མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྫོང་ཁག་བཞིའི་ནང་མེ་སྐྱོན་གྱི་དཀའ་ངལ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

སྨར་ཁམས་ས་ཁུལ་གྱི་མེ་སྐྱོན་ཆབ་མདོ་དང་གོ་འཇོ། བྲག་གཡབ་སོགས་རྫོང་ཁག་བཞི་ཙམ་གྱི་ནང་ཁྱབ་ཏེ་ས་གནས་མང་ཚོགས་དཀའ་ངལ་ཁྲོད་ལྷག་ཡོད་འདུག  
 
ཕྱི་ཟླ་ ༣ པའི་ཚེས་༡༠ ཉིན་བོད་ཤར་ཕྱོགས་སྨར་ཁམས་རྫོང་ལྷོ་ར་ཤང་ལྕགས་སོ་སྟེང་ཞེས་པའི་ས་གནས་ཀྱི་རི་རྩེར་མེ་སྐྱོན་བྱུང་སྟེ་ཟླ་གཅིག་འགྲོ་བཞིན་པ་ལྟར། ཉེ་ཆར་སྨར་ཁམས་ས་གནས་སྲིད་གཞུང་གིས་དུས་ཐོག་མེ་སྐྱོན་འགོག་ཐབས་མ་བྱས་སྟབས། ལྷོ་ར་ཞང་དང་ཙོང་ཤོད་ཞང་། སྤང་མདའ་ཞང་བཅས་ཀྱི་མི་མང་མཉམ་རུབ་ཐོག་མེ་གསོད་ཐབས་བྱས་ཀྱང་། མེ་སྐྱོན་འགོག་མ་ཐུབ་པར་རྒྱ་གར་རྗེས་མཛོ་དང་ཤ་འགྱུར་ཆེ་ཆུང་ཟེར་བའི་ས་གནས་ཁག་ནས་རིམ་གྱིས་མཆེད་དེ། ཆབ་མདོ་དང་གོ་འཇོ། བྲག་གཡབ་སོགས་རྫོང་ཁག་བཞི་ཙམ་གྱི་ནང་རྒྱ་ཁྱབ་དུ་ཕྱིན་ཡོད་འདུག  

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གི་གསར་ལམ་ཁག་ཏུ་ཉེ་ཆར་མེ་སྐྱོན་བྱུང་རྗེས་ས་གནས་སྲིད་གཞུང་གིས་ཆབ་མདོ་ནས་མེ་གསོད་རུ་ཁག་རླངས་འཁོར་ ༤ ཙམ་ཆེད་གཏོང་གིས་མེ་གསོད་ཐབས་བྱས་ཡོད་སྐོར་བརྗོད་ཡོད་ཀྱང་། ཉེ་ལམ་མེ་སྐྱོན་གྱི་གནས་ཚུལ་བྱུང་མ་ཐག་འབྲོག་པ་མང་ཚོགས་ཀྱིས་སྲིད་གཞུང་ལ་མགྱོགས་མྱུར་མེ་གསོད་ཐབས་བྱ་དགོས་པ་དང་།  གལ་སྲིད། མུ་མཐུད་བཞག་པ་ཡིན་ན་མང་ཚོགས་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡིན་པའི་རེ་སྐུལ་ཐེངས་མང་ཞུས་ཀྱང་།  སྲིད་གཞུང་གི་ལས་བྱེད་ཚོས་ཡ་ལན་སྤྲད་མེད་སྟབས། ད་ཆ་ས་གནས་འབྲོག་པ་ཚོ་ས་ཁུལ་གཞན་ལ་གནས་སྤོར་བྱ་དགོས་བྱུང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༨ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༨ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 10

  1. སྤང་མདའ་སྟོབས་རྒྱས། says:
    ལོ་ 14 སྔོན།

    མེ་སྐྱོན་འདི་བཞིན་བོད་སྨར་ཁམས་ཁུལ་དུ་མཆེད་བཞིན་པ་རེད།

    Reply
  2. མི་རྒོད། says:
    ལོ་ 14 སྔོན།

    དུས་བབ་ཚང་ལགས། ད་རྫོང་ཁག་བཞིའི་མེ་དེ་ག་པ་བཞུགས་འདུག། མཁྱེན་རྟོགས་བྱུང་ཚེ་གསར་བསྒྱུར་མགོ་ཞབས་མཚུངས་བཞིན་འདུག་དེ་ལ་བསུ་བ་ཞུ།།།།

    Reply
  3. བུ་ཡུག says:
    ལོ་ 14 སྔོན།

    ད་ནི་ལས་དབང་གནམ་ལ་བཅོལ་ན་མ་གཏོགས་སུས་ཀྱང་ང་ཚོ་སྐྱོབ་ནུས་ས་མ་རེད།བོད་པ་འདི་ཚོ་ཅི་འདྲའི་སྙིང་རྗེ་བ་ལ།སྣོད་བཅུད་གཉིས་ཀྱི་འཇིག་པ་རྒྱུན་ཆད་རྒྱུ་མི་འདུག སྐྱོ་བ་ལ། དེང་སྐབས་གང་འདྲ་ཡིན་ནམ།

    Reply
  4. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ནང་ནས་ལ་རྒྱའི་ཚེ་སྲོག་མེ་ལ་བསྒྲོན་དུས།།
    ཕྱི་ནས་རང་བྱུང་ཁོར་ཡུག་མེ་ལ་འབར་ཞིང་།།
    སྣོད་བཅུད་གཉིས་ཀ་མེ་ཡིས་འཇིག་ཉེས་ཆེ་བའི།།
    མཐོ་སྒང་བོད་ཡུལ་འདི་ལ་ཆག་སྒོ་མང་ཀི

    Reply
  5. སྤང་མདའ་སྟོབས་རྒྱས། says:
    ལོ་ 14 སྔོན།

    གནས་ཚུལ་མཁོ་བསྡུ་གནང་མཁན་ལ་ཐུགས་རྗེ་ཆེ་ཞུ། རྒྱ་གཞུང་གིས་བོད་མི་གསོད་རྒྱུ་ལས་མེ་གསོད་ཀྱི་ཐབས་ཤེས་གཏན་ནས་འཐེན་ཡོད་མི་འདུག

    Reply
  6. སྐྱ་ཀ says:
    ལོ་ 14 སྔོན།

    ང་ཚོའི་རང་བྱུང་གི་འཁོར་ཡུག་ལ་སྐྱོན་དང་གཏོར་རླགས་འགྲོ་བར་གཞན་སུས་དེ་ལ་སྲུང་སྐྱོབས་བྱེད་ཀྱིན་རེད་དེ་ནི་རང་ཉིད་ཀྱི་འདུག་སྡོད་ཀྱི་ཡུལ་དེར་རང་ཉིད་ཀྱི་བདག་བཟུང་ནན་པོ་བྱེད་ལོས་དགོས། ད་རིས་ཀྱི་མེ་སྐྱོན་དེ་རྒ་སྐྱེ་རྒུད་ཀྱི་ས་ཡོམ་ལས་ཀྱང་མཐུ་ཚབ་ཆེ། བོད་མི་ཚོར་རྡོག་རྩ་གཅིག་སྒྲིལ་གྱི་ནུས་ཤུགས་དེ་ཡོད་ན། བོད་གཟུགས་གྲུབ་པ་ཀུན་གྱིས་ལས་རོགས་སྒྲིགས་ནས་མེ་སྐྱོན་ལ་འགོག་ལས་བསྒྲུབ་དགོས་རྒྱ་གཞུང་ལ་སྐྱོན་འཛུག་བྱས་པའི་ཕན་འབྲས་ཟད་ཡོད།

    Reply
  7. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    མང་ཚོགས་ཚང་མས་ངོ་རྒོལ་བྱས་ཏེ་ས་གནས་ལས་བྱེད་ཚོ་གཅིག་ཀྱང་མ་ལུས་པར་གནས་དབྱུང་གཏོང་ཐབས་ལ་འབད་དགོས

    Reply
  8. ཁེ་རྐྱང says:
    ལོ་ 14 སྔོན།

    ཨོ་ དཀོན་མཆོག་མཁྱེན། ད་ང་ཚོ་བོད་ལ་རྒྱན་མི་ཆད་པའི་རྐྱེན་ངན་གོད་ཆག་ཚད་ལས་འདསཔ་འདི་འདྲ་ཞིག་ཡོང་དགོས་རྒྱུ་ལ། ལས་འབྲས་རྣམ་བཞག་དང་དཀོན་མཆོག་ཡིད་ཆེས་བྱེད་མཁན་ང་ཚོ་ལས་བོད་ལས་ལྷག་ཞིག་ནི་མེད། མ་ཚད་དུས་རྟག་གི་ཞབས་བརྟན་སྐུ་རིམ་སོགས་ཀྱིས་ཀྱང་མི་ཕན་པ་གང་ཡིན། བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་དང་ཡུལ་ལྷ་གཞི་བདག་རྣམས་ཀྱིས་ཀྱང་མེ་སྐྱོན་མི་འགོག་པ་གང་ཡིན།། ད་ནི་རང་རེ་བོད་ཀྱི་གནོད་བཅུད་ཡོངས་རྫོགས་མེ་ལ་འབར་འགྲོ་གི་འདུག། ད་ནས་སུ་ཞིག་ལ་སྐྱབས་བཅོལ།།

    Reply
  9. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    ད་ནི་གངས་ཅན་བོད་གྱི་ཞིང་འདིར་བྱུང་བའི་དུས་གཅིག་ངོ་མ་ཤར་ཡིན་ས་རེད། ཕྱི་ནས་ས་ཆ་མེ་གི་བསྲེག ནང་དུ་བོད་མི་མེ་ལ་བསྲེག རྒྱ་རོ་འདི་ཚང་གི་བྱེད་སྟང་ལ་གཞིག་དང་མིག་མེད་ས་ནས་མཆི་མ། རྨ་མེད་ས་ནས་ཁྲག་དམར་ལུད་པའི་བྱེད་སྟང་ཁོ་ན་ལས། ཉམས་ཆུང་མི་སེར་ལ་ཕན་པའི་ལས་ཀ་སྣེ་གཅིག་བྱེད་ཀྱི་མེད་པ། བྱེད་སྟང་འདི་རྒྱུད་ནས་གསལ་པོར་རྟོགས་ཐུབ། ཡིན་ན་ཡང་ནུས་པ་གང་ཡོད་ཀྱིས་མྱུར་སྐྱོབས་ལ་འབད་བརྩོན་ནམ་ཡང་མི་ཀློད་པ་གཞིས་ལུས་སྤུན་ཟླ་མཉམ་རུབ་ཀྱི་ཐོག་ནས་མེ་གསོད་ལ་གདོང་ལེན་བྱེད་དགོས་པ་ཤིན་ཏུ་གལ་ཆེ།

    Reply
  10. འབྲི་གུང་སྤྲོ་ཚེ། says:
    ལོ་ 14 སྔོན།

    ད་མིའི་འཇིགས་པ་འདི་ང་ཚོ་གངས་ཅན་པ་རྣམས་ཀྱི་བཟོད་ནུས་སམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese