་དེ་སྙན་ངག་རྐུ་མཁན་དེ་མིན་འགྲོ།

    Reply
  4. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    དཔའ་བོ་ཁྱེད་ཀྱིས་ཞལ་ཆེམས་སོགས་ང་ཚོའི་བོད་མི་ཡོད་དོ་ཅོག་གི་ལག་ལེན་འཁེལ་ཐུབ་པའི་རེ་བ་ཡོད།

    འགྱུར་མེད་བསྟན་འཛིན་ཞེས་པའི་མི་འདི་ལ་ཚང་མས་གཟབ་གཟབ་བྱོས་རོགས། ག་དུས་ཡིན་ན་སྐད་ཆ་འདྲ་མིན་བཤད་མཁན་ཞིག་རེད།

    Reply
  5. ཁ་བའི་འདབ་མ says:
    ལོ་ 14 སྔོན།

    སྙིང་སྟབས་ཀྱི་མེ་ལྩེ་འཛིམ་གླིང་གང་ས་བསྐྱོད་བཞིན་པའི་དུས་འདིར། །
    དཔའ་བོ་དཔའ་མོ་རྣམས་་དང་གདུང་རྒྱུད་གཅིག་ལས་ཆགས་པའི་སྐྱ་སེར་ཀུན་གྱིས། །
    དུས་དེ་རིང་ནས་ང་ཚོའི་བདེན་མཐའ་མ་སེལ་བར་ཡོངས་ཀྱིས་རང་ནུས་ཅི་ཅོག་གིས། །
    ལས་འགན་གང་མང་ཞིག་ལ་མཉམ་ཞུགས་གནང་རོགས་ཞེས་སྙིང་ནས་འབོད། །

    Reply
  6. བསྟན་འཛིན་བརྩོན་འགྲུས། says:
    ལོ་ 14 སྔོན།

    ༡ ་ལན་གཅིག་བརྙེད་པའི་དལ་རྟེན་དང།།
    ལོངས་སྤྱོད་གཉེན་ཉེ་ཀུན་ལ་ཡང།།
    ཞེན་ཆགས་མེད་པར་རང་རིགས་ཀྱི།།
    བདེན་དོན་ཆེད་དུ་རྟེན་འདི་བསྔོས།།

    ༢ གང་གི་ཤུལ་བཞག་ཞལ་ཆེམས་ལ།།
    ཀུན་གྱིས་གཟིགས་ནས་སེམས་ཁུང་དུ།།
    ནམ་ཡང་ཉམས་མེད་གནས་གྱུར་ནས།།
    འབད་བརྩོན་གང་ཙམ་གནང་བར་འོས།།

    ༣ ཆོལ་ཁ་ཆོས་ལུགས་རེས་མེད་ཅེས།།
    ཁ་གཡང་ཙམ་གྱིས་མི་ཕན་པར།།
    རྒྱུན་གྱི་ལུས་ངག་སྤྱོད་པ་ཀུན།།
    དོན་དམ་རེས་མེད་ཕྱོགས་ལ་འབད།།

    ༤ ཁ་བརྡ་ཟིན་བྲིས་ཀུན་གྱི་ངོར།།
    རྒྱུ་གཏོང་ལུས་གཏོང་ལ་རྒྱ་དགོས།།
    ཞེས་སོགས་བྲིས་པ་མང་མོད་ཀྱང།།
    དོན་དུ་ལག་བསྟར་ཉུང་བར་ངེས།།

