གཟའ་ཉི་མའི་ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱལ་ས་ཨོ་ཊ་ཝར་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁག་གི་ལོ་འཁོར་ཚོགས་འདུ་ཚོགས་ཡོད་འདུག
ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༦ པ་སྐོང་ཚོགས་གྲུབ་རྗེས། ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱལ་ས་ཨོ་ཊ་ཝར་ནང་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་རྣམ་པ་ལྷན་འཛོམས་ཀྱིས་དོན་གཅོད་ཁང་གི་ལོ་འཁོར་ཚོགས་འདུ་ཚོགས་ཡོད་འདུག ཐེངས་འདིའི་གྲོས་གཞི་གཙོ་བོ་བོད་མིའི་ཆབ་སྲིད་གནས་བབ་དང་དཔལ་འབྱོར། རིག་གཞུང་། ཕྱི་འབྲེལ་ཡར་རྒྱས་གཏོང་ཕྱོགས་ཐོག་བཀའ་བསྡུར་གནང་ཡོད་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁག་ནི། ལྡི་ལི་སྐུ་ཚབ་དོན་གཅོད། ཨ་རི་སྐུ་ཚབ་དོན་གཅོད། སུད་སི་སྐུ་ཚབ་དོན་གཅོད། ཉི་ཧོང་སྐུ་ཚབ་དོན་གཅོད། དབྱིན་ལན་སྐུ་ཚབ་དོན་གཅོད། ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་གཅོད། ཧྥ་རན་སི་སྐུ་ཚབ་དོན་གཅོད། ཨུ་རུ་སུ་སྐུ་ཚབ་དོན་གཅོད། ཨ་ཧྥི་རི་ཁ་སྐུ་ཚབ་དོན་གཅོད། ཐེ་ཝན་སྐུ་ཚབ་དོན་གཅོད། ལྷོ་ཨ་རི་སྐུ་ཚབ་དོན་གཅོད། བྷེལ་ཇམ་སྐུ་ཚབ་དོན་གཅོད་བཅས་ཡིན་འདུག
གསར་འགོད་པ། དཔལ་ལྡན།
བཟང་ཐོག་བཟང་བརྩེགས་རེད། ཐུགས་རྗེ་ཆེ་ཞུ། མ་ཟད་སྟན་འཛིན་འགྱུར་མེད་དང་བསོད་ནམས་རྒྱ་མཚོ་གཉིས་ལ་འང་མི་གཞིའི་དྲི་མ་ཞིག་འཐུལ་གྱིན་པས་བཟང་ཕྱོགས་སུ་མུ་འཐུད་ནས་འགྱུར་རྒྱུར་རེ་བ་ཞུ་འོ།།
མི་རྗེ་བཀའ་ཁྲི་གསར་བ་བསླེབས་ནས་བཟུང་ཕྱོགས་གང་ས་ནས་སྔོན་མ་དང་མ་འདྲ་བ་ཅུང་བཟང་ཕྱོགས་ལ་འགྱུར་བ་ཕྱིན་འདུག་བསམ་པ་བྱུང།
ད་དུང་མུ་མཐུད་ནས་ལྟ་ཆོག
ད་ཡིན་བོད་པ་གཉིད་ལས་ལྡང་འདུག་ད། ལས་དོན་འདི་རྣམས་སྔོན་དང་མི་འདྲ་བ་ཞིག་རེད་ཤག་བོད་མིས་རེ་བོ་དང་། གོང་ས་མཆོག་གིས་རེ་བོ་ཁྱེད་ཚོར་བཅོལ་ཡོད་པས་བོད་དོན་ཟབ་པོ་བྱས་ཏེ་གཟབ་གཟབ་གནང་རོགས།།
སྐུ་ཚབ་དོན་གཅོད་ཁག་ཚོགས་འདུས་སྐོང་ཚོགས་གནང་རྒྱུ་གལ་ཆེན་རེད། ལོ་འཁོར་ལས་དོན་འཇུག་འདོམ་དང་མ་འོང་པའི་ལས་དོན་བསྒྲུབ་ཕྱོགས་ལ་གོ་སྡུར་དགོས་ངེས་རེད། དོན་གཅོད་ཁག་ཤས་སོ་སོའི་ལས་དོན་ལ་སྤྱི་དོན་ལས་གལ་ཆེན་རྩི་མཁན་ཚོར་གཞུང་གིས་དེ་ལུགས་ཀྱི་ཐག་གཅོད་དང་ལམ་བསྟོན་གནང་གལ་ཆེ།།
ཚོགས་འདུ་འདི་འདྲ་ཞིག་སྐོང་ཚོགས་གནང་བར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ།