ད་ནངས་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུཊ་ཐོག་ངྷ་སའི་སེར་སྐྱ་མང་ཚོཊ་བརྒྱ་ཕྲག་གིས་བསོད་ནམས་དར་རྒྱས་ལགས་ཀྱི་ཆེད་དགོངས་རྫོགས་མཆོད་འབུལ་ཞུས་འདུག
ངྷ་སར་གནས་སྡོད་མདོ་སྨད་རེབ་གོང་མི་དམངས་ཀྱི་གོ་སྒྲིག་འོག དེ་རིང་ཕྱི་ཚེས་ ༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རོང་ཆེན་བསྟན་པའི་སྒྲོན་མེ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་ངྷ་སའི་ཉེ་འཁོར་དགོན་སྡེ་ཁག་གི་གྲྭ་བཙུན་རྣམ་པ། ས་གནས་མང་ཚོགས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་བྱས་ཏེ། ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་མདོ་སྨད་རེབ་གོང་དུ་རང་ལུས་མེར་བསྲེགས་བཏང་སྟེ། འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་ལགས་ཀྱི་ཆེད་དགོངས་རྫོགས་མཆོད་འབུལ་རྒྱས་པ་ཞིག་གནང་ཡོད།
མཆོད་འབུལ་སྨོན་ལམ་གོ་སྒྲིག་པ་ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་ལགས་ཀྱིས་བརྗོད་དོན་ལྟར་ན། དགོངས་རྫོགས་མཆོད་འབུལ་གོ་སྒྲིག་བྱེད་དགོས་དོན་ནི་རྒྱལ་གཅེས་པ་བསོད་ནམས་དར་རྒྱས་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་བ་དེར། སེམས་གཏིང་ནས་མྱ་ངན་གུས་འདུད་དང་ཡི་རངས་བསྔགས་བརྗོད་མཚོན་ཆེད་ཡིན་འདུག་ལ། བསོད་ནམས་དར་རྒྱས་ལགས་ཀྱི་མྱ་ངན་དགོངས་རྫོགས་ཉིན་མོ་འདིར། དམ་པ་ཁོང་གི་སྐྱེས་ཡུལ་རེབ་གོང་ཤ་བྲང་སྡེ་བ་དང་། རེབ་གོང་རོང་བོ་དགོན་ཆེན་སོགས་ས་གནས་དགོན་གྲོང་གཉིས་ཀྱིས་ཀྱང་བསྔོ་སྨོན་མཆོད་འབུལ་གནང་བཞིན་ཡོད་འདུག
གསར་འགོད་པས་རྡོ་རྗེ་དབང་ཕྱུག་ལགས་སུ་རང་ལུས་མེར་བསྲེགས་གཏོང་མཁན་ཚོར་མཆོད་འབུལ་སྨོན་ལམ་མ་གཏོགས་རྒྱབ་སྐྱོར་གནང་སྟངས་གཞན་པ་ཡོད་མེད་དྲིས་པར། “ རང་ལུས་མེར་བསྲེགས་གཏོང་མཁན་ཚོས་བོད་རྒྱལ་ཁབ་དང་མི་རིགས་ཆེད་བློས་གཏོང་ཆེན་པོ་ཞིག་བྱས་ཡོད་པ་རེད། གནས་སྟངས་དེའི་ཐོག་བཙན་བྱོལ་གཞུང་མང་གཉིས་ཀྱིས་གྲོངས་ཚར་བ་དག་ལ་བསྔོ་སྨོན་མཆོད་འབུལ་གནང་ཡོད་ལ། གྲོངས་མེད་པ་དག་ལ་རྣམ་པ་འདྲ་མིན་ཐོག་གང་ཐུབ་ཀྱིས་རྒྱབ་སྐྱོར་གནང་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ ” ཅེས་བརྗོད་ཡོད།
རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་ལགས་ནི་མདོ་སྨད་རེབ་གོང་ཤ་བྲང་སྡེ་བའི་བོན་རྒྱ་ཚོ་བ་ནས་ཡིན་ཞིང་། ད་ལྟ་རང་ལོ་༤༤ ཡིན་ལ་ཕ་མིང་ལ་ཤ་མོ་(ཚེ་འདས)ལགས་དང་། མ་མིང་ལ་ལྕགས་མོ་རྒྱལ་ལོ་ན་ ༧༨ ཙམ་ཡིན་འདུག ཁོང་གི་སྐྱེས་དམན་གྱི་མིང་ལ་སྒྲོལ་དཀར་སྐྱིད་ཟེར་ཞིང་། ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་བཅས་ཡོད་འདུག
ས་གནས་ཀྱིས་གནས་སྟངས་ས་རྒྱུན་དང་འབྲེལ་ཡོད་ཆེ་མཐོའི་མི་སྣས་འཁུར་ལེན་དགོས་ང་ཚོའི་ཕྲག་ཏུ་བབས་པའི་ལས་འགན་རེད། ས་གནས་གཞན་གྱི་རྒྱུན་ལས་དང་ཆེ་མཐོའི་མི་སྣ་རྣམས་ཀྱི་ཡང་དགོངས་པ་འདི་ལྟར་བཞེས་རོགས།
ཀིརྟི་རིན་པོ་ཆེ་ལ་བཀྲིན་བླ་མེད་དུ་ཆེ་ཞུ།།
འདས་གསོན་གཉིས་ཀྱི་ལས་སྨོན་རྣམ་དག་གི་མཐུས་བསོད་ནམས་དགེ་བའི་སྟོབས་ཡོངས་སུ་རྫོགས་པར་སྨོན།
ས་གནས་ཁག་སོ་སོ་ནས་སོ་སོའི་སྐུ་གཤེགས་དཔའ་བོ་ཚོར་དགོངས་རྫོགས་མཆོད་འབུལ་གནང་རྒྱུ་དང་གཞུང་དང་ཚོགས་སྡེ་ཁག་ནས་སྐུ་གཤེགས་དཔའ་བོ་ཚང་མར་དུས་ནས་དུས་སུ་དགོངས་རྫོགས་མཆོད་འབུལ་གནང་གལ་ཆེའོ།