    Reply
  7. བྱ་གཞུང་འཇམ་བྷེ says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་ཁོང་གིས་ཞལ་ཆེམས་ཚན་པ་གཉིས་བའི་ནང་དུ་ལ་རྒྱ་ནི་མ་འོངས་བའི་བོད་མི་རིགས་ཀྱི་མདུན་ལམ་དང་ཕུགས་སེམས་འཚོལ་བའི་གཞི་རྩ་ཡིན་པ་དང་། ལ་རྒྱ་ནི་མི་རིགས་བླ་སྲོག་ཡིན་པ་དང་དྲང་བདེན་འཚོལ་བའི་སྤོབས་པ་ཡིན་པ་སོགས་གཙོ་བོ་བྱས་ནས་གསུངས་འདུག དེར་བརྟེན་དཔའ་བོ་ཁོང་ཉིད་མཚོན་ན་ཇི་འདྲའི་མི་རིགས་ཀྱི་ལ་རྒྱ་དང་རིགས་ཞེན་གཏིང་ཟབ་ཡོད་པ་རྟོགས་ཐུབ་ཀི ཁོང་འདི་འདྲའི་མི་རིགས་ཀྱི་ལ་རྒྱ་དང་རིགས་ཞེན་ཀྱི་དབང་གིས་ཁོང་ཉིད་ཀྱི་སྐུ་སྲོག་མི་རིགས་འདིའི་དོན་དུ་ཕུལ་བ་རེད་བསམ། དངོས་གནས་ཁོང་བཤད་པ་དོན་དངོས་རེད། དེང་སྐབས་བོད་མི་རིགས་ཀྱི་ལ་རྒྱའི་ཁྲག་དྲོད་དེ་ཇེ་སྐམ་ནས་ཇེ་སྐམ་རེད་བསམ་ཀི ཁ་ནས་ལ་རྒྱ་ཡོད་རབས་དང་རིགས་ཞེན་ཆེ་རབས་བཤད་ཀི་རེད་ཡིན་ན་ཡང་དོན་དངོས་བཤད་ཕལ་ཆེས་བ་བྲང་ཁོག་བརྒྱུད་བའི་བོད་མི་རིགས་ཀྱི་ལ་རྒྱ་དང་རིགས་ཞེན་ཟེར་བ་དེ་ཞ་བོ་ཆགས་འདུག

    Reply
  8. གྱད་ལྷ་དགའ། says:
    ལོ་ 14 སྔོན།

    ཞལ་ཆེམས་ཀྱི་ནང་དོན་ལྟར་ལག་སྟར་ཐུབ་པ་བྱེད་དགོས། དེ་ལས་ད་ལས་རྒྱུ་ཅང་ལྷག་ཡོད་མ་རེད། རྒྱལ་གཅེས་པ་འཇམ་དཔལ་ཡེ་ཤེས་ལ་སྙིང་ནས་གུས་འདུད་ཞུ། བོད་རྒྱལ་ལོ། རྒྱལ་གཅེས་པའི་སྙིང་སྟོབས་རྒྱལ་ལོ།

    Reply
  9. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    རང་ལུས་མེར་བསྲེགས་པའི་སྙིང་སྟོབས་ལ་ཡིད་རངས་ཡོད་ཀྱང་འདི་ལ་གྲུབ་འབྲས་ཤིག་ཐོན་པའི་ཡིད་ཆེད་མེད་ངས་སྔོན་མ་ནས་བཤད་མྱོང་།

    Reply
  10. སྟོང་བཙན་མགར་བུ། says:
    ལོ་ 14 སྔོན།

    ཤུལ་ལུས་ང་ཚོ་ལ་དཔའ་བོ་འདི་དག་ལྟ་བུའི་སྙིང་སྟོབས་མེད་ན་ཡང། དཔའ་བོ་ཁོང་ཁོང་འདྲ་བ་དག་གི་ཞལ་ཆེམས་གཞིར་བྱས་ཏེ། བདེན་པ་རྩོད་པའི་སེམས་ཤུགས་ངེས་པར་དུ་དགོས།

    Reply
  11. ངས་པོ་རྒྱལ་མཚན། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་བོད་མི་རིགས་ཀྱི་ཆེད་དུ་བློས་གཏོང་འདི་འདྲ་གནང་བར་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད།

    གསར་འགོད་པ་ལགས།
    གུས་པས་རྩོམ་ཡིག་༼མགོ་རུལ་བ་སྣ་བས་མི་ཚོར།༽ཞེས་པ་ཞིག་ཉིན་ཤས་གོང་ནས་བསྐུར་བ་ཡིན་ད་དུང་བཏོན་མ་སོང་། རྒྱུ་མཚན་ཞིག་གསུངས་རོགས་གནང།

    Reply
  12. ཤིང་ལོ། says:
    ལོ་ 14 སྔོན།

    ཞལ་ཆེམས་འདི་ཡིག་རིགས་མང་པོ་ལ་བསྒྱུར་ཏེ་གང་སར་བཀྲམ་དགོས་ལ། ང་ཚོས་ངེས་པར་དུ་ཁོང་གི་ཐུགས་རེ་དེ་དག་གཙུགས་སུ་འཛིན་རྒྱུ་དང་། ད་དུང་ཁོང་གི་སྐུ་མདུན་ལ་སོང་ནས་སྐུ་ཉིད་ཀྱིས་ཐུགས་ཚགས་གནང་མི་དགོས་ང་ཚོས་སྐུ་ཉིད་ཀྱི་ཞལ་ཆེམས་ཡི་གེ་ནང་བཞིན་ཧུར་ཐག་བྱེད་རྒྱུ་ཡིན་ཚུལ་ཞུ་དགོས་པ་རེད། ད་དུང་གང་མགྱོགས་དགོས་ང་ཚོའི་འདོད་དོན་འགྲུབ་ཡོང་གི་རེད་ལ། ང་ཚོ་ནམ་ཡང་སེམས་ཤུགས་ཆག་མེད་ཚུལ་ཡང་ཞུ་དགོས་པ་རེད།

    Reply
  13. ལྗང་སྨྱུག says:
    ལོ་ 14 སྔོན།

    དྲ་གྲོགས་ཇོ་རུ་ཚེ་རིང་ལགས་གནས་ཚུལ་གསལ་བཤད་གནང་བར་ཐུགས་རྗེ་ཆེ།

    Reply
  14. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    དྲ་གྲོགས་ལྗང་སྨུག་ལགས། རྒྱལ་གཅེས་དཔའ་བོ་ཁོང་ད་ལྟ་ད་དུང་འདས་གྲོངས་སུ་གྱུར་མི་འདུག དེའི་སྐོར་གྱི་གནས་ཚུལ་གསར་འགྱུར་སྔོན་མའི་ནང་བཀོད་ཟིན་སྟབས་བསྐྱར་མ་བྱས་པ་ཡིན། ཁོང་གི་ཞལ་ཆེམས་དེ་ག་དུས་དྲིས་མིན་གྱི་གནས་ཚུལ་དེ་འབྲེལ་ཡོད་མི་སྣར་ཁ་པར་བརྒྱུད་སྐད་ཆ་དྲིས་སྐབས། སྔོན་ནས་བྲིས་ཟིན་ཡོད་པར་བརྗོད་བྱུང་ལ། ཞལ་ཆེམས་ཡི་གེ་ཡི་ཤོག་ལྷེ་རང་གི་སྟེང་ཟུར་དུ་ཟླ་ཚེས་གསལ་བོར་བཀོད་འདུག

    Reply
  15. ལྗང་སྨྱུག says:
    ལོ་ 14 སྔོན།

    དུས་བབ་རྩོམ་སྒྲིག་པ་ལགས་སུ་བཀའ་འདྲི་ཞུ་རྒྱུ་ཞིག་ལ། རྒྱལ་གཅེས་དཔའ་བོ་ཁོང་ད་ལྟ་གྲོངས་ཚར་རེད་བས། ཁོང་ཞལ་ཆེམས་རེད་ཟེར་བའི་ཡི་གེ་དེ་སྤྱི་༣ ཚེས ༡༦ ཉིན་བྲིས་པ་རེད་འདུག་བས། ཞིབ་ཚགས་པོ་དང་ཁ་གསལ་བོ་བཀོད་རོགས་ཞུ།

    Reply
  16. ཤག་སྒང་པ། says:
    ལོ་ 14 སྔོན།

    དཔའ་བོའི་ཞལ་ཆེམས་བཞིན་ང་ཚོ་གཅིག་ཏུ་བསྒྲིལད་ཏེ་ལག་ལེན་དུ་རེམ་འགྲོ། བོད་རྒྱལ་ལོ།།

    ད་ལྟ་བོད་གཞུང་དྲ་ལམ་བརྒྱུད་དེ་འདིར་སླེབས། ཞུགས་འབུལ་སོགས་ཀྱི་གནས་ཚུལ་ཅི་ཡང་གོ་ཐལ་མི་འདུག་པས་ཚང་མ་མགྱོགས་ཙམ་ཕེབས་དང་།

    Reply
  17. ཏཱ་རེ་མ། says:
    ལོ་ 14 སྔོན།

    བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཀོད་པ་འདི་སེམས་ཤུགས་སྤར་སྤྱད་ཅིག་ལས་ཕན་ཐོག་གཞན་མེད་པ་རེད། དེ་བས་དང་པོར་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བཀྲམས། དེ་ནས་འདི་དག་ཏུ་བཀྲམས་པ་ཡིན་ན་ཡག་པོ་ཡོང་གི་རེད། དཔེར་ན་ཁ་སང་རེབ་གོང་གི་མེར་སྲེག་ལས་འགུལ་དེ་ཉམས་མྱོང་བླངས་ཆོག་པ་ལྟ་བུ་ཞིག་རེད། དཔའ་བོ་ཁོང་གི་འདོད་དོན་འགྲུབ་པའི་སྐྱབས་སྨོན་བཅས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese