མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མས་ཨབ་གྷན་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་ཁྱབ་བསྒྲགས།

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཨོ་བྷ་མ་གློ་བུར་དུ་ཨབ་གྷན་ནང་ཡོད་པའི་ཨ་རིའི་དམག་སྒར་ལ་ཕྱིན་ཏེ། ཨབ་གྷན་ནང་གི་དམག་འཁྲུག་མཚམས་འཇོག་དང་། ཨ་རིའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།

ཁ་སང་ཕྱི་ཚེས་ ༡ ཉིན་གྱི་དགོང་མོ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་གློ་བུར་དུ་ཨབ་གྷན་རྒྱལ་ས་ཀཱ་བྷུལ་བྱང་ཁུལ་བྷ་གྷི་རམ་(Bagram) ས་གནས་སུ་ཡོད་པའི་ཨ་རིའི་དམག་གི་རྟེན་གཞིར་བསྐྱོད་དེ། བྷེན་ལཱ་ཌན་དམར་གསོད་བཏང་སྟེ་ལོ་ ༡ འཁོར་བའི་དུས་དྲན་ཐོགཨབ་གྷན་ནང་གི་དམག་འཁྲུག་མཚམས་འཇོག་དང་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་དང་། སྐབས་དེར་ཨོ་བྷ་མས་ “འདས་པའི་ལོ་ ༡༠ ལྷག་རིང་ང་ཚོ་དམག་འཁྲུག་གི་སྤྲིན་ནག་འོག་ཕྱིན་པ་རེད། ད་ལྟ་ཨབ་གྷན་ནང་གི་དམག་འཁྲུག་མཇུག་སྒྲིལ་ལ་ཉེ་བའི་ཐོ་རེངས་འདིར། ང་ཚོས་ཞི་བདེའི་ཉི་མ་གསར་པ་ཞིག་གི་འོད་སྣང་མཐོང་བཞིན་ཡོད། ”ཅེས་སྐར་མ་ ༡༥ རིང་གི་གཏམ་བཤད་ཐུང་ངུ་ཞིག་སྤེལ་རྗེས།  ཐད་འཕུར་གནམ་གྲུར་བསྡད་དེ་ཨབ་གྷན་རྒྱལ་ས་ཀཱ་བྷུལ་དུ་ཕྱིན་ནས་ཨབ་གྷན་སྲིད་འཛིན་ཧཱ་མེ་ཌི་ཁཱར་ཛའེ་(Hamid Karzai) དང་ཐུག་འཕྲད་ཀྱིས། ཕྱོགས་གཉིས་བར་ཞི་བདེ་མཉམ་ལས་བྱ་རྒྱུའི་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད་འདུག

སྲིད་འཛིན་གཉིས་ཀྱིས་གྲོས་ཆོད་ལ་མིང་རྟགས་བཀོད་རྗེས། དེ་རིང་ཞོགས་པའི་ཆུ་ཚོད་ ༧ དང་ཕྱེད་ཀའི་སྟེང་། སྲིད་འཛིན་གཉིས་ལྷན་འཛོམས་ཐོག་བསྒྲགས་གཏམ་ཞིག་སྤེལ་ཡོད་ཅིང་། སྐབས་དེར་ཨོ་བྷ་མས་འབྱུང་འགྱུར་ཟླ་འགའི་ནང་ཚུད་ཨབ་གྷན་ནང་ཡོད་པའི་ཨ་རིའི་དམག་མི་ ༨༨༠༠༠ ལས་དམག་མི་ ༢༣༠༠༠ ཕྱིར་ཨ་རིའི་རྒྱལ་ཁོངས་སུ་ལོག་ཐུབ་པ་བྱ་རྒྱུ་དང་། ལྷག་མ་རྣམས་རིམ་བཞིན་ཕྱིར་འཐེན་གྱིས་ ༢༠༡༤ བར་ཨབ་གྷན་ནང་གི་ཨ་རིའི་དམག་དཔུང་ཡོངས་རྫོགས་ཕྱིར་འཐེན་བྱ་རྒྱུ། ཨབ་གྷན་དྲག་ཆས་དམག་ལ་སྦྱོང་བརྡར་སྤྲོད་རྒྱུ་དང་འཇིགས་སྐུལ་རིང་ལུགས་པ་རྩ་མེད་བཟོ་རྒྱུ་བཅས་ལ་མུ་མཐུད་ཨ་རིའི་དམག་གིས་ཐེ་ཇུས་བྱ་རྒྱུ་ཡིན་ཡང་། དེང་ཕྱིན་ཨབ་གྷན་ནང་ཨ་དམག་གི་རྟེན་གཞི་འཛུགས་རྒྱུ་ཙམ་ལས། ཨབ་གྷན་གྱི་གྲོང་ཁྱེར་དང་རི་ལུང་ཁག་ཏུ་སྟངས་འཛིན་ཐེ་ཇུས་བྱ་རྒྱུ་མིན་པར་བསྒྲགས་ཡོད།

ཨབ་གྷན་སྲིད་འཛིན་ཧཱ་མེ་ཌི་ཁཱར་ཛའེ་ཡིས་ “འདས་པའི་ལོ་བཅུ་ལྷག་རིང་ཨ་རིའི་དམག་དཔུང་གིས་ང་ཚོར་རོགས་འདེགས་བྱས་པ་དེ་ཨབ་གྷན་མི་མང་གིས་ནམ་ཡང་བརྗེད་མི་སྲིད། ཐེངས་འདིའི་ཕྱོགས་གཉིས་ཀྱི་གྲོས་ཆོད་ནང་འཇིགས་སྐུལ་རིང་ལུགས་པར་འགོག་རྒོལ་རྩ་གཏོར་གཏོང་རྒྱུར། ཨ་རི་དང་ཨབ་གྷན་གཉིས་ཀྱིས་མུ་མཐུད་མཉམ་འབྲེལ་བྱ་རྒྱུ་མ་ཟད། ཨ་རིའི་གཞུང་གིས་གྲོས་ཚོགས་ནས་ལོ་ལྟར་ཨབ་གྷན་ལ་རོགས་དངུལ་འཚོལ་རྒྱུའི་ཁས་ལེན་ཡང་བྱས་ཡོད”ཅེས་བརྗོད་ཡོད་འདུག

ཐེངས་འདིའི་ཨོ་བྷ་མའི་བྱེད་སྟངས་ཐད་ཆབ་སྲིད་དཔྱད་པ་དག་གིས། ལོ་སྔོན་མའི་ནང་ཨེ་རག་ནང་གི་དམག་འཁྲུག་མཚམས་འཇོག་དང་དམག་དཔུང་ཕྱིར་འཐེན་བྱས་པ་ལྟར།ད་ལྟ་ཨབ་གྷན་ནང་གི་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དེ་ནི། ཨོ་བྷ་མས་རང་ཉིད་བསྐྱར་དུ་འདི་ལོའི་སྲིད་འཛིན་འོས་བསྡུའི་ཁྲོད་རྒྱལ་ཁ་འཐོབ་ཆེད་འཁྲབ་སྟོན་ཐེངས་གཅིག་བྱས་ཡོད་པར་གླེང་།

ཨོ་བྷ་མ་ཨབ་གྷན་དུ་ཕྱིན་ཏེ་བྷེན་ལཱ་ཌན་དམར་གསོད་ཀྱི་དུས་དྲན་ལ་ཞུགས་པ་དང་། ཨབ་གྷན་ནང་གི་དམག་འཁྲུག་མཚམས་འཇོག་དང་ཨ་དམག་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པའི་ཐད། ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་རོམ་ནེ་(Mitt Romney) ཡིས། དེ་སྔོན་ཨེ་རག་ནང་གི་ཨ་དམག་ཕྱིར་འཐེན་གྱི་དུས་ཆད་བསླེབ་ལ་ཉེ་སྐབས་ཨོ་བྷ་མས་སྔ་ནུར་བྱས་པ་དང་། ཨབ་གྷན་ནང་གི་དམག་དཔུང་ཕྱིར་འཐེན་གྱི་དུས་ཆད་ ༢༠༡༤ ཡིན་པ་དེ་བསྐྱར་དུ་སྔ་ནུར་ཐོག་ཨ་དམག་གང་འཚམ་འཕྲལ་དུ་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ལྷག་པར་དུ་བྷེན་ལཱ་ཌན་དམར་གསོད་བཏང་པའི་དུས་དྲན་ལ་ཞུགས་པ་བཅས་ནི། ཁོ་རང་ཉིད་ཀྱི་རྒྱལ་ཁ་ཡིན་པར་འཁྲབ་སྟོན་བྱས་པ་ཞིག་ལས།ཨོ་བྷ་མས་ལག་ལེན་སྟེང་ཁོང་གི་སྲིད་འཛིན་ལས་ཡུན་རིང་གྲུབ་འབྲས་ལྡན་པའི་ལས་དོན་ཞིག་བསྒྲུབས་ཐུབ་མེད་པའི་སྐྱོན་བརྗོད་བྱས་ཡོད།

འདས་པའི་ལོ་ ༡༠ ལྷག་གི་ཨབ་གྷན་དམག་འཁྲུག་ཁྲོད་ཨ་རིའི་དམག་མི་ ༡༨༠༠ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་། འདས་པའི་ཨེ་རག་དང་ཨབ་གྷན་དམག་འཁྲུག་ཐད་ཨ་རིའི་གཞུང་གིས་འགྲོ་གྲོན་ཨ་སྒོར་ཐེར་ཆེན་ ༡།༣ ཙམ་བཏང་ཡོད་པ་དེ་ནི། ཨ་རིའི་དཔལ་འབྱོར་ཉམ་ཉེས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཆགས་ཡོད་སྟབས། ཉེ་དུས་ཨ་རིའི་མང་ཚོགས་ཁྲོད་བསམ་ཚུལ་བསྡུ་ལེན་བྱས་པར་མང་ཚོགས་བརྒྱ་ཆ་ ༦༠ ཡིས་ཨབ་གྷན་ནང་ཨ་རིའི་ཐེ་ཇུས་ལ་ངོ་རྒོལ་བྱས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

སྐར་མ ༥༨ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨

མཆན། 2

  1. བདུད་རྡོ། says:
    ལོ་ 14 སྔོན།

    ས་ཕྱོགས་ཀུན་ཏུ་དམག་འཁྲུགས་དང་ནད་ཡམ་མེད་པར་སྨོན།

    Reply
  2. ཐོ་རེངས། says:
    ལོ་ 14 སྔོན།

    མི་སུ་ཞིག་གི་བྱ་ཡག་པོ་ཞིག་སྒྲུབ་ན་དེ་ནི་རང་གི་སྙན་གྲགས་ཀྱི་ཆེད་དུ་ངོས་འཛིན་པ་དང་། བྱ་མི་ལེགས་པ་ཞིག་སྒྲུབ་ན་དེ་ལ་ལྷན་པོ་ཡག་པོ་ཞིག་རྒྱབ་དེ། དགོས་པ་དང་དགོང་གཞི་ཡོད་མདོག་བྱེད་རྒྱུ་འདི་ནི། བོད་པ་ཚང་གི་ཚབ་སྲིད་ཀྱི་ལྟ་བ་ཡིན་པ་འདྲ།
    ད་ཐང་སྲིད་འཛིན་ཨོ་བྷ་མ་ནས་ཨབ་གྷན་གྱི་དམག་འཁྲུགས་མཚམས་འཇོག་བྱེད་རྒྱུར་ཐག་བཅད་པ་འདི་ནི་དངོས་གནས་ཡག་པོ་རེད།
    བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese