མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་མཚན་ནོར་བུ་ནང་པའི་ཚོཊ་ཆེན་ལ་ཞུཊ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ཕུར་བུའི་ཉིན་རྒྱ་གཞུང་གི་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ། ཧོང་ཀོང་དུ་ཚོགས་པའི་འཛམ་གླིང་ནང་བསྟན་བགྲོ་གླེང་ཚོགས་ཆེན་སྟེང་ཞུགས་ཏེ་གཏམ་བཤད་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༥ ནས་ ༢༧ ཉིན་བར་རྒྱ་ནག་ནང་བསྟན་མཐུན་ཚོགས་དང་། ཧོང་ཀོང་ནང་བསྟན་མཉམ་འབྲེལ་ཚོགས་པ། ཀྲུང་ཧྭ་ཆོས་ལུགས་རིག་གནས་བརྗེ་རེས་ཚོགས་པ་བཅས་ཀྱི་མཉམ་འབྲེལ་ཐོག སྐབས་གསུམ་པའི་འཛམ་གླིང་ནང་བསྟན་བགྲོ་གླེང་ཚོགས་ཆེན་དེ་ཧོང་ཀོང་དུ་ཚོགས་ཡོད་འདུག་ལ། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དེར་འཛམ་གླིང་རྒྱལ་ཁབ་དང་ས་གནས་ཁག་  ༥༠ ལྷག་གི་གྲྭ་བཙུན་ ༡༠༠༠ ལྷག་མཉམ་ཞུགས་གནང་སྟེ།  དུས་ཡུན་ཉིན་གྲངས་གསུམ་རིང་ནང་བསྟན་ཆོས་ལུགས་དར་སྤེལ་གྱི་ད་ལྟའི་རྣམ་པ་དང་། ནང་བསྟན་ཆོས་ལུགས་ཀྱི་སྲོལ་རྒྱུན་དང་དེང་སྐབས། འཕེལ་རྒྱས་བཅས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་དང་གཏམ་བཤད་གནང་ཡོད་འདུག

ཐེངས་འདིའི་འཛམ་གླིང་ནང་བསྟན་བགྲོ་གླེང་ཚོགས་འདུའི་སྟེང་། རྒྱ་ནག་གཞུང་གི་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཚོགས་ཞུགས་གནང་ཡོད་ལ། ཁ་སང་ཕྱི་ཚེས་ ༢༦ ཉིན་རྒྱལ་མཚན་ནོར་བུ་ཡིས།  ནང་པ་སངས་རྒྱས་པའི་བསྟན་པ་ནི་འགྲོ་བ་སེམས་ཅན་གྱི་སྡུག་བསྔལ་སེལ་བྱེད་ཅིག་དང་། འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་མེད་དུ་མི་རུང་བའི་ལག་ཆ་ཞིག་ཡིན་སྐོར་དང་། ད་བར་འཛམ་གླིང་ཡུལ་གྲུ་གང་སར་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་དང་། ཁ་དབུགས་འབག་བཙོག་བཟོས་ཏེ། མིའི་རིགས་ལ་ནད་རིགས་འདྲ་མིན་ཡོང་པའི་རྒྱུ་རྐྱེན་གཙོ་བོ་མིའི་འདོད་རྔམ་ལ་བརྟེན་ནས་བྱུང་བ་ཞིག་ཡིོིན་སྐོར་གྱི་གཏམ་བཤད་གནང་ཡོད་འདུག

འདི་ནི་རང་ལོ་ ༢༢ ཡིན་པའི་རྒྱལ་མཚན་ནོར་བུ་རྒྱ་ནག་སྐམ་ས་ཆེན་མོའི་ཕྱི་ལོགས་སུ་ཚོགས་འདུར་ཞུགས་པ་ཐོག་མ་དེ་ཆགས་ཡོད།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

ཆུ་ཚོད་ ༣ སྔོན་ལ།
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༢༢ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༢༣ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༢༣ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༢༣ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡

མཆན། 8

  1. ལས་འབྲས says:
    ལོ་ 14 སྔོན།

    བགྲོ་གླེང་ཡག་གནང་འདུག།

    Reply
  2. ལས་འབྲས says:
    ལོ་ 14 སྔོན།

    དྲ་གྲོགས་ཚོས་རྒྱལ་མཚན་ནོར་བུའི་སྐོར་བགྲོ་གླེང་ཡག་པོ་གནང་འདུག་རྒྱལ་མཚན་ནོར་བུ་ནི་རང་ཉིད་ཀྱི་ཁ་དབང་ཡོད་ཚད་རྒྱ་ལག་ཏུ་ཡོད་པས་སྙིང་ཁྲག་བོད་དོན་དུ་ཞུལ་འདོད་ཀྱང་དབང་མེད་ལྕགས་རི་སྐོར་ནས་བྱ་ཐབས་བྲལ་བའི་ཉ་མོ་ཆུ་དང་བྲལ་བ་བཞིན་རང་གི་ཚེ་སྲོག་གི་བདག་དབང་རང་ལ་མེད་པ་་མཁྱེན་ལྡན་པ་ཡོངས་ཀྱིས་མཁྱེན་གསལ་སྟར་ཡིན། གཞན་ཁོང་ནི་མི་རིགས་ཀྱི་ལ་རྒྱ་དང་དངོས་ཡོད་གཞི་བཞག་མཁན་ཞིག་ཡིན་པ་ནི་དོགས་མ་དགོས་པ་ཡོངས་གྲགས་སུ་གནས་ཡོད། འོན་ཀྱང་བོད་མི་མང་དག་ཞིག་གི་ཁོང་ནི་མི་རིགས་ཀྱི་སྤྱང་ཀི་ཞིག་ལ་ངོ་འཛིན་གནང་གི་ཡོད་པ་འདྲ་དེ་ནི་དངོས་གནས་རང་ཉིད་ལམ་དེའི་ཕྱོགས་སུ་མ་སླེབས་པ་མ་ཟད་ལམ་དེ་ལ་ཟུར་ནས་ཀྱང་མ་བལྟས་པ་ཡིན་པ་ལས་ཁོང་གི་ནག་ཉེས་མིན་པར་མཁྱེན་དགོས་ང་ཚོ་བོད་པའི་སྤྱོད་ཚོགས་ནང་ལ་དང་པོ་ནས་དཔྱད་ཞིབ་མི་བྱ་པར་བསྟོད་ན་ཕྱོགས་ཕྱོགས་དང་སྨད་ན་ཕྱོགས་ཕྱོགས་ཁོ་ན་ལ་རྟེན་ནས་རང་ཉིད་ཀྱི་རྣམ་དཔྱོད་ལ་མ་རྟེན་པར་མི་ཁ་རྒྱུགས་ནས་དོན་མེད་མང་དག་ཞིག་ལ་ཡིད་ཆེས་དང་དངོས་ཡོད་ཡིན་ཁུལ་འཛིན་སྟོང་གཏམ་བསྒྲོགས་པ་དེ་ནི་དངོས་གནས་རྗེས་ལུས་ཀྱི་རྣམ་པ་ཡིན་པ་ལས་དྲང་བདེན་སྔོན་ཐོན་ལས་འདས་སོ།།

    Reply
  3. རང་དབང་རྒྱལ་སྲས། says:
    ལོ་ 14 སྔོན།

    ཆོས་པ་ཆབ་སྲིད་པའི་ལག་ཆར་གྱུར་ན་དེ་འདྲ་རེད།ནུས་པ་ཡང་ངེས་ཅན་ཞིག་འདོན་ཐུབ་ཀྱི་རེད།ད་དུང་བསམ་གཏན་རྡོ་རྗེ་འཕགས་མོ་ཡང་དེ་བཞིན་རེད།༧གོང་ས་མཆོག་ལ་ཡིག་ངག་གཉིས་ཀྱི་ཐོག་ནས་སྡིགས་མོ་མང་པོ་ཞིག་བྱས་དང་བྱེད་མུད་རེད།ཁོང་ཚོས་རང་ཉིད་ཀྱི་ཁ་ཕོར་འབའ་ཞིག་དང་།སེམས་སུ་སྒོར་མོ་དང་གོ་ས་འབའ་ཞིག་ལས་བསམ་རྒྱུ་མེད་མཁན་ཤ་སྟག་རེད།
    ཁོང་ཚོས་སྤུན་ཟླའི་ཤ་ཟ་མཁན་དང་ཁྲག་འཐུང་མཁན་དག་ཡིན་པས།ཁོང་ཚོ་ནི་འུ་ཚོའི་གུ་ཡངས་གཏོང་ཐབས་བྲལ་བའི་ལག་དམར་ལ་ངོ་འཛིན་བྱེད་དགོས།

    Reply
  4. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    རྒྱལ་མཚན་ནོར་བུ་མཆོག་ནི་རྒྱ་མིའི་བཙན་འོག་ཡོད་པས་ང་ཚོས་བསམ་ཤེས་བྱེད་དགོས།

    Reply
  5. སྐར་མདའ། says:
    ལོ་ 14 སྔོན།

    སྤྲུལ་རྫུན་རྒྱལ་མཚན་ནོར་བུའི་བཅོས་མའི་སྐད་ཆ་དེ་ཚོ་རྒྱ་ནག་རང་ལ་ཁ་ནང་བསྐོར་བྱེད་དགོས་པ་ཞིག་རེད། རྒྱ་གཞུང་ལས་ལྷག་པའི་ཁོར་ཡུག་གཏོར་བཅོམ་གཏོང་མཁན་ཚབས་ཆེན་ཞིག་གཞན་གང་དུ་ཡང་མེད། མི་ཤེས་ན་གཞན་ལ་ཕྲིས། མི་མཐོང་ན་སྒང་ལ་བུད། རྒྱ་གཞུང་གི་སྐྱག་ཕྲུག་རྒྱལ་མཚན་ནོར་བུ་ཡ་་་་་

    Reply
  6. བདུད་འདུལ་ཐོག་རྒོད། says:
    ལོ་ 14 སྔོན།

    རྒྱལ་མཚན་ནོར་བུ་སྐུ་སྒེར་ལ་ནོར་འཁྲུལ་གང་ཡང་ཡོད་པ་མ་རེད། འདུག་ས་འདུག་ལུགས་མ་འདྲ་བ་མ་གཏོགས་བཙོན་པ་ཡིན་པ་གཅིག་པ་རེད། ཡིན་ནའང་། གཅིག་བྱས་ན་ཁོསམ་འོངས་པར་བོད་པ་ཕན་ཐོག་ཡོང་སྲིད་པ་རེད། བླ་མ་ཟེར་བ་དེ་མཛད་པ་འཕྲིན་ལས་སུས་སྐྱོང་ཐུབ་མིན་ནས་ཐག་གཅོད་བྱས་ན་ཡག་པོ་མེད་འགྲོ།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཆོས་མིང་ཆབ་སྲིད་ལ་བེད་སྤྱོད་བྱས་ན་ཛོར་པོ་ག་ཚོད་འདུག་གམ། ཀུན་གྱིས་གཟིགས་ཤིག

    Reply
  8. གནས་ཚང་། says:
    ལོ་ 14 སྔོན།

    རྒྱལ་མཚན་ནོར་བུ་དང་མཉམ་དུ་སངས་རྒྱས་ཀྱི་རང་བསྲེལ་ཁྱེར་ཡོད་པ་མ་མཐོང་ངམ། དེའི་དམིགས་ཡུལ་ནི་རྒྱལ་མཚན་ནོར་བུར་མི་མཇལ་ཡང་རང་བསྲེལ་བློས་གཏོང་མི་ཕོད་པའི་ཆོས་དད་མང་ཚོགས་ཀྱི་བསམ་བློའི་གཉོམ་སར་འཇུས་ཡོད་པ་མ་རེད་དམ། སྲིད་དོན་དང་པཱ་ལེ་བསྲེག་ནས་བཙོང་སྟངས་གཅིག་པ་རེད་ལ། སྒྱུ་རྩལ་ཡང་གཅིག་པ་རེད། ཡིན་ནའང་། པཱ་ལེ་ལ་ནག་ནོག་ཡོད་པ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese