རྒྱ་ནག་གཞུང་གིས་ལྷ་སའི་མངའ་ཁུལ་གྱི་དགོན་སྡེ་ཁག་ཡོངས་སུ་བརྙན་འཕྲིན་གསར་འཛུགས་ཀྱི་ལས་གཞི་ལག་བསྟར་བྱས་འདུག
རྒྱ་ནག་གཞུང་གིས་ ༢༠༠༩ ལོའི་ཟླ་བ ༣ པ་ནས་བཟུང་ལྷ་སའི་འདམ་གཞུང་དང་སྙེ་མོ། ཆུ་ཤུར་བཅས་རྫོང་ཁག་གསུམ་ལྷག་གི་དགོན་སྡེ་ཁག་ཏུ་བརྙན་འཕྲིན་དང་གློག་བརྙན། ཚགས་པར་སོགས་མཁོ་སྤྲོད་བྱ་རྒྱུའི་ཚོད་ལྟ་བྱས་ཡོད་པ་དང་། ༢༠༡༡ ལོར་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་ཁག་ཡོངས་སུ་ལག་བསྟར་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ལྷ་སའི་དགའ་ལྡན་དགོན་དུ་དངོས་སུ་ལག་བསྟར་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་དགའ་ལྡན་གཙོས་པའི་ལྷ་སའི་ཉེ་ཁུལ་གྱི་དགོན་སྡེ་ཁག་ཏུ་སྲུང་སྐར་ཐད་གཏོང་བསྡུ་ལེན་འཕྲུལ་ཆས་ ༡༠༡༣༡ ལྷག་དང་བརྙན་འཕྲིན་ཆེ་ཆུང་གྲངས་ ༨༥༠༨ ། ད་དུང་དགའ་ལྡན་དགོན་དང་མཚུར་ཕུ་དགོན་པའི་ནང་གློག་བརྙན་སྟོན་མཁན་རུ་ཁག་གསར་འཛུགས་དང་། ཉིན་ལྟར་དགོན་སྡེ་ཁག་ཏུ་ ༼ལྷ་སའི་དགོང་དྲོ་ཚགས་པར༽ བོད་ཡིག་ཚགས་ཤོག་གྲངས་ ༡༠༣༧དང་ ། ༼མི་དམངས་ཉིན་རེའི་ཚགས་པར༽བོད་ཡིག་ཚགས་ཤོག་གྲངས་ ༢༣༡། ༼བོད་ལྗོངས་ཉིན་རེའི་ཚགས་པར༽བོད་ཡིག་ཚགས་ཤོག་གྲངས་ ༤༦༢ བསྐྱལ་བ་དང་། དགོན་སྡེ་ཁག་ཏུ་དཔེ་སྒྲོམ་ ༣༡༥༥སྒྲིག་སྦྱོར་དང་མཉམ་དུ་འཕྲོད་བསྟེན་དང་བདེ་སྲུང༌།ཚན་རྩལ། རིག་གཞུང་། ལོ་རྒྱུས་སོགས་ཀྱི་དཔེ་དེབ་ཁྲི་ ༡༧ སྤྲད་ཡོད་འདུག་ལ། མ་འོངས་པར་ཆབ་མདོ་ས་ཁུལ་གྱི་བྱམས་པ་གླིང་དང་གཞིས་ཀ་རྩེ་བཀྲ་ཤིས་ལྷུན་པོ་དགོན་པ་གཙོས་པའི་དགོན་སྡེ་ཁག་གཞན་དུ་ལས་གཞི་དེ་དག་ལག་བསྟར་བྱ་རྒྱུ་ཡིན་འདུག
གནས་ཚུལ་འདིའི་ཐད་ལྷ་ས་གྲོང་ཁྱེར་དྲིལ་བསྒྲགས་འགན་འཛིན་ཝུན་ཞུའེ་ཆིན་འབོད་པས། “ ལས་གཞི་དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་ཁག་ལ་ཆེད་དུ་དམིགས་པའི་སྲིད་ཇུས་ཤིག་ཡིན་པ་དང་། གྲྭ་བཙུན་རྣམས་ལ་སྨན་བཅོས་དང་རྒན་གསོའི་འགན་ལེན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་གནང་བཞིན་པ་མཁྱེན་རྟོགས་ཡོང་ཐབས་ལ་འབད་པ་བྱ་རྒྱུ་ཡིན་པ་དང་། མ་འོངས་པར་ལྗོངས་དང་གྲོང་རྡལ་ཡོངས་སུ་ལས་གཞི་རྒྱ་སྐྱེད་བྱ་རྒྱུ་ཡིན། ”ཞེས་བརྗོད་ཡོད་འདུག
མི་རྟག་པས་ཟིན་པའི་སྨྱུགས་མིང་ལགས་ནས་དགོངས་འཆར་སྟོན་པ་དེར་གུས་མོས་འཐུན་ཡོད་ལ། རེ་སྐུལ་ཡང་ཞུ་ཡི་ཡོད་དོ་དྲྭ་བ་ཡི་ས་སྐྱོང་བ་རྣམས་ལ་། ཐུགས་རྗེ་ཆེ།།།།
དངོས་གནས་ཡག་པོ་འདུག་ དེང་སང་གྲྭ་པ་དེ་ཚོ་དངོས་གནས་སྤྱི་ཚོགས་གི་གོ་རྟོགས་མ་སད་པ་དཔེ་མང་པོ་རེད་ དངོས་གནས་བྱས་ན་དུས་རབ་ཉེར་གཅིག་པ་འདིའི་ནང་ནས་ཉིན་རེའི་གསར་འགྱུར་མ་ཆད་པ་ལྟ་དགོས་པ་གལ་ཆེན་ཞེ་དྲག་རེད་ ཐ་ན་ཡང་བདུན་རེའི་གསར་འཕྲིན་མ་་ཆད་པ་ལྟ་དགོས་དེ་ཆད་ན་དེས་སང་གི་སྤྱི་ཚོགས་དེ་ནས་རྗེས་ལུས་ཐེབས་ཚར་བ་རེད་
ཐུགས་རྗེ་ཆེ་ལགས་།
༄། འདི་ནི་དུས་ཐོག་ཆར་པ་སྟེ། ཡིད་ཀྱི་ཞིང་ས་སྨིན་པར་བྱེད། །འདི་ནི་གནད་ཀྱི་མེ་བཙའ་སྟེ། །སྐྱོན་དང་ཉེས་པ་ཀུན་ལས་སྒྲོལ།
༄། འདི་ནི་དུས་ཐོག་ཆར་པ་སྟེ། །ཡིད་ཀྱི་ཞིང་ས་སྨིན་པར་བྱེད། །འདི་ནི་གནད་ཀྱི་མེ་བཙའ་སྟེ། །སྐྱོན་དང་ཉེས་པ་ཀུན་ལས་སྒྲོལ། །
གྲྭ་པ་བརྙན་འཕྲིན་བལྟ་རྒྱུར་དགའ་པོ་ཡོད་པ་མ་རེད་པས།
རེད་རེད། འདི་གསར་པ་ཅི་མི་འདུག་།།།
འདི་ཚོ་གསར་པ་གང་ཡང་མ་རེད་ཁ་སྔོན་ནས་ལག་ལྟར་བྱེད་བཞིན་པ་རེད།