མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྡི་ལིར་བོད་མི་གང་བྱུང་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་དེ་རིང་གཉིས་ལ་ལྡི་ལིའི་གྲོང་ཁྱེར་ཡོངས་སུ་རྒྱ་གར་ཉེན་རྟོག་པ་ཚོས་བོད་མི་རྣམས་གང་བྱུང་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་འདུག

རྒྱ་གར་གཞུང་གིས་ཕྱི་རྒྱལ་མི་རིགས་རྒྱ་གར་ནང་དུ་སྡོད་མཁན་ཚོར་དམིགས་པའི་བཅའ་ཁྲིམས་དོན་ཚན་ ༡༤༤ བའི་བཀའ་རྩ་ཁྱབ་བསྒྲགས་འོག ཁ་སང་དང་དེ་རིང་གཉིས་ལ་ལྡི་ལི་ཁུལ་གྱི་ལས་རིགས་དང་སློབ་སྦྱོང་སྡེ་ཚན་འདྲ་མིན་ནང་གི་བོད་རིགས་དག་གང་བྱུང་འཛིན་བཟུང་བྱེད་བཞིན་ཡོད་འདུག

དེ་རིང་ཞོགས་པའི་ཆུ་ཚོད་ ༡༡།༢༠ ཡས་མས་སུ་(Appolo)སྨན་ཁང་གི་བོད་རིགས་སྨན་ཞབས་བུ་མོ་བཅུ་གཉིས་སྨན་ཁང་དུ་ལས་ཀ་བྱེད་དུ་འགྲོ་བའི་ལམ་བར་ནས་ཉེན་རྟོག་པས་བཛིན་བཟུང་བཀག་ཉར་བྱས་འདུག ཁ་སང་ལྡི་ལི་ཁུལ་ཡར་མར་དུ་སྨན་ཁང་དང་ཚོང་ལས་སྡེ་ཚན་འདྲ་མིན་དུ་ལས་ཀ་བྱེད་བཞིན་པའི་བོད་པ་དག་དང་། དེ་བཞིན། མཐོ་སློབ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་རྣམས་བཀག་སྐྱིལ་དང་། ཁ་ཤས་ལམ་བར་ནས་འཛིན་བཟུང་གིས་ཐད་གར་བཙོན་ཁང་དུ་བསྐྱལ་ཡོད་འདུག

སྦྲ་རིགས་ཐོག་མེད་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལ། ལྡི་ལི་གྷོར་སྒང་དུ་(Nokia)བཟོ་ཚོང་ཁང་དུ་ལས་ཀ་བྱེད་བཞིན་པའི་བུ་མོ་བསྟན་འཛིན་སྒྲོལ་མས་བཤད་དོན“ང་ཚོ་འདིར་ལས་ཁུངས་འདྲ་མིན་དུ་ལས་ཀ་གཉེར་བཞིན་པའི་བོད་རིགས་བུ་མོ་གསུམ་ཡོད་པ་ཚང་མ་སྡོད་ཁང་ནང་དུ་བཅུག་ནས་ཕྱི་ལོགས་སུ་ཐོན་ཆོག་གི་མུ་འདུག འོན་ཀྱང་། ངའི་ལས་ཁུངས་ཀྱི་སྤྱི་ཁྱབ་པས་ང་ལ་མུ་མཐུད་དུ་ཁ་པར་བཏང་ནས་ལས་ཁུངས་སུ་མ་སླེབས་ན་ཕྱིར་ཕུད་གཏོང་རྒྱུ་ཡིན་ཟེར་བཞིན་འདུག”ཟེར།

ལྡི་ལི་སྡོད་ཁང་གི་(KMC)མཐོ་སློབ་ཀྱི་སློབ་མ་ཚེ་རིང་བཀྲ་ཤིས་ཀྱིས་བཤད་དོན“དེ་རིང་ཞོགས་པ་ང་ཚོར་ཟླ་གསུམ་ཐ་མའི་ཡིག་རྒྱུགས་ཡིན་མོད། ཉེན་རྟོག་པའི་མཐོ་སློབ་ཏུ་མ་བཏང་བར་བརྟེན་ལོ་འཁོར་ཡིག་རྒྱུགས་ཀྱི་བརྒྱ་ཆ་ཉི་ཤུ་ཤོར་སོང་བ་རེད” ཟེར།

དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱི་སྣེ་ཁྲིད་པའི་ལས་རོགས་ཁ་ཤས་ཀྱིས་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་ལ་བོད་ཀྱི་གནད་དོན་སྐོར་གྱི་སྙན་ཞུ་དང་རེ་སྐུལ་བྱེད་དུ་འགྲོ་ཕྱིན་པའི་ལམ་བར་ནས་འཛིན་བཟུང་བཀག་ཉར་བྱས་འདུག་ལ། བོད་ཀྱི་བུད་མེད་ཚོགས་པའི་གོ་སྒྲིག་འོག་ལྡི་ལིར་རྒྱལ་སྤྱིའི་ཤེས་ཡོན་བསྟི་གནས་སུ་བོད་ཀྱི་གནད་དོན་སྐོར་གྱི་བགྲོ་གླེང་འཚོགས་འདུ་འཚོགས་བཞིན་པའི་སྐབས་སུ། གློ་བུར་དུ་ཉེན་རྟོག་པ་བསླེབས་ཏེ་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་དང་གཞན་བོད་རིགས་ ༣ འཛིན་བཟུང་བྱས་འདུག

ལྡི་ལི་བོད་ཁྱིམ་སྡོད་ཁང་གི་ལས་བྱེད་ཞིག་གིས་བརྗོད་རྒྱུར་“སྡོད་ཁང་འདི་ཡོངས་རྫོགས་ཉེན་རྟོག་པས་བསྐོར་ནས་འགྲོ་འོངས་ཚང་མ་བཀག་པས་སློབ་ཕྲུག་གི་ཟ་ཆས་རིགས་ཀྱང་དུས་ཐོག་ཏུ་སླེབས་ཐུབ་ཀྱི་མི་འདུག དེར་མ་ཟད་ང་ཚོ་ལས་བྱེད་སློབ་ཕྲུག་ཁ་ཤས་གན་རྒྱའི་འོག་ཕྱི་ལོགས་ཉེ་འཁོར་ཁག་ཏུ་ཛ་དྲག་ངང་འགྲོ་དགོས་སྐབས་ཀྱང་། ཉེན་རྟོག་པ་གཉིས་ཀྱིས་མུ་མཐུད་རྗེས་འདེད་བཏང་སྟེ་འོང་བཞིན་འདུག”་ཟེར།

ལྡི་ལི་ས་ཁུལ་གྱི་བདེ་འཇགས་ཉེན་རྟོག་པའི་མགོ་གཙོ་(Dharmendra Kumar)ལགས་ཀྱིས་བཤད་རྒྱུར “ང་ཚོས་བོད་མི་རྣམས་ལ་ཁྲིམས་དོན་ ༡༤༤ བ་ལག་བསྟར་བྱེད་དོན་ལ་རྒྱུ་མཚན་གཙོ་བོ་གཉིས་ཡོད། གཅིག་ནས་(BRICS)

རྒྱལ་སྤྱིའི་འཚོགས་འདུའི་བདེ་འཇགས་ཆེད་དུ་ཡིན་ལ་གཉིས་ནས་བོད་མི་ཁོ་རང་ཚོའི་བདེ་འཇགས་སྲུང་སྐྱོབ་བྱེད་ཆེད་ཀྱང་ཡིན་”ཟེར།

 

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༢ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༣ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༤ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༥ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

མཆན། 7

  1. ལོག་འཇོམས་རལ་གྲི། says:
    ལོ་ 14 སྔོན།

    ད་ནི་བོད་མི་ཚོ་རྒྱལ་ཁབ་ཆེན་པོ་དག་གི་རྩེད་ཆས་བྱས་སོང་།

    Reply
  2. མི་ཉག་དུང་བརྡ། says:
    ལོ་ 14 སྔོན།

    དུས་རབས་ཉེར་གཅིག་པའི་ནང་ཞི་བདེ་དང་། མཐུན་ལམ། ཆིག་སྒྲིལ། འདྲ་མཉམ་བཅས་ཀྱི་ཐ་སྙད་སྐམ་པོ་དེ་ཚོ་ཧ་ཅང་དར་ཁྱབ་ཕྱིན་ཡོད་ལ། ཐ་སྙད་དེ་ཚོ་བརྒྱུད་ནས་མི་སྒེར་དང་ཚོགས་པ་རེ་འགའ་ལ་གྲུབ་འབྲས་ཀྱང་མི་དམན་པར་སྨིན་ཡོད་པར་སེམས། རྒྱུ་མཚན་ནི་སྲོག་ལྡན་གྱི་འགྲོ་བ་རིགས་གང་ལ་གཏོགས་ཀྱང་ཁོང་ཚོའི་སེམས་ཁམས་སུ་གོང་གི་ཐ་སྙད་དག་གི་ཉིང་པོའམ་རོལ་བཅུད་ནི་ནམ་ཡང་ཡིད་འགུལ་ཐེབས་ཤིང་སྙིང་ལ་ཞིམ་པའི་མངར་ཟས་རྐྱང་རྐྱང་ཡིན་པར་ཡིད་ཆེས་ཤིང་ཐ་སྙད་ཙམ་ལའང་དད་མོས་ཚད་མེད་བྱས། འོན་ཏང་ཐ་སྙད་དེ་ཙམ་གྱིས་ནམ་ཡང་ང་ཚོརབྲོ་བ་དཔྱིས་ཕྱིན་པ་ཞིག་སྟེར་མི་སྲིད་དེ། ཐ་སྙད་དེ་དག་གི་གཏིང་ན་འཐིམས་པའི་གོ་རྟོགས་ཟབ་མོ་ལ་སྦྱང་བར་བྱེད་དགོས། ༧གོང་ས་མཆོག་གིས་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་པའི་འོས་འགན་ཞེས་༧གང་གི་མཛད་ཆེན་གསུམ་གྱི་ཡ་གྱལ་དུ་བགྲངས་བར་ཡང་། གོང་གི་ཐ་སྙད་དེ་ཚོའི་རིན་ཐང་དང་ཁྱད་ཆོས་རྣམས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་སྒོ་ནས་ངོས་འཛིན་དང་ཉམས་སུ་ལེན་ཐུབ་ཚེ། ད་ལྟ་ང་ཚོའི་མིག་མདུན་གྱི་དྲང་བདེན་མ་ཡིན་པའི་ལས་རིགས་སྐྱུར་བྲོ་བ་དེ་དག་མྱོང་མི་དགོས་པ་སོགས་ལ་དགོངས་པར་མིན་ནམ་སྙམ། མདོར་ན་ད་ལྟའི་ཆར་ཞི་བདེ་དང་འདྲ་མཉམ་སོགས་ཀྱི་རིན་ཐང་གླེང་ནས་རང་དབང་དང་གྲུབ་འབྲས་གང་ཡང་ཐོབ་མི་ཐུབ་ལ། ལྷག་པར་དུ་རྒྱ་ནག་ལྟ་བུའི་སྲིད་གཞུང་ཞིག་ལ་དེ་བས་ཀྱང་ཐ་སྙད་དེ་ཚོ་མི་རན་ནོ། དེས་ན་སྐབས་བསྟུན་གྱིས་ལས་འགུལ་སྣ་ཚོགས་སྤེལ་ཏེ་རྒྱ་རྒན་ཚོ་འཛམ་གླིང་མི་དམངས་ཀྱི་མིག་མདུན་ན་རིན་ཐང་ཅི་ཡང་མེད་པར་བཟོ་དགོས།

    Reply
  3. ཧོར་བུ་ཡེ་ཤེས says:
    ལོ་ 14 སྔོན།

    ངོ་མ་རྒྱ་གར་སྐྲག་ཚར་འདུག་ལ་བལ་ཡུལ་བ་དང་གཅིག་པ་རེད་ཚར་འདུག། དམངས་གཙོ་རྒྱལ་ཁབ་སྟོབས་ཆེན་ཞིག་གི་རྒྱ་ནག་དམར་གཞུང་ལ་རོགས་པ་དེ་འདྲའི་བྱེད་པ་ནི་སོ་སོའི་མགོ་ལ་རྡོ་ཡི་བྱུང་བ་དང་གཅིག་པ་རེད། ད་དུང་བོད་མི་བདེ་འཇག་ཟེར་ཁ་བྱེད་དེ་དགོད་མོ་ཤོར་ཡ་རང་རེད། ལྷ་རང་མགོ་མ་ཐུན་འདྲེ་ཤ་ཐག་ཟེར་བ་དང་གཅིག་པ་རེད །ལྡི་ལི་ཡོད་པའི་བོད་མི་ཚོ་ཁྱོད་ཚོ་ཚང་མ་གཅིག་སྒྲིལ་ཐོག་སྒོ་ཕྱི་ལ་ཐོན་པའི་དུས་ལ་སླེབས་པ་རེད་ལ་གཞོན་ནུ་དང་བུད་མེད་ཚོགས་པ་སོགས་ཀྱི་ཕྱོགས་མཐའ་ནས་བོད་མི་བསྡུ་ཏེ་ལྡི་ལི་འགྲོ་ན་བཟང་།

    Reply
  4. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    རྒྱ་ནག་གི་སྟོབས་ཤུགས་ཇེ་ཆེ་རེད། རྒྱལ་ཁབ་ཆེན་པོ་རྒྱ་གར་ཡང་བལ་ཡུལ་བཞིན་བྱབ་ཆུང་དེ་འདྲ་གནང་སྟངས་མཐོང་དུས་དངོས་གནས་སྐྱི་གཡའ་བ་རང་རེད། དམངས་གཙོའི་རྒྱལ་ཁབ་ཆེན་པོ་དེ་འདྲའང་འུ་ཐུག་གི་ལས་ཀ་བྱེད་དགོས་ཐུག་གི་ཡོད་རེད། ད་འཛམ་གླིང་ཐོག་ཏུ་དྲང་བདེན་ཟེར་བ་དེ་གང་དུ་ཡོད་པ་རེད། སུས་དྲང་བདེན་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཀྱི་རེད་དམ། ད་ངོ་མ་སྐྱོ་གི་ཡ། དམངས་གཙོ་དམར་ཤོག་ཚང་མས་ཟང་ཟིང་གི་ཁེ་ཕན་ལ་མ་ལྟ་མཁན་དང་།གཡོ་རྒྱུ་མེད་པ་གཅིག་ཀྱང་མི་འདུག རྒྱ་ནག་ལ་ཐུག་དུས་འཛམ་གླིང་རྒྱལ་ཁབ་སུ་འདྲ་ཡིན་རུང་ཁེ་ཕན་ཆེད་དུ་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་བློས་མ་གཏོང་མཁན་གཅིག་ཀྱང་མེད་པ་འདི་གོ་ལ་ཧྲིལ་པོ་འདི་ཀླ་ཀློའི་འོག་ཏུ་ཤོར་བའི་སྔ་ལྟས་ཞིག་ཏུ་མཐོང་ངོ་།།

    Reply
  5. ཤིང་ལོ། says:
    ལོ་ 14 སྔོན།

    ༼ཇག་པས་ཐུབ་པའི་སྒང་ལ་རོགས་པས་ཀྱང་ཐུབ་༽ཟེར་བ་ལྟར་རྒྱ་གར་གྱིས་རྒྱ་ནག་གི་བྱེད་སྟངས་དངོས་གནས་ཧ་མ་གོ་བར་བོད་མི་ཉམ་ཆུང་ཚོར་འདི་ལྟར་བྱེད་མི་རུང་ཞིང་། རྒྱ་ནག་གིས་ཧམ་པས་ས་མཚམས་རྩོད་སྙོག་དང་། ཆུ་བོ་ཁ་བསྒྱུར། ༡༩༦༢ ཀྱི་ལོ་རྒྱུས་སོགས་ལ་རྒྱུས་མངའ་བྱས་ན་ལེགས་ལ། དེ་མིན་པ་ཀི་སི་ཐན་དང་མཉམ་འབྲེལ་གྱིས་ཚུར་རྒོལ་སླེབས་ན་ཧ་ཅང་དཀའ་བས། བོད་དང་འབྲེལ་བའི་ལས་རིགས་ལ་དགོངས་པ་གཏིང་ཟབ་གནང་རྒྱུ་གལ་ཆེ་བར་སེམས།

    Reply
  6. གནས་ཚང་། says:
    ལོ་ 14 སྔོན།

    ད་ལྟ་ལྡི་ལི་ནས་བོད་པ་ཡོངས་རྫོགས་ཕྱི་ལ་ཐོན་ནས་རྒྱ་གར་ལ་བཀག་ཉར་བྱེད་དུ་འཇོག་པའི་དུས་ལ་བབས་ཡོད་པ་རེད། མི་འབོར་ག་ཚད་མང་ན་དེ་ཙམ་གྱིས་དགོས་ཕན་ཆེན་པོ་རེད། སྟོང་ནས་ཁྲི་བཀག་ཉར་བྱེད་དུ་འཇོག་རན་འདུག

    Reply
  7. ཤག་སྒང་པ། says:
    ལོ་ 14 སྔོན།

    གསང་ལམ་དང་རྒྱ་ལམ། ལས་ཁུངས་དང་མགྲོན་ཁང་། དྲ་རྒྱ་དང་བརྙན་འཕྲིན་ཐམས་ཅད་ཚ་ཚ་འུར་འུར་རེད།

    ངོ་མ༌༌༌༌༌ད་ང་ཚོ་ཡིད་གཟབ་ཀྱིས་དཔའ་བོའི་རྗེས་སུ་གཅིག་ཏུ་བསྒྲིལ་འགྲོ།

    བདེན་པ་རྒྱལ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese