མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུས་གཙང་ཆོལ་ཁའི་ཚོགས་ཆེན།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་ཕྱི་ཟླ་ ༩ པའི་ནང་ངྷ་སར་དབུས་གཙང་ཆོལ་ཁའི་ཚོགས་ཆེན་བསྐང་སྟེ། ༸རྒྱལ་བའི་སྐུ་ཕྱཱ་དང་བོད་ནང་རང་ལུས་མེར་བསྲེཊ། བཀའ་ཤག་གསར་པའི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་ཕྱོགས་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་འདུག

དེ་རིང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་ངྷ་ས་མེག་གྷན་ཆིག་སྒྲིལ་ཚོགས་པའི་ཚོགས་ཁང་དུ། དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་རྒྱུན་ལས་ཁང་གིས། ད་ལོའི་ཕྱི་ཟླ་ ༩ པའི་ནང་དབུས་གཙང་དབུས་ས་གཉིས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་བསྐང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་ཅིང་། ཚོགས་ཐོག་ཏུ་དབུས་རྒྱུན་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་ནི། ༸རྒྱལ་བའི་སྐུ་ཕྱཱ་དང་བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་གནས་སྟངས།  ༸གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲོད་གནང་རྗེས་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གནང་ཕྱོགས་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་སྐོར་བརྗོད་སོང་།

གསལ་བསྒྲགས་དེའི་ནང་འཁོད་དོན་ལྟར་ན། ད་ཐེངས་ཀྱི་ཚོགས་འདིའི་གྲོས་གཞི་ཁག་ནི་༸གོང་ས་མཆོག་གི་སྐུའི་ཉེན་སྲུང་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལས་འགུལ་སྤེལ་ཕྱོགས། དབུས་གཙང་མི་མང་གིས་ལོ་ ༣༦༩ རིང་དགའ་ལྡན་ཕོ་བྲང་ལ་བློ་སྙིང་མཆིན་གསུམ་གཏད་དེ་ཞབས་འདེགས་ཞུས་ཡོད་པ་ལྟར། ད་དུང་ཡང་དབུས་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགས་ཞུ་ཕྱོགས། དབུས་གཙང་སྒྲིག་འཛུགས་ཚགས་ཚུད་སྲ་བརྟན་གཏོང་ཐབས། བོད་ཀྱི་སྐད་ཡིག་རིག་གཞུང་སྤྱི་དང་། བྱེ་བྲག་དབུས་གཙང་ཆོལ་ཁའི་ལུང་ཚན་སོ་སོའི་སྐད་ཡིག་གོམས་སྲོལ་དང་བཅས་པའི་ལོ་རྒྱུས་ཕྱོགས་སྒྲིག  དབུས་གཙང་མི་རབས་རྒན་པ་དང་བགྲེས་ཡོལ་ལས་བྱེད་སོགས་བྱས་རྗེས་ཅན་གྱི་ལོ་རྒྱུས་ཕྱོགས་སྒྲིག་དང་གཞོན་སྐྱེས་ཚོར་ལམ་སྟོན་གནང་ཕྱོགས་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་འདུག

ཐེངས་འདིའི་ཚོགས་ཆེན་ལ་ཕེབས་མཁན་དག་ནི་དབུས་གཙང་ཆོལ་ཁའི་ཁོངས་གཏོགས་སྐྱིད་སྡུག་ཚོགས་པ་ཁག་གི་འཐུས་མི་དང་། མི་རབས་རྒན་པ། བཀའ་ཟུར་དང་གཞུང་ཞབས་ཟུར་པ། སྤྱི་ཟུར། དབུས་རྒྱུན་དང་ས་གནས་རྒྱུན་ལས་ཟུར་པ་སོགས་ཡིན་འདུག

དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནི་ ༡༩༨༢ ལོར་གསར་དུ་བཙུགས་པ་དང་། ད་ཆར་ཚོགས་པ་འདིར་རྒྱ་བལ་འབྲུག་གསུམ་དང་། སུད་སི། ཨ་རི་བཅས་ཀྱི་ནང་ཡན་ལག་ཚོགས་པ་ ༢༥ ཙམ་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 5

  1. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 14 སྔོན།

    ཏཱ་རེ་མ། ཁྱེད་རང་རྒྱ་ཁྱི་ཁུག་རྟ་རེད་། ངས་ཁྱེད་སུ་ཡིན་གསལ་པོ་ཤེས་ཀྱི་ཡོད་ཀྱང་ཁྱེད་གྱི་ང་སུ་ཡིན་ཤེས་མི་འདུག། སྙིང་རྗེ་དོན་མེད་གོ་ནོར་མ་ཐད་། ངོ་མ་ང་སུ་ཡིན་ཤེས་འདོད་ན་ངེད་རང་གི་སྒེར་གཉེར་དྲ་ཚིགས་ནང་ཕེབས་ཤོག། དོན་མེད་སྤྱི་ཚོགས་དཀྲོགས་ཅན་མ་བཟོ་། ཁྱེད་རང་ཟླ་བ་ཚེ་རིང་གི་ལག་ཏུ་ལེན་པའི་དངུལ་དེར་ང་རང་མཉམ་ལས་བྱེད་འདོད་མེད་།

    Reply
  2. ཏཱ་རེ་མ། says:
    ལོ་ 14 སྔོན།

    འབྲས་སྤུངས་ཀི་བླ་རྒན་བཀོར་ཟན་ཐེ་ཝན་ཕོག་ཟན་གྱི་རིགས་རྒྱད་དྲང་བདེན་གྱི་སློང་མོ་བ་ཟེར་བ་འདི་ཚོས་དབུས་གཙང་ཚོགས་གཙོ་ཟླ་བ་ཙེ་རིང་ལ་ཅི་ལྟར་ལབ་ཀྱང་ཁོང་ནི་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ཚོགས་གཙོ་དང་། བོད་སྤྱི་ཐུས་ནང་གི་རེད་འདུག
    དབུས་གཙང་དམ་པའི་ཚོགས་ཆེན་རྒྱལ་ལོ། བོད་རྒྱལ་ལོ། བྱ་བ་དོན་ཆེན་འགྲུབ་པར་སྨོན་ནོ།

    Reply
  3. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 14 སྔོན།

    རྣམ་པ་ཚོའི་དགོངས་པ་བཞེད་དང་ཟླ་བ་ཚེ་རིང་གི་བྱེད་སྟངས་མང་ཆེ་བ་སྤྱི་སྒྱུ་སྒེར་བདག་དང་སྤྱི་དོན་རང་དོན་གི་ཕྱོགས་ལ་འབད་བརྩོན་གནང་བ་ཞིག་མཐོང་ཐུབ། དེ་རིང་ཡང་ཁོ་པས་གསལ་བསྒྲགས་འདིའི་ནང་གཟིགས་དང་ད་ལོའི་ཕྱི་ཟླ་ ༩ པའི་ནང་དབུས་གཙང་ཚོགས་ཆེན་བསྐང་རྒྱུ་ཡིན་ལབ་པ་དེ་ནི་རང་གཞུང་གི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་དེ། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༥ ནས་ ༢༨ བར་ངྷ་རམ་ས་ལར་ཚོགས་གཏན་ཁེལ་པའི་གསལ་བསྒྲགས་གནང་བའི་རྗེས་སུ་བྱེད་པ་ཞིག་རེད་། དེ་ཡང་རང་གཞུང་གི་ཆེད་དུ་གདན་དྲང་པའི་བཀའ་སྤྱི་ཟུར་བ་དང་ད་ཡོད་གཞུང་གི་ལས་དོན་བྱེད་བཞིན་པ་སོགས་དབུས་གཙང་ཁོངས་ཀྱི་དམིགས་བསལ་ཚོགས་ཆེན་ལ་ཕེབས་མཁན་རྣམས་ཁོང་གི་རེ་བ་ལྟར་ན་དབུས་གཙང་ཚོགས་ཆེན་ལ་གདན་དྲང་པ་ལྟར་བུའི་ངོ་བོ་འགྱུར་རྒྱུའི་རེ་སྟོང་བཅངས་འདུག། འདི་ནི་རང་གཞུང་གི་དམིགས་བསལ་ཚོགས་ཆེན་གྱི་ནུས་ཤུགས་བཅག་ཐབས་དང་ཆོལ་ཁའི་ཕྱོགས་ལྷུང་རྒྱས་ཐབས་ཀྱི་ལས་འགུལ་ཞིག་མ་རེད་གམ། གལ་སྲིད་དེ་བཞིན་མདོ་སྟོད་སྨད་གཉིས་ནས་ཆོལ་ཁའི་ཚོགས་ཆེན་ལ་འགྱུར་ཐབས་གནང་བ་ཡིན་ན་དམིགས་བསལ་ཚོགས་ཆེན་དེ་ཆོལ་ཁའི་ཚོགས་ཆེན་ལ་འགྱུར་བ་རེད་།

    Reply
  4. མི་རྒོད། says:
    ལོ་ 14 སྔོན།

    དུས་བབ་ལགས་ངས་སྟོན་པའི་དབུས་གཅང་ཆོལ་ཁའི་མཆན་དེ་འགོད་རོགས་དེ་གལ་ཆེ་ཡིན་དེ་ལ་གསང་དགོས་རྒྱུ་ཅི་མེད་དོ།།།

    Reply
  5. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ཁྱེད་རྣམས་ཀྱི་གྲོས་བསྡུར་བརྗོད་གཞི་ཁག་ལ་བགྲོ་གླེང་ལྷུགས་པོ་དང་ལམ་ལྷོངས་ཡོང་བའི་རེ་བ་ཧ་ཅང་ཆེ། དམིགས་བསལ་དུ། དབུས་གཙང་ཆོལ་ཁའི་ལུང་ཚན་ཁག་གི་ལོ་རྒྱུས་ཕྱོགས་བསྒྲིགས་བྱེད་ཐུབ་ན་ཧ་ཅང་དགེ་མཚན་ཆེ། དེ་ཡང་རབ་བྱུང་ན། སྐད་ཡིག་གསུམ་ལྡན་ཐོག་བྱུང་ན་དེ་བས་དགེ་མཚན་ཆེ། དབུས་གཙང་ཆོལ་ཁའི་ནང་དུ་མིའི་ནུས་པས་ཕོངས་མེད། ཡིན་ན་ཡང་ད་བར་དེའི་ཐོག་ལ་གོམ་པ་སྤོས་མ་ཐུབ་པར་ལུས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese