མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་འཕཊ་སྐྱབས་དང་བསོད་ནམས་གཉིས་ཀྱི་ཁ་ཆེམས།

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་དང་བསོད་ནམས་གཉིས་ཀྱིས་ལག་ཁྱེར་ཁ་པར་ཞིག་གི་ནང་ཁ་ཆེམས་བཞག་ཡོད་པ་ལག་སོན་བྱུང་ཡོད་འདུག

ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཇོ་ནང་ཛམ་ཐང་དགོན་བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འཁྲིས་སུ། འཛམ་ཐང་བར་མ་ཡུལ་ཚོའི་རང་ལོ་ ༢༥ ཡིན་པའི་ཆོས་འཕགས་སྐྱབས་དང་རང་ལོ་ ༢༤ ཡིན་པའི་བསོད་ནམས་གཉིས་ཀྱིས། རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་དུ་གཏོང་བཞིན་པའི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་སྐུ་གཤེགས་ཡོད་པ་ལྟར། ཉེ་ལམ་ཁོང་གཉིས་ཀྱིས་རང་ལུས་མེར་བསྲེགས་མ་བཏང་སྔོན་དུ་ལག་ཁྱེར་ཁ་པར་ཞིག་གི་ནང་ཁ་ཆེམས་ཞིག་བཞག་ཡོད་པ་ལག་སོན་བྱུང་སྟེ། མི་མང་པོ་ཞིག་གིས་ཁ་པར་བརྒྱུད་དེ་ཕན་ཚུན་ལ་གཏོང་རེས་བྱས་ཏེ་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད་འདུག

ལག་སོན་བྱུང་བའི་ཁོང་གཉིས་ཀྱི་ཁ་ཆེམས་ནང་། “  ཁོང་གཉིས་ཀྱི་རང་ལུས་མེར་བསྲེགས་གཏོང་དགོས་དོན་ནི། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད། བྱེ་བྲག་བོད་མི་རིགས་ཀྱི་རང་དབང་གི་ཆེད་དུ་ཡིན་ཚུལ་དང་། ཡང་ངེད་གཉིས་མི་ཡུལ་འདིར་ཕ་མ་སྤུན་མཆེད་དང་། གཉེན་ཉེ་དུ་རྣམས་དང་ལྷན་དུ་འདུག་འདོད་མེད་པ་མིན་མོད། འདུག་པའི་རང་དབང་མི་འདུག་ཅེས་དང་། དེ་བཞིན་དུ་ཁོང་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་རྗེས་ཁོང་གཉིས་ཀྱི་ཕུང་པོ་རྒྱ་མིས་འཁྱེར་ངེས་ཀྱང་། ནང་མི་སྤུན་མཆེད་དང་སྡེ་མི་སུས་ཀྱང་དེ་ལ་བཀག་འགོག་བྱེད་མི་དགོས། ཁོང་ཚོར་ག་རེ་བྱེད་ན་བྱེད་དུ་ཆུགས། ”ཞེས་སོགས་བཀོད་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པར་འབྲེལ་ཡོད་ཀྱིས་བརྗོད་དོན་ལྟར་ན། ཉེ་སྔོན་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་དང་ཆོས་འཕགས་སྐྱབས། བསོད་ནམས་བཅས་ཀྱི་ཁ་ཆེམས་དང་དཔའ་བོའི་སྙིང་སྟོབས་སོགས་ཀྱིས་འཛམ་ཐང་གི་བོད་མི་ཚོ་གཉིད་ལས་སད་པ་ལྟ་བུར་གྱུར་ཏེ། འཛམ་ཐང་གི་ཇོ་ནང་དགོན་པ་ཁག་གཙོས་སྐྱ་སེར་དབྱེར་མེད་ཀྱིས་ཁོང་གཉིས་ལ་གདུང་སེམས་མཉམ་སྐྱེད་ཆེད་མཆོད་འབུལ་སྨོན་ལམ་འཚོགས་དང་ཚོགས་བཞིན་པ་མ་ཟད། མི་སྐྱ་ཚོས་ནང་འཛིང་དང་ནང་རྐུན་མི་བྱ་བའི་དམ་བཅའ་འབུལ་བཞིན་ཡོད་འདུག་ལ། ཕྱི་ཚེས་ ༢༣ ཉིན་བོད་མི་སྐྱ་སེར་ ༥༠༠༠ ལྷག་ཇོ་ནང་དགོན་ཆེན་དུ་འཛོམས་ཏེ། ཉེ་སྔོན་ནས་མི་མང་གིས་དགོན་པར་ཕུལ་ཡོད་པའི་མཚོན་ཆ་ཚང་མ་ མེར་བསྲེགས་བཏང་ཡོད་འདུག  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༢ སྔོན་ལ།
Front Slider

Public Reactions to the Election Results | Real Opinions & Views

ཆུ་ཚོད་ ༣ སྔོན་ལ།
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

ཆུ་ཚོད་ ༤ སྔོན་ལ།
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

ཆུ་ཚོད་ ༧ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༥/༡༩
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

༢༠༢༦/༠༥/༡༨

མཆན། 7

  1. གངས་ཕྲུག says:
    ལོ་ 14 སྔོན།

    སྐུ་ཞབས་ཚངས་དབྱངས་ལགས་རྒྱལ་གཅེས་དཔའ་པོ་དེ་གཉིས་ཀྱིས་ཁ་ཆེམས་ཚངས་མ་དྲྭ་ཐོག་ཏུ་འགོད་རོགས་གནང་།

    Reply
  2. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    ཕྱི་སྡོད་སྤུན་ཟླ་ཚོ། ང་ཚོས་ཁྲོམས་སྐོར་རེ་དང་མཆོད་འབུལ་སྨོན་ལམ་ཙམ་རེའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་འདི་དག་ལ་གདུང་སེམས་མཉམ་བསྐྱེད་ཇི་ལྟར་ཡོང་། གླིང་ཚ་མ་བུ་གསུམ་གྱི་ཆོད་སེམས་འདྲ་བ་སུར་ཡོད་ཀྱང་དོན་ཐོག་ཏུ་འགེལ་རན་འདུག ངར་མཚོན་ན་འདི་དག་གི་ཆེད་དུ་མཆོད་འབུལ་ཙམ་དང་ཁྲོམས་སྐོར་མི་ཉུང་བ་ཙམ་ལས་གཞན་པའི་ལས་འགུལ་གང་ཡང་འཇོན་མེད། ད་ནི་འདི་ཙམ་གྱིས་ནི་ངས་གང་ཡང་མ་བྱས་པའི་ཚོར་སྣང་ཡོང་གི་འདུག

    Reply
  3. མིག says:
    ལོ་ 14 སྔོན།

    འཆར་གཞི་ལྡན་པ་ཞིག་གི་ལས་འགུལ་སྤེལ་སྟངས་དེ་མི་འདྲ་བ་འདུག

    Reply
  4. ཐུབ་བསྟན། says:
    ལོ་ 14 སྔོན།

    དམར་པོ་མེ་ཡིས་སྲེག་ལ་ཡ་མི་ང་།།
    དམར་དམག་སྔུན་ནས་མཆོང་ལ་ཐེ་མི་ཚོམ།།
    དམར་ཡག་སྟག་འདྲའི་རྒྱལ་གཅེས་སྤུན་གཉིས་ཀྱི།།
    དམར་བའི་གཏམ་དེ་ཀུན་ཀྱིས་བརྗེད་མི་ཉན།།

    Reply
  5. སྦྲ་གསར་དཀར་ལོ། says:
    ལོ་ 14 སྔོན།

    གངས་རིའི་དབའ་རྒོད་རྣམ་གཉིས་ལ་ལྷ་ཕྱགས་གྲངས་མེད་དང་གུས་འདུད་ཞུ། ང་ཚོ་ཁ་བ་གངས་ཅན་ཡོངས་རྫོགས་ཁྱེད་གཉིས་ལྟ་བུ་ཡིན་རྒྱུ་ན་རྒྱ་དམར་མགྱོགས་ནས་མྱུར་དུ་ཕམ་ངེས་ཡིན།

    Reply
  6. ནད་པ says:
    ལོ་ 14 སྔོན།

    སྐྱེས་པའི་མི་ལ་གྲགས་པའི་གཏམ་ཞིག་དགོས།།
    དཔའ་བོའི་སྙན་གྲགས་ས་སྟེང་ཡོངས་ལ་གྲགས།།
    བྱས་པའི་ལས་ལ་གྲུབ་པའི་མཐའ་ཞིག་དགོས།།
    གཞི་བྱེས་མཉམ་འཛོམས་རང་དབང་ཐོབ་ངེས་ཡིན།།

    གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།

    ཨོཾ་མ་ཎི་པདྨེ་ཧུཾ།།

    Reply
  7. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ལྟོས་དང་་་་བུ་སྙིང་སྟོབས་ཅན་པོའི་ཁ་ཆེམས་འདིས་སེམས་འགུལ་ཐེབས་སུ་བཅུགས་སོང་་་་་འཛམ་ཐང་མི་མང་ལ་གདུང་སེམས་མཉམ་བསྐྱེད་དང་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese