མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏང་གི་པའོ་རྩ་འཛུཊ་ལ་འགལ་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞིན་ཧྭ་གསར་ཁང་གིས་པའོ་ཞིས་ལའེ་ཡི་རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མིའི་གོ་གནས་ཕྱིར་བསྡུ་བྱས་ཏེ། ཁྲིམས་ལྟར་ཞིབ་བཤེར་བྱ་རྒྱུ་ཡིན་པ་བསྒྲགས་འདུག

དེ་རིང་ཕྱི་ཚེས་ ༡༠ ཉིན་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གི་དྲ་བའི་གཙོ་ངོས་མགོ་བརྗོད་དུ། ༼རྒྱ་ནག་དབུས་གཞུང་གིས་པའོ་ཞིས་ལའེ་ཡི་ཏང་གི་རྩ་འཛུགས་དང་འགལ་བའི་ནག་ཉེས་ལ་ཞིབ་བཤེར་བྱ་རྒྱུ་ཡིན༽ཞེས་པའི་གནས་ཚུལ་སྤེལ་ཏེ།  པའོ་ཞིས་ལའེ་ཡིས་ཏང་གི་རྩ་འཛུགས་དང་འགལ་བའི་ནག་ཉེས་ཚབས་ཆེན་བསགས་པར་བརྟེན། ༼རྒྱ་གཞུང་དམར་ཤོག་པའི་སྒྲིག་ཡིག༽ དང་ ༼རྒྱ་གཞུང་དམར་ཤོག་པའི་རྩ་འཛུགས་ཞིབ་བཤེར་སྡེ་ཁག་གི་གྱོད་དོན་ཞིབ་བཤེར་བྱ་བའི་ཁྲིམས་སྲོལ༽ གཉིས་ཀྱི་གཏན་འབེབས་ལྟར། པའོ་ཡི་རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་དང་རྒྱ་ནག་དབུས་གཞུང་གི་འཐུས་མི་བཅས་ཀྱི་གོ་གནས་ཕྱིར་བསྡུ་བྱས་པར་མ་ཟད། རྒྱ་གཞུང་དབུས་རྩ་འཛུགས་ཞིབ་བཤེར་ལྷན་ཁང་གིས་པའོ་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་བསྒྲགས་འདུག

དེ་དང་དུས་མཚུངས་སུ་རྒྱ་གཞུང་ཞིན་ཧྭ་གསར་ཁང་གིས་༼སྤྱི་བདེ་ཚན་པས་ནའེ་ཨར་ཝུ་ཏིག་གི་ཤི་རྐྱེན་ཐད་ཁྲིམས་ལྟར་བསྐྱར་ཞིབ་བྱ་རྒྱུ་ཡིན༽ ཞེས་པའི་གནས་ཚུལ་ཞིག་ཀྱང་སྤེལ་ཏེ།  ཕྱི་ཟླ་ ༢ ཚེས་ ༦ ཉིན་ཝང་ལིས་ཅོན་ཨ་རིའི་གཞུང་ཚབ་ཁང་དུ་འཛུལ་བའི་དོན་རྐྱེན་བྱུང་རྗེས། ཝང་ལིས་ཅོན་གྱིས་ཕྱིར་སྒྲོག་བྱས་པ་ལྟར།  ༢༠༡༡ ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་དབྱིན་ཇིའི་མི་སེར་ནའེ་ཨར་ཝུ་ཏིག་རྒྱ་ནག་ཁྲུང་ཆིན་ཏུ་འདས་གྲོངས་ཕྱིན་པའི་གྱོད་དོན་དེའི་ཐད། ཉེན་རྟོག་སྡེ་ཁག་གིས་དོ་སྣང་ཆེན་པོ་གནང་སྟེ་བསྐྱར་ཞིབ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་དོན་དངོས་གནས་ཚུལ་གཞིར་བཟུང་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག 

པའོ་ཞིས་ལའེ་ཡི་ཆུང་མ་ཀུའུ་ཁའེ་ལའེ་དང་ནའེ་ཨར་ཝུ་ཏིག་གཉིས་སྔོན་ཆད་འབྲེལ་བ་ཟབ་མོ་ཡོད་པ་དང་། རྗེས་སུ་དཔལ་འབྱོར་ཁེ་ཕན་གནད་དོན་གྱི་རྐྱེན་པས་འགལ་བ་བྱུང་ཡོད་འདུག ཞིན་ཧྭ་དྲ་བའི་སྟེང་གནས་ཚུལ་སྤེལ་བའི་ནང་། བསྐྱར་ཞིབ་བརྒྱུད་རིམ་ཁྲོད་དབྱིན་ཇིའི་མི་སེར་ནའེ་ཨར་ཝུ་ཏིག་ནི། པའོ་ཞིས་ལའེ་ཡི་ཆུང་མ་ཀུའུ་ཁའེ་ལའེ་དང་ཁོ་ཚང་གི་ཁྱིམ་ལས་གཉེར་མཁན་ཀྲང་ཞའོ་ཅོན་གཉིས་ཀྱིས་ངན་འབྲེལ་ལྐོག་གསོད་བྱས་པའི་བདེན་དཔང་ལག་སོན་བྱུང་ཡོད་པར་མ་ཟད། ལག་དམར་གཉིས་ཁྲིམས་ཞིབ་སྡེ་ཁག་ལ་རྩིས་སྤྲོད་བྱས་ཡོད་སྐོར་བཀོད་འདུག 

གཞན་ཡང་། རྒྱ་གཞུང་ཞིན་ཧྭ་གསར་ཁང་གིས་འབྲེལ་ཡོད་སྡེ་ཁག་གི་འགན་ལེན་མི་སྣའི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན།  “རྒྱ་ནག་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་ཡིན་པས།  ཁྲིམས་ལུགས་ཀྱི་ཆེ་མཐོང་དང་དབང་ཚད་རྡོག་རོལ་གཏོང་མི་ཆོག གལ་སྲིད་མི་སུ་འདྲ་ཞིག་དང་འབྲེལ་པ་ཆགས་ཀྱང་ཁྲིམས་དང་འགལ་ཡོད་ཚེ། ཚང་མ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ལས་སྐྱང་ལང་དུ་གཏན་ནས་གཏོང་གི་མིན” ཞེས་བརྗོད་ཡོད་འདུག 

རྒྱ་ནག་དབྱེ་ཞིབ་པ་དག་གིས་གསར་ལམ་ཁག་ཏུ་དཔྱད་གཏམ་སྤེལ་དོན་ལྟར་ན། དེ་ནི་པའོ་ཞིས་ལའེ་ཁྲིམས་ལ་སྦྱར་བ་ཙམ་ཁོ་ན་མ་ཡིན་པར། རྒྱ་གཞུང་དབུས་ཆབ་སྲིད་རྒྱུན་ལས་མི་དགུའི་གྲོས་ཀྱི་ཀྲུག་ཡུང་ཁཱང་གཙོས། ཅཱང་ཙེ་མེན་གྱི་ཤོག་ཁག་གི་རྩ་བ་སློག་རྒྱུ་ཡིན་པའི་སྔོན་བརྡ་ཞིག་དང་། རྒྱ་གཞུང་དམར་ཤོག་དཔོན་རིགས་ནང་ཁུལ་གྱི་འཐབ་རྩོད་དེ་ཁྱོ་ཤི་ང་གསོན་གྱི་ཛ་དྲག་གི་གནས་སྟངས་ལ་སླེབས་ཟིན་པ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་འདུག 

པའོ་ཞིས་ལའེ་དང་ཁོའི་ཆུང་མ་ཀུའུ་ཁའེ་ལའེ་གཉིས་ནི་རྒྱ་གཞུང་མཐོ་རིམ་དབང་འཛིན་དཔོན་རིགས་ཀྱི་རྒྱུད་པ་ཡིན་པར་མ་ཟད། ཁོ་གཉིས་ཀྱི་ཕ་རྒན་པའོ་ཡུས་པའོ་དང་ཀུའུ་ཡུན་ཧྲིན་གཉིས་ལ་དེ་སྔོན་རྒྱ་ནག་དམག་ཁུལ་ནང་ཤུགས་རྐྱེན་ཆེན་པོ་ཡོད་པའི་མི་སྣ་གཉིས་ཆགས་ཡོད་པ་རེད། ཉེ་ཆར་རྒྱ་ནག་དམག་ཁུལ་དུའང་ཆབ་སྲིད་ལངས་ཕྱོགས་དང་བཀོད་འདོམས་དབང་ཚད་ཀྱི་ཐད་གླེང་ཕྱོགས་སྣ་ཚོགས་ཡོང་གི་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༣ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༦ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨

མཆན། 6

  1. མི་རྒོད། says:
    ལོ་ 14 སྔོན།

    པའོ་ཞི་་ལིས་མེ་རོ་འབར་བཞིན་འདུག། རྒྱ་མི་དམར་པོས་ངོ་མདོང་ཟགས་བཞིན་འདུག། རྒྱ་མི་རིགས་སྒྲིག་ན་ཆིག་སྒྲིལ་རེད། རྒྱ་མི་རིགས་འཐོར་ན་ཆུ་འཐིམས་རེད། དོན་འདི་འདྲ་གོང་འཕེལ་ཡོང་བ་ཤོག།།།།

    Reply
  2. གཉའ་འབྲོང་ཐུ་བུ། says:
    ལོ་ 14 སྔོན།

    ཁ་བྱང་ལ་བལྟས་ནས་ཏང་གི་པའོ་རྩ་འཛུགས་ལ་ཅི་ཞིག་གི་འགན་ཡོད་པ་ཡིན་ནམ་བསམས་སོང་། ཡིན་རྒྱུ་ནི་ཡིག་ནོར་གྱིས་ལམ་ལོག་ཏུ་ཁྲིད་པ་རེད་འདུག

    Reply
  3. ཤིང་ལོ། says:
    ལོ་ 14 སྔོན།

    ཏང་གི་རྩ་འཛུགས་ལ་སུ་འགལ་ཡོད་མེད་ནི་དབང་འཛིན་པའི་གཡོན་མིག་ལས་ལྟ་རྒྱུ་མ་གཏོགས་གཞི་འཛིན་རྩ་འཛུགས་ཀྱི་ཁྲིམས་ལུགས་གང་ཡོད་དམ། ད་རུལ་སུངས་དང་རྣམ་སྨིན་གྱི་རྩ་འཛུགས་འགད་ལ་ཉེ་བས། ཚང་མས་ནག་ཚང་ལ་ལྟོས་ཤིག

    Reply
  4. ཕྱུགས་རྫི says:
    ལོ་ 14 སྔོན།

    ཏང་གི་མགོ་སྟེང་རིམ་བཞིན་ལོག་ཡོང་གི་འདུག་་ད་ཡིན་ན་བཟང་གི་ནང་ཕན་ཚུལ་ལ་ཁྱོད་ཤི་ང་གསོན་དགོས་ངེས་རེད་་་་ད་དང་མུ་མཐུད་ནས་ཉན་ནས་ཡོད།

    Reply
  5. ཁམས་པ། says:
    ལོ་ 14 སྔོན།

    པའོ་འདྲེ། ཁྱོད་ལ་དེ་དགོས་ངེས་རེད། ཁྱོད་ཀྱིས་སྔོན་མ་ཚོགས་འདུ་ཞིག་གི་སྐབས་བོད་ལ་ད་དུང་དྲག་གནོན་བྱེད་དགོས་པའི་བསམ་ཚུལ་བཏོན་འདུག་ཟེར།

    Reply
  6. བདུད་འདུལ་ཐོག་རྒོད། says:
    ལོ་ 14 སྔོན།

    གསར་འགྱུར་ཚ་བོ་ཚ་རྐྱང་རེད། ཁ་བྱང་དེའང་མིག་ལ་ཟུག་འགྲོ་ན་དེ་བས་ཀྱང་ཡག་ས་རེད། གསར་འགྱུར་འདི་འདྲ་འབྲི་འཚོལ་རྒྱུ་གལ་ཆེན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese