མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིན་ཀུང་ཁྲིན་ཕྱིར་ཕུད་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་ནག་གི་མིག་ལོང་ཁྲིམས་རྩོད་པ་ཁྲིན་ཀུང་ཁྲིན་ཨ་རིའི་གཞུང་ཚབ་ཁང་ནས་ཕྱིར་འབུད་དགོས་བྱུང་འདུག

དེ་རིང་ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོ་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་དྲ་བའི་སྟེང་། “ཤེས་རྟོག་བྱུང་གསལ་ལྟར་ན། ཧྲན་ཏུང་ཞིང་ཆེན་ཡུས་ནན་རྫོང་གི་ཡུལ་མི་ཁྲིན་ཀུང་ཁྲིན་ཕྱི་ཟླ་ ༤ ཟླ་མཇུག་ལ་ཨ་རིའི་གཞུང་ཚབ་ཁང་ནང་འཛུལ་ཏེ། ཉིན་ ༦ རིང་བསྡད་རྗེས་རང་འགུལ་ཐོག་ཕྱིར་བུད་འདུག” ཅེས་གནས་ཚུལ་སྤེལ་ཡོད་པ་རེད།

པེ་ཅིན་དུ་གནས་སྡོད་ཨ་རིའི་མཐོ་རིམ་དཔོན་རིགས་ཤིག་གིས་ཀྱང་གནས་ཚུལ་དེ་དངོས་བདེན་ཡིན་པའི་དཔང་སྐྱེལ་བྱས་ཡོད་ལ། ད་དུང་མིང་གསལ་འདོན་བྱས་མེད་པའི་དཔོན་རིགས་དེས། ཁྲིན་ཀུང་ཁྲིན་ད་ལྟའི་ཆར་པེ་ཅིན་གྱི་འཕྲོད་བསྟེན་སྡེ་ཁག་ཅིག་ནང་ཡོད་པ་དང་། རྗེས་ཕྱོགས་དེ་གར་ཁོ་ལ་སྨན་བཅོས་དང་ནང་མི་མཉམ་འཛོགས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

དེ་སྔོན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁག་ཅིག་གིས་བརྗོད་པ་ལྟར་ན། ཁྲིན་ཀུང་ཁྲིན་མ་འོངས་པར་ནང་མི་དང་མཉམ་དུ་ཨ་རིར་བསྐྱོད་འཆར་ཡོད་ཚུལ་བརྗོད་ཡོད།

དེ་རིང་ཕྱི་དྲོ་རྒྱ་ནག་ཕྱི་དྲིལ་མགྲིན་ཚབ་པ་ལིག་ཝེ་མཱེན་གྱིས་པེ་ཅིན་དུ་གསར་འགོད་ལྷན་ཚོགས་ཐོག “ཨ་རིའི་གཞུང་ཚབ་ཁང་གིས་རྒྱུན་ལྡན་མ་ཡིན་པའི་བྱ་ཐབས་སྤྱད་དེ། རྒྱ་ནག་གི་མི་སེར་ཁྲིན་ཀུང་ཁྲིན་ཨ་རིའི་གཞུང་ཚབ་ཁང་དུ་ཁྲིད་ཡོད། རྒྱ་གཞུང་གི་ཕྱོགས་ནས་དེའི་ཐད་བློ་ཕམ་ཆེན་པོ་ཡོད་ལ། ཨ་རིའི་བྱ་སྤྱོད་དེ་ནི་རྒྱ་ནག་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ཡིན་སྟབས་མཐའ་གཅིག་ཏུ་ངོ་རྒོལ་ཡོད།” ཅེས་བརྗོད་དེ། ཨ་རིའི་གཞུང་གིས་གནས་ཚུལ་དེའི་ཐད་རྒྱ་གཞུང་ལ་དགོངས་སེལ་དང་། གནད་དོན་དེ་དང་འབྲེལ་ཡོད་ཀྱི་འགན་ལེན་མི་སྣར་ཞིབ་བཤེར་ནན་མོ་བྱས་ཏེ་རྗེས་ཕྱོགས་གནས་ཚུལ་དེའི་རིགས་བསྐྱར་དུ་མི་འབྱུང་བའི་ཁས་ལེན་བྱ་དགོས་སྐོར་བསྒྲགས་འདུག 

ཨ་རིའི་ཕྱི་སྲིད་བློན་ཆེན་ཧའེ་ལའེ་རའེ་སང་ཉིན་ཕྱི་ཚེས་ ༣ ཉིན་གྱི་ཞོགས་པ་པེ་ཅིན་ཏུ་འབྱོར་གྱི་ཡོད་པ་ལྟར། ཨ་རྒྱ་གཉིས་ཀྱི་འཐབ་ཇུས་དང་ཚོང་དོན་གྲོས་མོལ་ཚོགས་འདུ་ཐེངས་བཞི་པ་མ་འཚོགས་པའི་ཉིན་གཅིག་གི་སྔོན་ཏག་ཏག་ལ། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་གྱི་ཁྲིམས་རྩོད་པ་ཁྲིན་ཀུང་ཁྲིན་ཨ་རིའི་གཞུང་ཚབ་ཁང་ནས་ཕྱིར་འབུད་དགོས་བྱུང་འདུག

ཉེ་བའི་ཟླ་གཉིས་ལྷག་རིང་རྒྱ་གཞུང་གི་རུལ་སུངས་ཉེས་ཅན་དཔོན་རིགས་ཝང་ལིས་ཅོན་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཁྲིམས་རྩོད་པ་ཁྲིན་ཀུང་ཁྲིན་གཉིས་སྔ་ཕྱིར་ཨ་རིའི་གཞུང་ཚབ་ཁང་ནང་འཛུལ་ཡོད་ཀྱང་། ཨ་རིའི་གཞུང་གིས་ “རང་འགུལ་ཐོག་ཕྱིར་འབུད་” ཞེས་པའི་མིང་འོག་ནས་རྒྱ་གཞུང་ལ་རྩིས་སྤྲོད་བྱས་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

མཆན། 9

  1. ཨ་མའི་བྱེ་རྡོ། says:
    ལོ་ 14 སྔོན།

    ༄༅།། བདེན་པའི་མཐའ་ནམ་ཡང་དཀར་བ་བདེན་ན་ཡང་རྫུན་གྱི་ཕུ་ཐག་ཀྱང་ཧ་ཅང་རིང་ཚོད་དུ་འདུག་པས། བདེན་རྫུན་གྱི་རྒྱལ་ཕམ་ནི་སུ་ཤུགས་ཆེ་མིན་ལྟ་བུ་ཆགས་མི་འདུག་གམ།

    Reply
  2. རེབ་ཐོག་མདའ says:
    ལོ་ 14 སྔོན།

    ད་ཨ་རི་ན་ཅང་མི་འདུག། དགེ་ཆོས་གསུང་བ་དེ་དངོས་གནས་བདེན་པ་རེད། ས
    སྐྲ་སེར་སྤྲེའུ་རིགས་ལ་བློ་གཏོད་མེད་པ་དེ་དངོས་གནས་ཡིན་ས་རེད་།

    Reply
  3. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    སྔོན་མ་ཡིན་ན་ཨ་རིའི་འཛམ་གླིང་གི་རྒྱལ་ཁབ་སུ་ཡིན་ཡང་ཉམས་མི་དམའ་བར་སྐད་ཆ་སྦོམ་པོ་བཤད་ཀྱིན་ཡོད་པ་རེད་་་་ད་ཡིན་ན་ཞུམ་འདུག་ཀ་་་་ཧཧཧ་་་་ད་རྒྱ་མིའི་གདོང་པ་མཐོང་དུས་མགོ་བོའང་ཙམ་སྒུར་གྱི་འདུག་པས་་་ད་མི་འདུག་ཡ་་་

    Reply
  4. ཀ་ཉག་ཚེ་རིང་། says:
    ལོ་ 14 སྔོན།

    འདི་ནི་འཕྲལ་གྱི་ཁེ་ཕན་ཆུང་ཆུང་གི་ཆེད་དུ་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་རྡོག་རོལ་ཏུ་བཏང་བའི་ཚབས་ཆེའི་གནད་དོན་ཞིག་རེད། གནད་དོན་འདིའི་རིགས་བྱུང་དུས་གནད་འགག་གི་སྐབས་སུ་ང་ཚོ་རང་ཉིད་ལ་རྒྱབ་སྐྱོར་བའི་རྩ་ནས་ལེན་རྒྱུ་ཅི་ཙམ་ཡོད་མེད་བསམ་ཤེས་ཐུབ་དགོས་པ་དང་། བསམ་བློ་ནན་ཏན་སྒོས་གཏོང་རྒྱུའི་སྐུལ་མ་ཞིག་ཐེབས་དགོས་པར་འདོད།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱལ་ཁྲིམས་དྲང་པོ་མེད་ན། མིག་ལོང་ཡིན་ཡང་། རྒྱལ་ཁབ་ཀྱི་དགྲ་བོར་རྩི་དགོས་བྱུང་བ་མིན་ནམ། ཧ་ཧ་འདི་འདྲའི་སྐྱུག་དྲོ་བའི་འཁོར་བ་གསར་པ་འདིའི་ལྟད་མོ་ཆེ་བ་ལགས།

    Reply
  6. བདེ་རྒྱལ། says:
    ལོ་ 14 སྔོན།

    ད་བྱས་དུས་འཛམ་གླིང་ན་དམངས་གཙོ་དང་དྲང་བདེན་མགོ་ལ་ཁུར་བའི་རྒྱལ་ཁབ་ཅིག་མེད་པ་རེད། གནད་དོན་འདིས་སྒེར་གཅོད་གང་ན་ཡོད་པ་རྣམས་ཀྱི་བསམ་འདུན་འགྲུབ་པ་དང་། གང་ན་སྙོམ་ཆུང་དང་དམངས་གཙོར་དུང་མཁན་དྲང་བདེན་རིགས་ཀྱི་མགོ་འཕང་སྨད་པ་རེད། ད་འཇིག་རྟེན་ན་རང་དོན་ལས་སྤྱི་དོན་དང་དྲང་བདེན་ཚང་མ་འདི་འདྲ་ཞིག་ཡིན་ཚེ་ས་ཡི་གོ་ལ་འདི་ཡང་གས་ཆག་ལ་ཐག་མི་རིང་སྙམ།

    Reply
  7. མི་ཆུང་། says:
    ལོ་ 14 སྔོན།

    དུས་རྒྱུན་དུ་ཨ་རིས་ཚོང་རྒྱག་གི་ཡོད་པ་ལས། འགྲོ་བ་མིའི་ཐོབ་ཐང་རྩོད་ཀྱི་མེད། དེ་སྔོན་ཀོ་རི་ཡ་དམག་དང་ཝི་ཐི་ནམ་དམག གློ་སྒྲིག་འཛུགས་ཀྱི་འཇབ་དམག ཨེ་རག་དང་ཡུ་གེ་སི་ལ་ཝི་ནང་། དེང་ཨབྷ་གན་ནི་སི་ཏན་ནང་སོགས་རེད། ཨ་རིའི་ཚོང་གི་ཞོར་ལ། སུ་ཡིན་ནའང་ཁེ་ཕན་རེ་རྩོད་ཐུབ་ན་ཡག་ཤོས་རེད།

    Reply
  8. norlhatso says:
    ལོ་ 14 སྔོན།

    འདིའི་ནང་གནས་ཚུལ་ཞིག་མངོན་པ་ནི་ཨ་མི་རི་ཀས་འགྲོ་བ་མིའི་ཐོབ་ཐང་གཡོ་ཚོང་བྱེད་ཀྱི་ཡོད་པ་དང་རྒྱ་ནག་སྒེར་གཅོད་གཞུང་གི་སྟུ་ལྡག་བཞིན་པའི་སྐྱུག་བྲོ་བའི་གསར་འགྱུར་ཞིག་རེད། ཁྱེད་ཚོས་བལྟས་ན་དེ་འདྲ་མ་རེད་དམ།

    Reply
  9. ལུང་རྟོགས། says:
    ལོ་ 14 སྔོན།

    ད་ངོ་མ་ཨ་རིས་ཞབས་འདྲེན་བཞགས་པ་ཉིན་རེ་བཞིན་ཇེ་མང་རེད། སྔོན་མའི་འཐབ་ན་མི་རྒྱལ་བ་མེད་པའི་ཨ་རི་དེ་དེང་སང་གཟའ་ཅི་རྡིབ་སོང་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese